མད་ཐྰ་ལེའུ་གསུམ་པ།

ཡུ་ཧ་ནན་གྱིས་མི་ཡ་ལ་ལོན་བཟང་བཤད་པ།

 འོ་ཙམ་གང་ལ་ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱིས་ཡ་ཧུ་དྰ་ལུང་པའི་རི་སྐམ་པོ་ལ་ཕྱིན་ཏེ་མི་ཡ་ལ་འདི་ཅོག་འདྲ་སྨྲས་ཏེ་ཤོད་ཅེས་འཛུགས་ཟིན། ༢ བཤགས་པ་བྱས་ཏེ་ངོ་ལོག་སྤོང་དོང་། ད་ནི་ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་ལ་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན་ཏེ་ཡོད། ༼ད་ནི་ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན་ཏེ་ཡོད།༽ སྨྲས་ཏེ་ཡུ་ཧ་ནན་གྱིས་ཤོད་ཟིན།། 

 འོ་ཡུ་ཧ་ནན་གྱི་དོན་དག་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཨི་སི་ཡས་འདི་སྐད་ཆ་སྔོན་ནས་ཤེས་ཏེ་སྨྲས་བཞག་སྟེ་ཡོད་མཁན།

ལྟོས་ཨ། རི་སྐམ་པོ་ལ་མི་སྣ་གཅིག་གིས་(མི་གཅིག་གིས་)འབོད་སྒྲ་བཏོན་ཏེ་སྨྲ་འོ་ནུ།། 

ཡ་ཝྰེའི་འོང་མཁན་གྱི་ལམ་སེལ་དོང་།།

ཡ་ཝྰེ་འོང་ཅེས་ཡོད། ལམ་ཀྱོག་པོ་ཡ་ཐད་ཀ་བཟོ་དོང་།། 

སྨྲས་ཏེ་ཨི་སི་ཡས་སྔོན་ནས་ཤེས་ཏེ་བྲིས་བཞག་སྟེ་ཡོད་མཁན།། ༼ཡུ་ཧ་ནན་རི་སྐམ་པོ་ལ་ཕྱིན་ཏེ་ཤོད་མཁན་གང་ལ་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།༽

 ཡུ་ཧ་ནན་གྱིས་རྔ་མོང་གི་སྤུས་བཏགས་པའི་བཀབ་ཆ་གྱོན་གོ་ཡོད་མཁན། རྐེད་པ་ལ་ཀོ་བའི་སྐ་རགས་འཆིང་གོ་ཡོད་མཁན། ལྟོའི་ཚབ་ལ་ཆ་ག་བ་དང་སྦྲང་རྩི་ཟ་འོ་ཡོད་མཁན། ༥ དེ་ནས་ཕྱོགས་བཞི་ཀ་ལས་མི་ཡ་འཛོམ་ཟིན། ཡ་རུ་ཤ་ལེམ་རྒྱལ་སའི་མི། ཡ་ཧུ་དྰ་ལུང་པའི་མི། ཡོར་དན་གཙང་པོའི་རྩར་ཟུར་གྱི་མི། ༦ མི་ཡ་གིས་རང་རང་གི་བྱས་པའི་ངོ་ལོག་ཡུ་ཧ་ནན་ལ་ཤོད་ཟིན། དེ་ནས་ཡུ་ཧ་ནན་གྱིས་ཁོང་ལ་ཡོར་དན་གཙང་པོ་ལ་ཁྲུས་གསོལ་སྟེར་ཟིན།། 

 ཡིན་ནས་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་དང་༼ཤི་སྟེ་ལས་འགབ་ཤོས་ཀྱི་དུས་ཚོད་ལ་སུ་ཡང་གསོན་པོར་ལང་ཅེས་མེད་སྨྲ་མཁན་གྱི་༽སད་དུ་ཀི་མང་པོས་ཀྱང་ཁྲུས་གསོལ་ལེན་ཅེས་སྨྲས་ཏེ་ཡུ་ཧ་ནན་གྱི་རྩར་ལ་འོང་ཟིན། ཁོང་ལ་མཐོང་སྟེ་ཡུ་ཧ་ནན་གྱིས་སྨྲ་ཟིན། ཨེ་སྦྲུལ་གྱི་བརྒྱུད་པ་ཡ། ཨལ་ལོ་ཧིམ་གྱིས་གཏོང་མཁན་གྱི་ཁྲིམས་ལས་ཐར་ཁུག་མཁན་སྨྲས་ཏེ་ཁྱེད་ལ་སུས་བསླབས་པ། ༨ སེམས་དྲང་བདེན་གྱིས་བཤགས་པ་བྱས་ཏེ་ངོ་ལོག་སྤོང་མཁན་ཡིན་ན་ཁྱེད་ཀྱིས་འོ་འགྲོ་ལུགས་སྡོད་ལུགས་བྱེད་ཏོང་། ༩ ངེད་ནི་ཨབ་ར་ཧམ་གྱི་རྩ་བ་ཡིན། འོ་སོང་བས་ངེད་ནི་ཐར་མཁན་སྨྲས་ཏེ་རང་གི་སེམས་ལ་མ་གནས། ངས་ཁྱེད་ལ་ཤོད་མཁན། འདི་རྡོ་ཡ་ལས་ཀྱང་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་གྱི་རྩ་བ་ཡ་བཞེང་ཐུབ་མཁན། 

༡༠ ད་ལྟ་སྟ་རི་སྡོང་པོའི་ཞབས་ལ་རྒྱབ་ཟིན་ཏེ་ཡོད། ཤིང་ཐོག་ཡག་པོ་མི་འོང་མཁན་གྱི་སྡོང་པོ་གང་ཡོད་མཁན་དེ་གཏུབས་ཏེ་མེ་ལ་སྐྱུར་ཅེས་ཡོད། ༡༡ ཁྱེད་ཀྱིས་བཤགས་པ་བྱས་ཏེ་ངོ་ལོག་སྤོང་འཇུག་སྨྲས་ཏེ་ངས་ཁྱེད་ལ་ཁྲུས་གསོལ་སྟེར་ཀོ་ཡོད། ཡིན་ནས་ངའི་འགབ་ལས་འོང་མཁན་དེ་ནི་ང་ལ་ལས་དབང་ཆེན་བ་ཐོབ་སྟེ་འོང་ཅེས་ཡོད། ང་ནི་ཁོའི་ལྷམ་(ལ་ཀམ་)འཁྱེར་ཅེས་ཀྱང་མི་གཤའ་མཁན། ཁོས་ཁྱེད་ལ་རྣམ་པར་དག་པའི་ཐུགས་ཀྱི་ཁྲུས་གསོལ་སྟེར་ཅེས་ཡོད། དེ་ནས་ཁྲིམས་ལྟ་མཁན་གྱི་མེའི་ཁྲུས་གསོལ་ཡང་སྟེར་ཅེས་ཡོད། ༡༢ འབྲུ་འཕྱར་ཅེས་ལ་ཁོའི་ལག་པ་ལ་ལོ་མ་བླངས་ཏེ་ཡོད། འབྲུ་ཕྱར་ཏེ་འབྲུ་རིགས་མཛོད་ལ་འཇོག་ཅེས་ཡོད། སྦུན་པ་དེ་ནམ་ཡང་མི་འཆི་མཁན་གྱི་མེ་ལ་འཚིགས་འཇུག་ཅེས་ཡོད། སྨྲས་ཏེ་ཡུ་ཧ་ནན་གྱིས་ཕ་རི་སི་དང་སད་དུ་ཀི་སྨྲ་མཁན་གྱི་མི་ཡ་ལ་སྨྲ་ཟིན།། 

ཡེ་ཤུས་ཁྲུས་གསོལ་བླངས་པ།

༡༣ འོ་ཙམ་གང་ལ་ཡེ་ཤུ་ག་ལིལ་ལུང་པ་ལས་ཡོར་དན་གཙང་པོ་ལ་ཡུ་ཧ་ནན་གྱི་རྩར་ལ་ཁྲུས་གསོལ་ལེན་ཅེས་ལ་འོང་ཟིན། ༡༤ དེ་ནས་ཡུ་ཧ་ནན་གྱིས་ཡེ་ཤུ་ལ་འགེགས་ཅེས་བཙོལ་ཏེ་སྨྲ་ཟིན། ངས་ནི་མིན་པ། རང་གིས་ང་ལ་ཁྲུས་གསོལ་སྟེར་དགོས་ཅེས་སྲིད། ཡིན་ནས་ད་རང་ངའི་རྩར་ལ་འོང་ཟིན། སྨྲས་ཏེ་སྨྲ་ཟིན། ༡༥ ཡིན་ནས་ཡེ་ཤུས་ཁོ་ལ་སྨྲ་ཟིན། ད་ལྟ་འདི་ཅོག་འདྲ་འགྲོ་འཇུག །དྲང་བདེན་གང་པོ་དོན་དག་འགྲུབ་འཇུག་ཅེས་ལ་འོ་རང་གིས་ད་འདི་ཅོག་འདྲ་བྱེད་དགོས་མཁན། དེ་ནས་ཡུ་ཧ་ནན་གྱིས་ཉན་ཏེ་ཡེ་ཤུ་ལ་གཙང་པོ་ལ་ཁྲུས་གསོལ་སྟེར་ཟིན། 

༡༦ ཁྲུས་གསོལ་བླངས་ཚར་ཏེ་འགབ་ལས་ཡེ་ཤུ་ཆུ་ལས་འཐོན་ཟིན། འོ་ཙམ་ལ་གནམ་ཁ་འབྱེད་ཟིན། དེ་ནས་ཡེ་ཤུས་ཨལ་ལོ་ཧིམ་གྱི་རྣམ་པར་དག་པའི་ཐུགས་ཕུག་རོན་ཅོག་འདྲ་བྱས་ཏེ་རང་གི་ཐོག་ལ་འོངས་པ་མཐོང་ཟིན། ༡༧ དེ་ནས་གནམ་ལས་མར་སྐད་ཅིག་གིས། 

འདི་ངའི་བྱམས་པ་བྱས་པའི་བུ་ཡིན་པ།།

ཁོ་ལ་མཐོང་སྟེ་ངའི་སེམས་དགའ་བ་འོང་མཁན།།

སྨྲས་ཏེ་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.