སྐུ་ཚབ་ཡ་གི་བྱ་བ་ལེའུ་བཅུ་པ།

ཨལ་ལོ་ཧིམ་གྱིས་ཀོར་ནེ་ལིའུ་དང་པེ་ཏྲོ་ལ་བསླབས་པ།

 ཀེ་སར་ཡྰ་རྒྱལ་ས་ལ་ཀོར་ནེ་ལིའུ་མིང་འཐོགས་པའི་མི་སྣ་གཅིག་སྡོད་ཀོ་ཡོད་མཁན། ཁོ་རོ་མ་པ་དམག་མིའི་ཨི་ཏ་ལི་སྨྲ་མཁན་གྱི་ཚོགས་ཀྱི་བརྒྱ་དཔོན་ཡིན་མཁན། ༢ ཁོ་དང་ཁོའི་མེ་མེ་གང་པོས་ཨལ་ལོ་ཧིམ་ལ་མོས་པ་བྱས་ཏེ་ཨལ་ལོ་ཧིམ་གྱི་འཇིགས་པ་ཁུར་ཏེ་སྡོད་ཀོ་ཡོད་མཁན། ཀོར་ནེ་ལིའུས་སྤྲང་པོའི་མི་ལ་རོགས་བྱེད་ཀོ་ཡོད་མཁན། དེ་ནས་རྟག་པར་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཀོ་ཡོད་མཁན།། 

 ཉི་མ་གཅིག་དགོང་སྲོད་ཆུ་ཚོད་གསུམ་པ་ལས་ཕར་(ཆུ་ཚོད་གསུམ་ཙམ་ལ་)ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གཅིག་གིས་ཀོར་ནེ་ལིའུ་ལ་ཐོན་འོང་ཟིན། (ཀོར་ནེ་ལིའུ་ལ་མཇལ་ཁ་གནང་ཟིན།) ཅི་ཕྱིན་ནུ་སྨྲ་ན། ཀོར་ནེ་ལིའུས་ལོན་སྐྱེལ་མཁན་གཅིག་རང་སྡོད་པའི་ས་ཆ་ལ་འོང་མཁན་མཐོང་ཟིན། དེ་ནས་ལོན་སྐྱེལ་མཁན་གྱིས། ཨེ་ཀོར་ནེ་ལིའུ། སྨྲས་ཏེ་སྨྲ་ཟིན། ༤ ཀོར་ནེ་ལིའུ་འཇིགས་ཏེ་ལོན་སྐྱེལ་མཁན་ལ་ཅེ་རེ་བྱས་ཏེ་བལྟས་ཏེ། སྨྲ་དོང་གཙོ་ལགས། སྨྲས་ཏེ་སྨྲ་ཟིན། དེ་ནས་ལོན་སྐྱེལ་མཁན་གྱིས་སྨྲ་ཟིན། ཁྱོད་ཀྱི་གསོལ་བ་བཏབ་པ་དང་སྤྲང་པོའི་མི་ལ་རོགས་བྱས་པ་དེ་ལ་ཨལ་ལོ་ཧིམ་གྱིས་མཐོང་ཟིན། ༥ ད་ཁྱོད་ཀྱིས་ཡོ་ཕ་གྲོང་གསེབ་ལ་འོངས་པའི་སི་མོན་པེ་ཏྲོ་ལ་སྐད་རྒྱབ་གཏོང་དོང་། ༦ ཁོ་ཀོ་བ་མཉེད་མཁན་གྱི་སི་མོན་གྱི་ཁང་པ་ལ་བསྡད་དེ་ཡོད་པ། འོ་ཁང་པ་རྒྱ་མཚོའི་ཟུར་ལ་ཡོད་པ། ཁོས་ཁྱོད་ལ་ཅི་བྱེད་དགོས་མཁན་གྱི་སྐད་ཆ་ཤོད་ཅེས་ཡོད། སྨྲས་ཏེ་ལོན་སྐྱེལ་མཁན་གྱིས་ཀོར་ནེ་ལིའུ་ལ་སྨྲ་ཟིན། ༧ ལོན་སྐྱེལ་མཁན་ཕྱིན་ཏེ་འགབ་ལས་ཀོར་ནེ་ལིའུས་རང་གི་རྩར་ལ་ལས་ཀ་བྱེད་མཁན་གྱི་མི་སྣ་གཉིས་དང་དམག་མི་གཅིག་ལ་སྐད་རྒྱབ་ཟིན། འོ་དམག་མི་དེ་རྟག་པར་ཀོར་ནེ་ལིའུ་ལ་ཞབས་ཏོག་ཞུ་འོ་ཡོད་མཁན། ཁོ་ཡང་གུས་པ་བྱེད་མཁན་གྱི་མི་ཡིན་མཁན། ༨ དེ་ནས་ཀོར་ནེ་ལིའུས་རང་གི་མཐོང་སྣང་གང་པོ་(རང་གི་མཐོང་བའི་མཇལ་ཁ་གང་པོ་)ཤོད་ཟིན་པ་དང་(ཤོད་ཟིན་ཏེ་)ཁོང་གསུམ་ལ་ཡོ་ཕ་གྲོང་གསེབ་ལ་གཏོང་ཟིན།།

 ཉི་མ་རྗེས་མ་ལྟོ་ཟ་ལས་ཕར་ཁོང་ཡོ་ཕ་གྲོང་གསེབ་ཀྱི་འགྲམ་ལ་སླེབ་ཟིན། ཆུ་ཚོད་བཅུ་གཉིས་པ་ལས་ཕར་པེ་ཏྲོ་གསོལ་བ་འདེབས་ཅེས་སྨྲས་ཏེ་ཁང་པའི་ཐོག་ལ་འགྲོ་ཟིན། ༡༠ གསོལ་བ་འདེབས་འདེབས་པ་གང་ལ་ཁོ་གྲོད་པ་ལྟོགས་ཟིན། ཅི་ཡང་ཟ་ཅེས་འབྱོར་ན་ཟ་ཅེས་ཀྱི་སེམས་སྐྱེ་ཟིན། ཡིན་ནས་འོ་ཙམ་ལ་ལྟོ་ནི་བཙོས་ཏེ་མེད་པ་ཡོད་མཁན། དེ་ནས་ཁང་པའི་མིས་ལྟོ་གཡོས་གཡོས་ལ་པེ་ཏྲོས་ཧ་ལས་མཁན་གྱི་རྫས་ཤིག་མཐོང་ཟིན། ༡༡ གནམ་ཁ་ཕྱེ་སྟེ་གནམ་ལས་མར་གྱི་རས་ཆ་ཆེན་པོ་ཞིག་ཟུར་བཞི་ལ་བཟུང་བ་ཅོག་འདྲ་བྱས་ཏེ་ཁོ་ངོས་ལས་རྡིབས་ཏེ་འོང་མཁན་མཐོང་ཟིན། ༡༢ འོའི་ནང་ལ་སྣ་མང་སྣ་ཚོགས་རི་དྭགས་དང་གཅན་གཟན་དང་ས་ལ་ཤོར་ཏེ་འགྲོ་མཁན་གྱི་དུད་འགྲོ་དང་བྱིའུ་ཡ་ནུ་བ། ༡༣ དེ་ནས། ཨེ་པེ་ཏྲོ། ལོངས། འདི་ཡ་ལ་བསད་དེ་ཟོ། སྨྲས་ཏེ་སྨྲ་མཁན་གྱི་སྐད་ཅིག་ཐོས་ཟིན། ༡༤ དེ་ནས་པེ་ཏྲོས། འདི་ཅོག་འདྲའི་རྫས་ངས་ཟ་རང་མི་ཟ་ཨ་དོན། ངས་ནམ་ཡང་ཕལ་པ་(དྲང་པོ་མེད་པ་)དང་མི་གཙང་མའི་རྫས་ཡ་བཟས་ཏེ་མེད། སྨྲས་ཏེ་སྨྲ་ཟིན། ༡༥ དེ་ནས་གཉིས་པར་པེ་ཏྲོས་འདི་ཅོག་འདྲའི་སྐད་ཅིག་ཐོས་ཟིན། ཨལ་ལོ་ཧིམ་གྱིས་གཙང་མ་བཟོས་པའི་རྫས་ཡ་ལ་ཁྱོད་ཀྱིས་གཙང་མ་མེད་སྨྲས་ཏེ་བསམ་བློ་མ་གཏོང་། སྨྲས་ཏེ་སྨྲ་མཁན་ཐོས་ཟིན། ༡༦ ལན་གསུམ་ཐུག་འོ་སྒྲོས་རང་འགྲོ་ཟིན། དེ་ནས་འོ་རས་ཆ་གནམ་ངོས་ལས་ལོག་འགྲོ་ཟིན།། 

༡༧ པེ་ཏྲོས་རང་གི་མཐོང་སྣང་གི་དོན་དག་ལ། (པེ་ཏྲོས་རང་གི་མཐོང་བའི་མཇལ་ཁའི་དོན་དག་ལ།) འདི་ཅི་ཡིན་ནམ་སྨྲས་ཏེ་བསམ་བློ་བཏང་བསྡད་དེ་ཡོད་མཁན། འོ་ཙམ་ལ་ཀོར་ནེ་ལིའུས་བཏང་བའི་མི་ཡ་སི་མོན་གྱི་ཁང་པ་མཇལ་ཟིན་ཏེ་ཁང་པའི་མདུན་ལ་སླེབ་ཟིན། ༡༨ དེ་ནས་སྐད་བརྒྱབ་སྟེ། འདི་ལ་སི་མོན་སྨྲ་མཁན་གྱི་པེ་ཏྲོ་མི་བསྡད་དེ་ཡོད་དམ། སྨྲས་ཏེ་འདྲི་ཟིན། ༡༩ པེ་ཏྲོ་ད་རུང་ཡང་རང་གི་མཐོང་སྣང་(རང་གི་མཐོང་བའི་མཇལ་ཁ་)ངོ་ཤེས་ཅེས་ལ་བསམ་བློ་གཏོང་གོ་ཡོད་མཁན། དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས། པེ་ཏྲོ། མི་སྣ་གསུམ་གྱིས་ཁྱོད་ལ་འཚོལ་གོ་ནུ། ༢༠ ལང་དོང་། མར་འོག་ལ་སོང་། སེམས་ལ་ཡིན་ཚད་མིན་ཚད་མ་གནས་པར་བྱས་ཏེ་ཁྱོད་ཁོང་མཉམ་པོ་སོང་། ཁོང་ལ་ངས་བཏང་བ་ཡིན་པ། སྨྲས་ཏེ་སྨྲ་ཟིན། ༢༡ དེ་ནས་པེ་ཏྲོ་མར་བབས་ཏེ་འོངས་ཏེ། ཁྱེད་ཀྱིས་བཙོལ་བའི་མི་ང་རང་ཡིན་པ། ཁྱེད་ཅི་ལས་འདི་ལ་འོངས་པ་ཡིན་ནམ། སྨྲས་ཏེ་འདྲི་ཟིན། ༢༢ དེ་ནས་ཁོང་གིས་སྨྲ་ཟིན། ཨལ་ལོ་ཧིམ་ལ་མོས་པ་བྱེད་མཁན་གྱི་རོ་མ་པ་དམག་མི་ཡ་གི་བརྒྱ་དཔོན་ཀོར་ནེ་ལིའུས་ངེད་ལ་བཏང་བ་ཡིན་པ། ཁོ་དྲང་པོར་བྱེད་མཁན་དང་ཨལ་ལོ་ཧིམ་གྱི་འཇིགས་པ་འཁུར་མཁན་གྱི་མི་ཡིན་པ། ཡ་ཧུ་དྰ་པའི་མི་གང་པོས་ཁོ་ལ་རྩིས་བྱེད་མཁན། ཨལ་ལོ་ཧིམ་ལས་རྣམ་པར་དག་པའི་ལོན་སྐྱེལ་མཁན་གཅིག་ཁོའི་རྩར་ལ་སླེབ་ཟིན་པ་དང་། པེ་ཏྲོ་ལ་རང་གི་ཁང་པ་ལ་སྐད་བརྒྱབ་སྟེ་ཁོའི་སྐད་ཆ་ལ་ཉན་དོང་། སྨྲས་ཏེ་སྨྲས་འཇོག་ཟིན་ནུ་བ། འོ་སོང་བས་ངེད་ཀྱིས་སྐད་རྒྱབ་འོངས་པ། སྨྲས་ཏེ་ཀོར་ནེ་ལིའུས་བཏང་བའི་མི་ཡ་གིས་སྨྲ་ཟིན། ༢༣ དེ་ནས་པེ་ཏྲོས་ཁོང་ལ་ནང་ལ་སྐད་བརྒྱབ་སྟེ་མགྲོན་པོ་སྐྱོང་ཟིན།།

ཉི་མ་རྗེས་མ་ཡོ་ཕ་གྲོང་གསེབ་ཀྱི་ཚོགས་ཡ་གི་ནང་ལས་ཨ་པོ་འོག་མ་(ཨ་ད་ནོ་)དྲུག་ཀྱང་པེ་ཏྲོ་མཉམ་པོ་ཀེ་སར་ཡྰ་རྒྱལ་ས་ལ་འགྲོ་ཅེས་འགྲོ་ཟིན། ༢༤ དེ་ནས་ཉི་མ་རྗེས་མ་ཁོང་ཀེ་སར་ཡྰ་ལ་སླེབ་ཟིན། ཀོར་ནེ་ལིའུས་རང་གི་གཉེན་ཚན་ཉེ་བ་ཡ་ལ་སྐད་བརྒྱབ་སྟེ་ཡོད་མཁན། པེ་ཏྲོ་འོང་གོ་ཡོད་པ་ནི་སྨྲས་ཏེ་ཁོང་མེ་མེ་ཡ་བལྟས་སྡོད་ཟིན། ༢༥ དེ་ནས་པེ་ཏྲོ་སླེབས་ཏེ་ནང་ལ་འགྲོ་ཅེས་བྱེད་མཁན་གང་ལ་ཀོར་ནེ་ལིའུས་ཁོ་ལ་རྐང་པའི་ཚིགས་བཙུགས་ཏེ་མཇལ་ཟིན། ༢༦ དེ་ནས་པེ་ཏྲོས། ལང་དོང་། ང་ནི་མི་ཞིག་རང་ཡིན་པ། སྨྲས་ཏེ་ཀོར་ནེ་ལིའུ་ལ་སློང་ཟིན། ༢༧ དེ་ནས་ཀོར་ནེ་ལིའུ་མཉམ་པོ་སྐད་ཆ་སྨྲས་ཏེ་ནང་ལ་འཇུག་མཁན་གང་ལ་པེ་ཏྲོས་ཁང་པའི་ནང་ལ་མི་མང་པོ་འཛོམས་ཏེ་བསྡད་པ་མཐོང་ཟིན། ༢༨ པེ་ཏྲོས་སྨྲ་ཟིན། ཡ་ཧུ་དྰ་པའི་བཀའ་ཁྲིམས་ཀྱིས་བྱས་ཏེ་བརྒྱུད་པ་གཞན་པའི་མི་མཉམ་པོ་བཅམ་སྟེ་ཚོགས་ཏེ་སྡོད་ཅེས་མི་འོང་མཁན་སྨྲས་ཏེ་ཁྱེད་ལ་ཡང་རྒྱུས་ཡོད། ཡིན་ནས་ཨལ་ལོ་ཧིམ་གྱིས་ང་ལ་སུ་མི་ལ་ཡང་ཁྱོད་གཙང་མ་མེད་སྨྲས་ཏེ་སྨྲ་ཅེས་མི་འོང་མཁན་སྨྲ་མཁན་གྱི་སྐད་ཆ་སྨྲས་ཏེ་ཡོད། ༢༩ དེ་ནས་ཁྱེད་ཀྱིས་ང་ལ་སྐད་རྒྱབ་འོང་མཁན་གང་ལ་ངས་ཡིན་ཚད་མིན་ཚད་ཅི་ཡང་མ་གནས་པར་བྱས་ཏེ་འོང་ཟིན། ད་སྨྲ་དོང་། ང་ལ་ཅི་ལས་སྐད་བརྒྱབ་པ། སྨྲས་ཏེ་པེ་ཏྲོས་འདྲི་ཟིན།། 

༣༠ དེ་ནས་ཀོར་ནེ་ལིའུས་སྨྲ་ཟིན། བཞི་ནུབ་ཉི་མ་(དེ་རིང་ལས་ཉི་མ་བཞིའི་སྔོན་ལ་)ཆུ་ཚོད་འདི་ཉིད་ཀྱི་ཐུག་ལ་ང་ཟ་གཅོད་སྲུངས་ཏེ་བསྡད་དེ་ཡོད་མཁན། དེ་ནས་ངས་རང་གི་ཁང་པ་ལ་དགོང་སྲོད་ཀྱི་ཆུ་ཚོད་གསུམ་པ་ལ་འདེབས་དགོས་མཁན་གྱི་གསོལ་བ་བཏབ་བསྡད་དེ་ཡོད་མཁན། དེ་ནས་བཀབ་ཆ་དཀར་པོ་གྱོན་པའི་མི་གཅིག་ངའི་མདུན་ལ་ཕོག་ཐོན་འོངས་ཏེ་སྨྲ་ཟིན། ༣༡ ཀོར་ནེ་ལིའུ། ཁྱོད་ཀྱི་གསོལ་བ་བཏབ་པ་དང་སྤྲང་པོའི་མི་ལ་རོགས་བྱས་པ་དེ་ལ་ཨལ་ལོ་ཧིམ་གྱིས་མཐོང་ཟིན། ༣༢ ད་ཡོ་ཕ་ལ་འོངས་པའི་སི་མོན་པེ་ཏྲོ་ལ་སྐད་རྒྱབ་གཏོང་དོང་། ཁོ་རྒྱ་མཚོའི་ཟུར་ལ་སྡོད་མཁན་གྱི་ཀོ་བ་མཉེད་མཁན་གྱི་སི་མོན་གྱི་ཁང་པ་ལ་བསྡད་དེ་ཡོད་པ། ཁོ་འོང་མཁན་གང་ལ་ཁྱེད་ལ་སྨྲ་ཅེས་ཡོད། སྨྲས་ཏེ་བཀབ་ཆ་དཀར་པོ་གྱོན་པའི་མིས་སྨྲ་ཟིན། ༣༣ འོ་སྐད་ཆ་ལ་ཐོས་ལོང་མེད་པ་ངས་རང་གི་རྩར་ལ་མི་ཡ་ལ་གཏོང་ཟིན། རང་འོ་བརྒྱལ་བྱས་ཏེ་འོང་ཟིན། ད་ཡ་ཝྰེས་རང་ལ་བཀའ་གནང་བའི་སྐད་ཆ་གང་པོ་ཉན་ཅེས་ལ་ངེད་ཨལ་ལོ་ཧིམ་གྱི་མདུན་ལ་འཛོམས་ཏེ་ཡོད། སྨྲས་ཏེ་ཀོར་ནེ་ལིའུས་སྨྲ་ཟིན།། 

༣༤ དེ་ནས་པེ་ཏྲོས་སྐད་ཆ་སྨྲ་ཅེས་འཛུགས་ཟིན། ཨལ་ལོ་ཧིམ་གྱིས་སུ་ལ་ཡང་ཉེ་རིང་མི་བྱེད་མཁན། འདི་སྐད་ཆ་བདེན་པ་ཡིན་པ་ནུ། ༣༥ ག་འདྲ་བརྒྱུད་པའི་མི་ཡིན་ན་ཡང་། ཨལ་ལོ་ཧིམ་གྱི་འཇིགས་པ་འཁུར་མཁན་དང་རྣམ་པར་དག་པར་བྱེད་མཁན་ཡ་ལ་ཨལ་ལོ་ཧིམ་གྱིས་མཐོང་གོ་ནུ། ༣༦ ད་ཨལ་ལོ་ཧིམ་གྱིས་ཡིས་ར་ཨལ་གྱི་མི་ཡ་ལ་འདི་ལོན་གཏོང་ཟིན། དབང་སྐུར་ཐོབ་པའི་ཡེ་ཤུ་ལས་ཀྱིས་བྱས་ཏེ་མི་གང་པོ་ལ་བློ་བདེ་པོ་འོང་ཁུག་མཁན། འོ་ཡེ་ཤུ་རང་མི་གང་པོའི་ཨ་དོན་ཡིན་པ།། 

༣༧ ཡུ་ཧ་ནན་གྱིས་བཤགས་པ་བྱས་ཏེ་ཁྲུས་ལེན་དགོས་མཁན་སྨྲས་ཏེ་ཤོད་ཟིན་ཏེ་འགབ་ལས་ག་ལིལ་དང་ཡ་ཧུ་དྰ་ལུང་པ་གང་པོ་ལ་ཕྱིན་པའི་སྐད་ཆ་ཡ་ཁྱེད་ཀྱིས་ཐོས་ཟིན་ཏེ་ཡོད་པ། ༣༨ ན་ཙ་རེད་ཀྱི་ཡེ་ཤུས་ཨལ་ལོ་ཧིམ་ལས་དབང་ཐོབ་སྟེ་རྣམ་པར་དག་པའི་ཐུགས་ཀྱིས་གང་སྟེ་ལས་ཀ་ཡ་མཚན་ཆེ་བ་ཡ་བྱེད་ཟིན། ཨལ་ལོ་ཧིམ་ཡེ་ཤུ་མཉམ་པོ་བསྡད་དེ་ཡོད་མཁན་སོང་བས་དྲང་པོའི་ལས་ཀ་ཡ་བྱས་ཏེ་བདུད་ཀྱིས་སྡུག་པོ་བསྟེར་བའི་མི་ཡ་ལ་དྲག་བཅུག་སྟེ་ག་ན་ཐེ་ཏེ་སྐོར་བ་རྒྱབ་ཟིན། འདི་སྐད་ཆ་ཡ་ཁྱེད་ཀྱིས་ཐོས་ཏེ་ཡོད། ༣༩ དེ་ནས་འདི་སྐད་ཆ་ཡ་གི་དོན་དག་ལ་ངེད་དཔང་པོ་ཡོད་པ། ཡེ་ཤུས་ཡ་ཧུ་དྰ་ལུང་པ་དང་ཡ་རུ་ཤ་ལེམ་ལ་ཅི་ཅི་བྱས་པ་འོ་དེ་ངེད་ཀྱིས་མཐོང་བའི་སྐད་ཆ་ཡིན་པ། དེ་ནས་ཡ་ཧུ་དྰ་པ་ཡ་གིས་ཡེ་ཤུ་ལ་རྒྱངས་ཤིང་ལ་འཕྱངས་ཏེ་གསོད་འཇུག་ཟིན། ༤༠ ཡིན་ནས། ཉི་མ་གསུམ་གྱི་འགབ་ལས་(ཉི་མ་གསུམ་གྱི་རྗེས་མ་)ཨལ་ལོ་ཧིམ་གྱིས་ཁོ་ལ་ཤི་བའི་ས་ཆ་ལས་གསོན་པོར་ལང་འཇུག་ཟིན། དེ་ནས་ཡེ་ཤུ་གསོན་པོ་ཡོད་སྨྲས་ཏེ་ཐོན་འོང་འཇུག་ཟིན། ༤༡ མི་གང་པོའི་རྩར་ལ་མིན་པ། ཡེ་ཤུ་ངེད་ཀྱི་རྩར་ལ་གཅིག་རང་ཐོན་འོང་ཟིན། ཅི་སྨྲ་ན། ཨལ་ལོ་ཧིམ་གྱིས་ངེད་ལ་འདི་སྐད་ཆའི་དོན་དག་ལ་དཔང་པོ་སྡོད་ཅེས་ལ་གདོང་ལས་འདམས་པ་ཡིན་མཁན། ཤི་སྟེ་གསོན་པོར་ལངས་ཏེ་འགབ་ལས་ངེད་ཡེ་ཤུ་མཉམ་པོ་བཟས་ཏེ་བཏུངས་ཏེ་བསྡད་པ། ༤༢ ཡེ་ཤུ་རང་ཨལ་ལོ་ཧིམ་གྱིས་འདམས་པའི་ཁྲིམས་ལྟ་མཁན་གྱི་བདག་པོ་ཡིན་པ། ཡེ་ཤུས་རང་གསོན་པོ་དང་ཤི་བའི་མི་གང་པོ་ལ་ཁྲིམས་ལྟ་ཅེས་ཡོད། འདི་སྐད་ཆ་ལ་དཔང་པོ་བསྡད་དེ་མི་ཡ་ལ་ཤོད་ཏོང་། སྨྲས་ཏེ་ཡེ་ཤུས་ངེད་ལ་བཀའ་གནང་ཟིན། ༤༣ ཡེ་ཤུའི་ལས་ཀའི་དོན་དག་ལ་ནི་དང་པོའི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་སྔོན་ནས་ཤེས་ཏེ་སྨྲས་པ་ནུ་བ། (སྨྲས་ནུ་བ།) ཁོའི་མིང་གིས་བྱས་ཏེ་ཁོ་ལ་བློ་འགེལ་མཁན་གྱི་མི་ལ་ཨལ་ལོ་ཧིམ་གྱིས་ངོ་ལོག་འདག་འཇུག་མཁན། སྨྲས་ཏེ་ཁོང་གིས་གདོང་ལ་སྔོན་ནས་ཤེས་ཏེ་སྨྲས་པ་ནུ་བ། (སྨྲས་ནུ་བ།) སྨྲས་ཏེ་པེ་ཏྲོས་ཀོར་ནེ་ལིའུའི་རྩར་ལ་འཛོམས་ཏེ་ཡོད་མཁན་གྱི་མི་ཡ་ལ་ཤོད་ཟིན།། 

༤༤ པེ་ཏྲོས་སྐད་ཆ་སྨྲ་མཁན་སྨྲ་མཁན་གང་ལ་འོ་ལ་ཉན་མཁན་གྱི་མི་ཡ་གི་སེམས་ལ་རྣམ་པར་དག་པའི་ཐུགས་སྡོད་འོང་ཟིན། ༤༥ དེ་ནས་ཨལ་ལོ་ཧིམ་གྱིས་རྣམ་པར་དག་པའི་ཐུགས་བརྒྱུད་པ་གཞན་པའི་མི་ཡ་ལ་སྟེར་མཁན་མཐོང་སྟེ་པེ་ཏྲོ་མཉམ་པོ་འོངས་བ། ཡེ་ཤུ་ལ་བློ་འགེལ་མཁན་གྱི་ཡ་ཧུ་དྰ་པའི་རོགས་ཡ་༼ཡེ་ཤུ་ལ་བློ་འགེལ་མཁན་གྱི་མདུན་ལྤགས་གཅོད་པ་ཡ་༽ཧ་ལས་ཟིན། ༤༦ ཅི་སྨྲ་ན། པེ་ཏྲོའི་སྐད་ཆ་ལ་ཉན་མཁན་གྱི་མི་ཡ་གིས་མ་བསླབས་པའི་སྐད་གསར་པ་གསར་པ་ཡ་སྨྲ་ཟིན། ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་ཟིན། དེ་ནས་པེ་ཏྲོས་སྨྲ་ཟིན། ༤༧ ངེད་ལ་ཅོག་འདྲ་ཁོང་མེ་མེ་ཡ་ལ་ཡང་རྣམ་པར་དག་པའི་ཐུགས་འབྱོར་ཟིན་ནུ། ད་ཁོང་ལ་ཁྲུས་གསོལ་ལེན་ཅེས་ལ་སུས་འགེགས་ཁུག་མཁན། སྨྲ་ཟིན་པ་དང་། ༤༨ པེ་ཏྲོས་རང་མཉམ་པོ་འོངས་པའི་རོགས་ཡ་ལ། ཁོང་མེ་མེ་ཡ་ལ་ཨ་དོན་གྱི་མིང་ལ་ཁྲུས་གསོལ་སྟེར་ཏོང་། སྨྲས་ཏེ་སྨྲ་ཟིན། དེ་ནས་ཀོར་ནེ་ལིའུའི་གཉེན་ཚན་ཉེ་བ་ཡ་གིས་པེ་ཏྲོ་ལ། ཉི་མ་གཏོས་པ་ཐུག་(ཉི་མ་ཁ་ཤས་ཐུག་)ངེད་མཉམ་པོ་སྡོད་ཏོང་། སྨྲས་ཏེ་ཞུ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.