༄༅། །སྐུ་ཚབ་ཡ་གི་བྱ་བ།
སྐུ་ཚབ་ཡ་གིས་བྱས་པའི་ལས་ཀའི་སྐོར་ལ།
༡ རོགས་ཐེ་འོ་ཕི་ལུ། ངས་ཀྱིས་ཁྱོད་ལ་གཉིས་པར་བསྟན་བཅོས་ཤིག་འབྲི་ཅེས་སེམས་བསྐྱེད་ཡོད་མཁན། གདོང་གི་བསྟན་བཅོས་ལ་༼འོ་བསྟན་བཅོས་ཀྱི་མིང་ལུ་ཀྰ་ཡིན་པ།༽ངས་ཀྱིས་ཡེ་ཤུས་ཀྱིས་རང་གི་ལས་ཀ་འགོ་འཛུགས་ཡིན་འཇུག་ཡར་ལ་འཁྱེར་མཁན་ཐུག་ལ་ཅི་ཅི་བྱས་པ། ཅི་ཅི་བསླབས་པ། ཁྱོད་ལ་སྐད་ཆ་མང་པོ་སྒྲ་གསལ་ཏེ་(གསལ་བསྒྲགས་བྱས་ཏེ་)འབྲི་ཟིན་ཏེ་ཡོད་མཁན། (བྲིས་ཏེ་ཡོད་མཁན།) ༢ ཡེ་ཤུ་ཡར་ལ་སྐྱ་མཁན་སྨྲས་ཏེ་གདོང་ལ་(སྐྱ་མཁན་གྱི་གདོང་ལ་ ། སྐྱ་མཁན་གྱི་སྔོན་ལ་)རང་གིས་འདམས་ཏེ་བཞག་པའི་སྐུ་ཚབ་ཡ་ལ་ཁྲིད་སྟེར་ཟིན། དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་(རྣམ་པར་དག་པའི་ཐུགས་ལས་)ཁོང་གིས་ཡེ་ཤུའི་སྐད་ཆ་ཤེས་ཟིན། (ཧ་གོ་ཟིན།) ༣ སྡུག་པོ་ཁྱེར་ཏེ་རྒྱངས་ཤིང་ལ་ཤི་སྟེ་འགབ་ལས་(ཤི་ཤི་བ་ལ་ ། ཤི་སྟེ་རྗེས་ལ་ ། ཤི་བའི་རྗེས་ལ་)ཡེ་ཤུ་ཉི་མ་བཞི་བཅུ་ཐུག་༼ཉི་མ་ཁལ་གཉིས་ཐུག་༽ལན་མང་པོ་ཉེ་གནས་ཡ་མཉམ་པོ་ཐུག་སྟེ་ཁོ་མི་རང་གསོན་པོ་ཡོད་སྨྲས་ཏེ་ཁོང་ལ་མངོན་རྟགས་མང་པོ་སྟོན་ཟིན། ཉེ་གནས་ཡ་གིས་ཡེ་ཤུ་ལ་མཐོང་ཟིན། ཡེ་ཤུས་ཀྱིས་ཁོང་ལ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་སྐོར་ལ་ཤོད་ཟིན།།
༤ དེ་ནས་ཐེངས་མ་གཅིག་ཡེ་ཤུ་ཉེ་གནས་ཡ་མཉམ་པོ་ལྟོ་ཟ་ཅེས་ལ་སྡོད་མཁན་གང་ལ་(སྡོད་པ་དང་)ཡེ་ཤུས་ཀྱིས་ཁོང་ལ། ཁྱེད་ཀྱིས་ཡ་རུ་ཤ་ལེམ་རྒྱལ་ས་ལ་དབྱུགས་མ་བཞག་པ་བྱས་ཏེ་ཨ་ཕས་ཀྱིས་བཞག་པའི་དམ་བཅའ་ལ་བསྒུགས་ཏེ་སྡོད་ཏོང་། འོ་དམ་བཅའི་སྐོར་ལ་ངས་ཀྱིས་ཁྱེད་ལ་གདོང་ལ་ཡང་སྨྲ་ཟིན་ཏེ་ཡོད་མཁན། ༥ ཡུ་ཧ་ནན་གྱིས་ནི་ཆུའི་ཁྲུས་དབང་སྟེར་ཟིན་ཏེ་ཡོད་མཁན། ཡིན་ནས་ཉི་མ་མང་པོ་མ་འགོར་བར་(ཉི་མ་ཁ་ཤས་ཀྱི་རྗེས་ལ་)ཁྱེད་ལ་རྣམ་པར་དག་པའི་ཐུགས་ཀྱི་ཁྲུས་དབང་འབྱོར་མཁན། སྨྲས་ཏེ། ཡེ་ཤུས་ཀྱིས།།
ཡེ་ཤུ་ནམ་མཁའ་ལ་ཕྱིན་པ།
༦ ༼ཡེ་ཤུ་ཉེ་གནས་ཡ་མཉམ་པོ་བེ་ཐན་ཡྰ་སྨྲ་མཁན་གྱི་ཡུལ་གྱི་འགྲམ་གྱི་ཁ་སྐྱུར་པོའི་སྡོང་པོའི་རི་ལ་འགྲོ་ཟིན།༽ དེ་ནས་ཁོང་འཛོམས་ཏེ་སྡོད་མཁན་གང་ལ་(འཛོམས་ཏེ་སྡོད་པ་དང་)ཉེ་གནས་ཡ་གིས་ཡེ་ཤུ་ལ། ཨ་དོན་ལགས། ད་ལྟ་རོ་མ་པའི་རྒྱལ་པོ་ལ་(རོ་མ་པའི་གོང་མ་ལ་)ཡིས་ར་ཨལ་ལུང་པ་ལས་བདས་ཏེ་གཏོང་མཁན་ཡིན་ནམ། དེ་ནས་བདས་ཏེ་བཏང་སྟེ་འགབ་ལས་(དེ་ནས་བདས་ཏེ་བཏང་བཏང་བ་ལ་) ཨ་དོན་རང་ཨལ་ལོ་ཧིམ་གྱིས་བཏང་བའི་རྒྱལ་པོ་འགྲོ་མཁན་ཡིན་ནམ། སྨྲས་ཏེ། ༧ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། འདི་ནི་ངའི་ཨ་ཕས་ཀྱིས་བྱེད་མཁན་གྱི་ལས་ཀ་ཡིན་པ། འདི་ལས་ཀ་ནམ་བྱེད་དགོས་མཁན་སྨྲ་མཁན་དེ་ཨ་ཕ་གཅིག་ལ་རང་རྒྱུས་ཡོད་པ། ཁྱེད་ཀྱིས་ངོ་ཤེས་མི་དགོས་མཁན། ༨ ཡིན་ནས་ཁྱེད་ཀྱི་ཐོག་ལ་ནི་རྣམ་པར་དག་པའི་ཐུགས་འོང་མཁན། དེ་ནས་རྣམ་པར་དག་པའི་ཐུགས་འོངས་ཏེ་འགབ་ལས་(འོངས་འོངས་པ་ལ་ ། འོང་ཟིན་ཏེ་རྗེས་ལ་)ཁྱེད་ལ་དབང་འབྱོར་མཁན། ཡ་རུ་ཤ་ལེམ་རྒྱལ་ས་ལ། ཡ་ཧུ་དྰ་མངའ་སྡེ་དང་ས་མར་ཡྰ་ས་གནས་ལ། དེ་ནས་ས་གཞིའི་རྒྱ་གང་པོ་ལ་ཁྱེད་ཀྱིས་ངའི་དཔང་པོ་འགྲོ་མཁན། སྨྲས་ཏེ། ཡེ་ཤུས་ཀྱིས། ༩ ཡེ་ཤུས་ཀྱིས་འདི་སྨྲ་ཟིན་པ་དང་ཉེ་གནས་ཡ་གིས་ལྟ་མཁན་གང་ལ་(ལྟ་བ་དང་)ཡེ་ཤུ་གནམ་ལ་ཡར་ལ་སྐྱ་ཟིན། དེ་ནས་རྨུགས་པས་ཡེ་ཤུ་ལ་ཡིབ་འཐུམ་ཟིན། དེ་ནས་ཁོང་གིས་ཡེ་ཤུ་ལ་གཉིས་པར་མཐོང་མ་ཁུགས།
༡༠ ཡེ་ཤུ་འགྲོ་མཁན་འགྲོ་མཁན་གང་ལ་(འགྲོ་བ་དང་)ཁོང་གིས་གནམ་ལ་བལྟས་ཏེ་སྡོད་མཁན་གང་ལ་(གནམ་ལ་བལྟས་ཏེ་སྡོད་པ་དང་)བཀབ་ཆ་དཀར་པོ་གྱོན་པའི་མི་གཉིས་ཁོང་གི་འགྲམ་ལ་(ཁོང་གི་མདུན་ལ་)ཕོག་ཐོན་འོངས་ཏེ་ཁོང་ལ། ༡༡ ག་ལིལ་པ་ཡ། ཁྱེད་ཅི་ལས་ལངས་ཏེ་གནམ་ལ་བལྟས་ཏེ་སྡོད་མཁན། ཡེ་ཤུ་ལ་ཁྱེད་ཀྱི་དཀྱིལ་ལས་ནམ་མཁའ་ལ་འཁྱེར་ཟིན། ག་འདྲ་བྱས་ཏེ་ཁྱེད་ཀྱིས་ཁོ་ལ་ནམ་མཁའ་ལ་ཕྱིན་པ་མཐོང་བ། འོ་ཅོག་འདྲ་བྱས་ཏེ་(འོ་འདྲ་བྱས་ཏེ་)ཁོ་ལོག་འོང་མཁན། སྨྲས་ཏེ། བཀབ་ཆ་དཀར་པོ་གྱོན་པའི་མི་གཉིས་ཀྱིས།།
ཀར་ཡོད་པ་ཡུ་དྰའི་ཚབ་ལ་ཉེ་གནས་གཞན་པ་ལ་འདམས་པ།
༡༢ དེ་ནས་ཉེ་གནས་ཡ་ཁ་སྐྱུར་པོའི་སྡོང་པོའི་རི་ལས་ཡ་རུ་ཤ་ལེམ་ལ་ལོག་འགྲོ་ཟིན། འོ་རི་ལས་ཡ་རུ་ཤ་ལེམ་ཐུག་སླེབ་ཅེས་ལ་ངལ་གསོ་མཁན་གྱི་ཉི་མ་གཅིག་ཙམ་ཅོག་འདྲ་ཐག་རིང་པོ་ཡོད་མཁན། ༡༣ དེ་ནས་ཡ་རུ་ཤ་ལེམ་ལ་སླེབས་ཏེ་ཁོང་རང་སྡོད་སའི་ཐོག་མའི་ཁྱིམ་ལ་འགྲོ་ཟིན། ཁོང་མི་སྣ་བཅུ་གཅིག་(ཁོང་མི་བཅུ་གཅིག་)ཡོད་མཁན། པེ་ཏྲོ། ཡུ་ཧ་ནན། ཡ་ཀོ་བོས། ཨན་དྲེ་ཡྰ། ཕི་ལིབ། ཐོ་མྰ། བར་ཐོལ་མྰ། མད་ཐྰ། ཨལ་ཕྰའི་བུ་ཡ་ཀོ་བོས། བརྩོན་འགྲུས་པ་སྨྲ་མཁན་གྱི་སི་མོན་དང་ཡ་ཀོ་བོས་ཀྱི་བུ་ཡུ་དྰ་ཡོད་མཁན། ༡༤ ཁོང་གང་པོ་འཛོམས་ཏེ་སེམས་པ་གཅིག་པ་བྱས་ཏེ་(སེམས་གཅིག་གྲིག་སྟེ་)གསོལ་བ་བཏབ་དང་གསོལ་བ་ཞུས་ཏེ་སྡོད་ཀོ་ཡོད་མཁན། ཡེ་ཤུ་ལ་མོས་པ་(ཡིད་ཆེས་)བྱེད་མཁན་གྱི་བུད་མེད་ཡ་དང་ཡེ་ཤུའི་ཨ་མ་མིར་ཡམ། ཡེ་ཤུའི་འོག་མ་ཡ་ཡང་(ནོ་ཡ་ཡང་)ཁོང་མཉམ་པོ་འཛོམ་གོ་ཡོད་མཁན།།
༡༥ འོ་ཉི་མ་ཡ་ལ་ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་ནི་བརྒྱ་དང་ཉི་ཤུ་ཙམ་༼ཁལ་དྲུག་ཙམ་༽འཛོམས་ཏེ་བསྡད་དེ་ཡོད་མཁན། དེ་ནས་པེ་ཏྲོ་ཁོང་གི་བར་དཀྱིལ་ལ་ལངས་ཏེ་ཁོང་ལ། ༡༦ ཨ་པོ་འོག་མ་ཡ་ཉན་དོང་། (ཨ་ད་ནོ་ཡ་ཉན་དོང་།) གསུང་རབ་དེ་ལ་༼ཡ་ཧུ་དྰ་པའི་གསུང་རབ་ལ་༽རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་(རྣམ་པར་དག་པའི་ཐུགས་ལས་)རྒྱལ་པོ་ད་བིད་ཀྱིས་ཡུ་དྰའི་སྐོར་ལ་གདོང་ལ་རང་(སྔོན་ལ་རང་)མངོན་ཤེས་བཤད་དེ་སྐད་ཆ་སྨྲ་ཟིན་ཏེ་ཡོད་མཁན། འདི་སྐད་ཆ་འགྲུབ་རང་དགོས་མཁན། དེ་ནས་འགྲུབ་ཀྱང་འགྲུབ་ཟིན། ཡུ་དྰས་ཀྱིས་མ་དག་པའི་ལས་ཀ་བྱེད་ཟིན་པ་དང་ཡེ་ཤུ་ལ་འཛིན་མཁན་གྱི་མི་ཡ་ལ་རོགས་བྱེད་ཟིན། ༡༧ ཡུ་དྰ་འོ་རང་ཅོག་འདྲ་ཉེ་གནས་བཅུ་གཉིས་ཀྱི་ནང་ལ་མི་སྣ་གཅིག་(མི་གཅིག་)ཡིན་མཁན། འོ་རང་མཉམ་པོ་ཨ་དོན་གྱི་ལས་ཀ་བྱེད་ཅེས་ལ་ཁོ་ལ་ཡང་འདམ་ཟིན། ༡༨ དེ་ནས་ཁོས་ཀྱིས་མ་དག་པའི་ལས་ཀ་བྱས་ཏེ་བླངས་པའི་ཊང་ཀས་ཞིང་གཅིག་ཉོ་ཟིན། དེ་ནས་ཁོ་མགོ་ཐུར་ལ་བསྟན་ཏེ་བརྡིབས་ཏེ་ཕོ་བ་ཕོང་ཟིན་པ་དང་རྒྱུ་མ་ཡ་འཐོན་ཟིན། ༡༩ འདི་སྐད་ཆ་ནི་ཡ་རུ་ཤ་ལེམ་ལ་སྡོད་མཁན་གྱི་མི་གང་པོས་ཧ་གོ་ཟིན། དེ་ནས་ཁོང་གིས་འོ་ཞིང་གི་མིང་ལ་ཁོང་རང་གི་སྐད་ལ་(ཁོང་རང་གི་སྐད་རིགས་ཅོག་འདྲ་)ཨ་ཀེལ་ད་མྰ་སྨྲས་ཏེ་འཇོག་ཟིན། (སྨྲས་ཏེ་འདོགས་ཟིན།) ཨ་ཀེལ་ད་མྰ་སྨྲ་མཁན་དེ་ཁྲག་གི་ཞིང་སྨྲས་པ་ཡིན་མཁན། ༢༠ ད་ཡ་ཧུ་དྰ་པའི་གསུང་མགུར་ལ་ཡུ་དྰའི་སྐོར་ལ་འདི་ཅོག་འདྲ་བྲིས་ཡོད་མཁན། (འདི་འདྲ་སྨྲས་ཏེ་བྲིས་ཡོད་མཁན།)
ཁོའི་ཁྱིམ་སྟོང་པ་སྐྱེ་རེ་འགྲོ་འཇུག འོ་ཁྱིམ་ལ་སུ་ཡང་མ་སྡོད་འཇུག །
གཉིས་པར།
ཁོས་ཀྱིས་བྱེད་མཁན་གྱི་ལས་ཀ་མི་གཞན་པས་ལེན་འཇུག །
སྨྲས་ཏེ་བྲིས་ཡོད་མཁན། ༢༡-༢༢ འོ་སོང་བས། ཡེ་ཤུ་ཤི་བ་ལས་གསོན་པོར་ལངས་པའི་དཔང་པོ་འགྲོ་ཅེས་ཀྱི་ཆེད་དུ། ད་འོ་རང་གི་ནང་ལས་མི་གཅིག་ལ་འདམ་དགོས་མཁན། འོ་མི་དེ་འོ་འདྲ་འོང་དགོས་མཁན། ཡུ་ཧ་ནན་གྱིས་ཡེ་ཤུ་ལ་ཁྲུས་དབང་བསྟེར་བའི་དུས་ཚོད་ལས་ཡེ་ཤུ་ལ་ཡར་ལ་ཁྱེར་བའི་ཉི་མ་ཐུག་ཁོ་འོ་རང་མཉམ་པོ་བསྡད་པ་འོང་དགོས་མཁན། ཨ་དོན་ཡེ་ཤུ་འོ་རང་མཉམ་པོ་ཞུགས་ཏེ་ཕྱི་ནང་བྱེད་མཁན་གང་ལ་(ཕྱི་ནང་བྱེད་པ་དང་)ཁོ་འོ་རང་མཉམ་པོ་ཡོད་པ་འོང་དགོས་མཁན། སྨྲས་ཏེ། པེ་ཏྲོས་ཀྱིས།
༢༣ འདི་སྐད་ཆ་ཐོས་ཏེ་འགབ་ལས་(འདི་སྐད་ཆ་ཐོས་ཐོས་པ་ལ་ ། འདི་སྐད་ཆ་ཐོས་ཏེ་ལས་)འོ་ལ་འཛོམས་པའི་མི་ཡ་གིས་གྲོས་བརྒྱབ་སྟེ་མི་སྣ་གཉིས་ལ་(མི་གཉིས་ལ་)འདམ་ཟིན། མི་སྣ་གཅིག་གི་མིང་ཡོ་སེབ་བར་ས་བའམ་ཡིན་མཁན། ཁོ་ལ་ཡུས་ཏུ་ཡང་སྨྲ་མཁན། གཞན་པ་དེ་གི་མིང་མད་ཐི་ཡྰ་ཡིན་མཁན། ༢༤ དེ་ནས་ཁོང་གིས་འོ་ཅོག་འདྲ་སྨྲས་ཏེ་(འོ་འདྲ་སྨྲས་ཏེ་)གསོལ་བ་བཏབ་སྟེ་ཡ་ཝྰེ་ལ། མི་གང་པོའི་སེམས་ལ་ཡོད་མཁན་གྱི་སྐད་ཆ་ནི་ངོ་ཤེས་མཁན་(ཧ་གོ་མཁན་)ཡ་ཝྰེ། འདི་གཉིས་ཀྱི་ནང་ལས་ཁྱོད་ཀྱིས་གང་དྲ་ལ་འདམས་པ་ཡིན་མཁན་ངེད་ལ་སྟོན་དོང་། ༢༥ གང་དྲས་སྐུ་ཚབ་ཀྱི་ལས་ཀ་ལ་ཞུགས་ཏེ་ཞབས་ཕྱི་ཞུ་ཁུག་མཁན། འོ་དེ་ལ་རང་འདམ་དོང་། ཅི་ལས་སྨྲ་ན་ཡུ་དྰས་ཀྱིས་འདི་ལས་ཀ་ལ་དབྱུགས་བཞག་སྟེ་ཁོ་རང་འགྲོ་དགོས་མཁན་གྱི་རྒྱ་ལ་འགྲོ་ཟིན། སྨྲས་ཏེ། ཁོང་གིས་གསོལ་བ་བཏབ་སྟེ། ༢༦ དེ་ནས་ཨལ་ལོ་ཧིམ་ལ་འདི་ཅོག་འདྲ་གསོལ་བ་འདེབས་ཟིན་པ་དང་ཁོང་གིས་འོ་མི་གཉིས་ཀྱི་བར་དཀྱིལ་ལ་རྒྱན་རྒྱབ་ཟིན། དེ་ནས་རྒྱན་རྒྱབ་མཁན་གང་ལ་(དེ་ནས་རྒྱན་རྒྱབ་པ་དང་)མད་ཐི་ཡྰའི་མིང་ལ་ཐོབ་ཟིན། དེ་ནས་ཁོ་ནི་སྐུ་ཚབ་བཅུ་གཅིག་གི་ཐོག་ལ་ཁན་འབོག་ཟིན།། །།