རྐང་པ་ཤོར་བའི་མི་ལ་དྲག་བཅུག་པ།
༡ ཉི་མ་གཅིག་མཛར་བ་ལས་ཕར་(མཛར་བ་ཙམ་ལ་)པེ་ཏྲོ་དང་ཡུ་ཧ་ནན་གཉིས་ཡ་ཧུ་དྰ་པའི་མཆོད་ཁང་ལ་འགྲོ་འོ་ཡོད་མཁན། འོའི་རྗེས་ལ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་མཁན་གྱི་དུས་ཚོད་ལ་༼ཆུ་ཚོད་གསུམ་པ་ལ་༽ཕྱིན་ཏེ་ཡོད་མཁན། ༢ དེ་ནས་མཆོད་ཁང་གི་བཟོ་ལྟ་ཡག་པོ་སྨྲ་མཁན་གྱི་རྒྱལ་སྒོ་ལ་སྐྱེ་མཁན་ཡིན་འཇུག་(སྐྱེས་སོང་ལས་)རྐང་པ་ཤོར་བའི་མི་གཅིག་བསླངས་ཏེ་སྡོད་ཀོ་ཡོད་མཁན། མི་ཡ་གིས་ཁོ་ལ་ཉི་མ་རྟག་པར་ཁྱེར་ཏེ་འོངས་ཏེ་འོ་རྒྱལ་སྒོ་ལ་འཇོག་འོ་ཡོད་མཁན། དེ་ནས་ཁོས་ཀྱིས་མཆོད་ཁང་ལ་འགྲོ་མཁན་གྱི་མི་ཡ་མཉམ་པོ་བསོད་སྙོམས་(ཊང་ཀ་)སློང་གོ་ཡོད་མཁན།
༣ དེ་ནས་པེ་ཏྲོ་དང་ཡུ་ཧ་ནན་སྒོའི་ནང་ལ་འཇུག་མཁན་གང་ལ་རང་(འཇུག་པ་དང་རང་)ཁོང་གཉིས་ལ་ཡང་བསོད་སྙོམས་སློང་ཟིན། ༤ དེ་ནས་ཁོང་གཉིས་ཀྱིས་ཁོ་ལ་ཡག་པོ་བྱས་ཏེ་ལྟ་ཟིན་པ་དང་པེ་ཏྲོས་ཁོ་ལ། ངེད་ལ་ལྟོས། སྨྲས་ཏེ། ༥ དེ་ནས་ཁོས་ཀྱིས་ཅི་ཡང་འབྱོར་འོང་སྨྲས་ཏེ་ཁོང་ལ་ལྟ་ཟིན། ༦ དེ་ནས་པེ་ཏྲོས་ཁོ་ལ། ང་མཉམ་པོ་གསེར་དངུལ་ནི་མེད་པ། ཡིན་ནས་ང་མཉམ་པོ་ཅི་ཡོད་པ། འོ་དེ་ཁྱོད་ལ་སྟེར་མཁན། ནྰ་ཙ་རེལ་གྱི་དབང་སྐུར་ཐོབ་པའི་ཡེ་ཤུའི་མིང་ལ་ལངས་ཏེ་འགོམ་པ་རྒྱོབ། སྨྲས་ཏེ་སྨྲ་ཟིན་པ་དང་ ༧ པེ་ཏྲོས་ཁོའི་ལག་པ་གཡས་པ་ལ་བཟུང་སྟེ་སློང་མཁན་གང་ལ་(སློང་བ་དང་)ཁོའི་རྐང་པ་འཛུགས་ཁུག་མཁན་འགྲོ་ཟིན། ༨ དེ་ནས་ཁོ་ཧོབ་ལངས་ཏེ་(ལམ་སང་ལངས་ཏེ་)ཕར་ཚུར་ཕྱིན་ཏེ། དགེ་བ་བྱས་ཏེ་མཆོངས་ཏེ་ཕྱིན་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་མཁན་དང་ཁོང་མཉམ་པོ་མཆོད་ཁང་གི་ནང་ལ་འཇུག་ཟིན།
༩ དེ་ནས་མི་མང་མོས་ཁོ་ལ་འགྲོ་མཁན་དང་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་མཁན་མཐོང་ཟིན། ༡༠ དེ་ནས་མི་ཡ་གིས་མཆོད་ཁང་གི་བཟོ་ལྟ་ཡག་པོ་སྨྲ་མཁན་གྱི་རྒྱལ་སྒོ་དེ་ལ་བསླངས་ཏེ་སྡོད་མཁན་གྱི་མི་འདི་དེ་རང་ཡིན་མཁན་སྨྲས་ཏེ་ངོ་ཤེས་ཟིན། ཁོ་ག་འདྲ་བྱས་ཏེ་འགྲོ་ཁུག་པ། སྨྲས་ཏེ་མི་ཡ་ཧང་སངས་ཏེ་ཧ་ལས་ཟིན།།
མཆོད་ཁང་གི་ནང་ལ་པེ་ཏྲོས་མི་ཡ་ལ་བསླབས་པ།
༡༡ འོ་དྲག་པའི་མི་དེ་མཆོད་ཁང་གི་སོ་ལོ་མོན་སྨྲ་མཁན་གྱི་ཀ་བའི་གྲལ་བསྟར་ལ་པེ་ཏྲོ་དང་ཡུ་ཧ་ནན་ལ་བཟུང་སྟེ་ལངས་ཏེ་འགྲོ་མཁན་མཐོང་བས་མི་གང་པོ་ཧ་ལས་ཏེ་ཁོང་གི་རྩར་ལ་ཤོར་ཏེ་ལྟ་འོང་ཟིན། ༡༢ འདི་ལ་མཐོང་སྟེ་པེ་ཏྲོས་མི་ཡ་ལ།
ཨེ་ཡིས་ར་ཨལ་པ་ཡ། ཁྱེད་ཅི་ལས་ཧ་ལས་ཏེ་ངེད་ལ་ཤར་རེ་བལྟས་སྡོད་མཁན། ཅི་ངེད་ཀྱིས་འདི་དེ་ལ་ངེད་རང་གི་དབང་དང་གུས་པས་བྱས་ཏེ་འདི་མི་དེ་ལ་འགྲོ་ཁུག་མཁན་བཟོས་པ་ཡིན་པ་སྨྲས་ཏེ་བསམ་བློ་གཏོང་གོ་ནུག་གམ། (འདི་མི་ལ་འགྲོ་ཁུག་མཁན་བཟོ་བ་དེ་ཁྱེད་ཀྱིས་བསམ་བློ་གཏོང་གོ་ནུག་གམ།) ༡༣ འོ་ཅོག་འདྲ་མིན་པ། (འོ་འདྲ་མིན་པ།) འོ་རང་གི་མེས་མེས་ཡང་མེས་(འོ་རང་གི་གོང་མའི་མེས་མེས་)ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་ཀྱིས་ཡིད་ཆེས་བྱས་པའི་ཨལ་ལོ་ཧིམ་གྱིས་རང་ལ་ཞབས་ཕྱི་ཞུ་མཁན་གྱི་ཡེ་ཤུ་ལ་༼རང་གི་སྲས་པོ་ཡེ་ཤུ་ལ་༽འདི་ནད་པ་ལ་དྲག་འཇུག་(འདྲུབ་)མཁན་གྱི་དབང་བསྟེར་བ་ཡིན་པ། (སྟེར་ཟིན།) འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་གཟི་བརྗིད་བྱས་པ་ཡིན་པ། (བྱེད་ཟིན།) ཁྱེད་ཀྱིས་ནི་ཡེ་ཤུ་ལ་རོ་མྰ་པའི་ལག་པ་ལ་ཆུད་འཇུག་ཟིན། དེ་ནས་པི་ལ་ཏུ་ཡིས་ཁོ་ལ་གློད་གཏོང་ཅེས་བྱེད་མཁན་གང་ལ་ཡང་(གློད་གཏོང་ཅེས་བྱེད་པ་དང་ཡང་)ཁྱེད་ཀྱིས་གློད་མ་བཏང་སྨྲས་ཏེ། ༡༤ ཡེ་ཤུ་ནི་རྣམ་པར་དག་པ་ཡོད་མཁན། ཡེ་ཤུས་ཀྱིས་ལས་ཀ་བཙོག་པ་ཅི་ཡང་བྱས་ཏེ་མེད་པ་ཡོད་མཁན། ཡིན་ནས་ཁྱེད་ཀྱིས་ནི་ཡེ་ཤུའི་ཚབ་ལ་མི་གསོད་མཁན་གྱི་མི་གཅིག་ལ་གློད་གཏོང་རྫོང་སློང་སྨྲས་ཏེ་རེ་བ་ཞུ་ཟིན། ༡༥ ཁྱེད་ཀྱིས་ནི་ཚེ་སྟེར་མཁན་དེ་ལ་༼མཐའ་མེད་པའི་ཚེ་སྟེར་མཁན་དེ་ལ་༽གསོད་ཟིན། ཡིན་ནས་ཨལ་ལོ་ཧིམ་གྱིས་ཁོ་ལ་ཤི་བ་ལས་གསོན་པོར་ལང་འཇུག་ཟིན། འདི་ངེད་རང་གིས་མཐོང་བའི་དོན་རྐྱེན་ཡིན་མཁན། (འདི་དོན་རྐྱེན་གྱི་དཔང་པོ་ངེད་ཡིན་མཁན།) ༡༦ འདི་ལ་ལངས་ཏེ་བསྡད་པ། ཁྱེད་ཀྱིས་ངོ་ཤེས་མཁན་གྱི་མི་ནི་ཡེ་ཤུ་ལ་བློ་བཀལ་བ་སོང་བས་དྲག་ཟིན། ཡེ་ཤུའི་མིང་ཐོས་ཏེ་ཁོའི་སེམས་ལ་ཡིད་ཆེས་བྱས་པ་སོང་བས་ད་ལྟ་ཁྱེད་ཀྱི་མདུན་ལ་ཁོ་ལ་དྲག་སྟེ་ལངས་ཏེ་སྡོད་ཀོ་ཡོད་པ།། (འདི་ལ་ལངས་ཏེ་སྡོད་མཁན་གྱི་མི་ལ་ཁྱེད་ཀྱིས་ངོ་ཤེས་མཁན། འདི་མིས་ཡེ་ཤུ་ལ་བློ་བཀལ་བས་ཁོ་དྲག་ཟིན། ཡེ་ཤུའི་མིང་ཐོས་ཏེ་ཁོའི་སེམས་ལ་ཡིད་ཆེས་བྱས་པས་ད་ལྟ་ཁྱེད་ཀྱི་མདུན་ལ་ཁོ་ལ་ཡག་པོ་བྱས་ཏེ་དྲག་སྟེ་ལངས་ཏེ་སྡོད་ཀོ་ཡོད་པ།།)
༡༧ ཨ་པོ་འོག་མ་ཡ། འདི་ང་ལ་རྒྱུས་ཡོད་པ། ཁྱེད་དང་ཁྱེད་ཀྱི་འགོ་པ་ཡ་གིས་(ཁྱེད་དང་ཁྱེད་ཀྱི་དབང་ཆ་བྱེད་མཁན་གྱི་མི་ཡ་གིས་)ཡེ་ཤུ་སུ་ཡིན་པ་སྨྲ་མཁན་དེ་ངོ་མ་ཤེས་པར་བྱས་ཏེ་ཁོ་ལ་གསོད་ཟིན། ༡༨ དབང་སྐུར་ཐོབ་པ་ཡིས་སྡུག་པོ་འཁྱེར་དགོས་མཁན་སྨྲས་ཏེ་ཨལ་ལོ་ཧིམ་གྱིས་བསམ་བློ་གཏོང་ཟིན་ཏེ་ཡོད་མཁན། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གང་པོས་ཀྱང་འདི་སྐད་ཆ་གདོང་ལ་རང་(སྔོན་ལ་རང་)མངོན་ཤེས་བཤད་དེ་སྒྲ་གསལ་ཏེ་བཞག་སྟེ་ཡོད་མཁན། དེ་ནས་ད་ནི་ཨལ་ལོ་ཧིམ་གྱིས་འདི་ཅོག་འདྲ་བྱས་ཏེ་དོན་དག་འགྲུབ་འཇུག་ཟིན། (འདི་ཅོག་འདྲ་བྱས་ཏེ་འགྲུབ་འཇུག་ཟིན།) ༡༩ ངོ་ལོག་སེལ་ཅེས་ལ། (ངོ་ལོག་སེལ་ཅེས་ཀྱི་ཆེད་དུ།) ཁྱེད་ཀྱིས་འགྱོད་པ་སྐྱེས་ཏེ་ངོ་ལོག་སྤངས་ཏེ་སེམས་འགྱུར་བ་བཏང་སྟེ་ཡ་ཝྰེའི་རྩར་ལ་འགྲོ་དོང་། དེ་ནས་ཁྱེད་ལ་སེམས་བློ་བདེ་མོ་འོང་འཇུག་མཁན། ༢༠ དང་ཡ་ཝྰེས་དབང་སྐུར་ཐོབ་པ་ལ་ཁྱེད་ཀྱི་བར་དཀྱིལ་ལ་རྫོང་མཁན། ཡ་ཝྰེས་འདམས་པའི་དབང་སྐུར་ཐོབ་པ་ནི་ཡེ་ཤུ་རང་ཡིན་མཁན། སྔོན་ལ་ཁྱེད་ལ་བཤད་པའི་མི་ནི་ཡེ་ཤུ་རང་ཡིན་མཁན། ༢༡ ཡིན་ནས། ཨལ་ལོ་ཧིམ་གྱིས་རང་གི་རྣམ་པར་དག་པའི་སྐད་ཆ་ཤོད་མཁན་ཡ་ལས་ཀྱི་བྱས་ཏེ་སྨྲས་པའི་སྐད་ཆ་གང་པོ་དོན་དག་མ་གྲུབ་པར་ཐུག་ཡེ་ཤུ་ནི་ཨལ་ལོ་ཧིམ་གྱིས་བསམ་བློ་གཏོང་བ་ཅོག་འདྲ་བྱས་ཏེ་ནམ་མཁའ་ལ་སྡོད་མཁན།
༢༢ ཡེ་ཤུའི་སྐོར་ལ་མོ་ཤེས་ཁྱེད་ཀྱི་མེས་མེས་ཡང་མེས་ཡ་ལ་(གོང་མའི་མེས་མེས་ཡ་ལ་)འདི་ཅོག་འདྲ་སྨྲས་ཏེ་ཡོད་མཁན།
ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་ཆེད་དུ་
ང་ཅོག་འདྲ་རང་སྐད་ཆ་ཤོད་མཁན་གཅིག་ལ་རྫོང་མཁན།།
འོ་སྐད་ཆ་ཤོད་མཁན་ཁྱེད་ཀྱི་བརྒྱུད་པ་ལས་རང་འོང་མཁན།།
འོ་སྐད་ཆ་ཤོད་མཁན་གྱིས་སྨྲ་མཁན་གྱི་སྐད་ཆ་གང་པོ་ལ་ཁྱེད་ཀྱིས་ཉན་དགོས་མཁན།།
༢༣ འོ་སྐད་ཆ་ཤོད་མཁན་གྱིས་སྨྲ་མཁན་གྱི་སྐད་ཆ་ལ་མི་ཉན་མཁན་དེ་ལ་ནི་
ཡ་ཝྰེས་རང་གི་མི་ཡ་གི་བར་དཀྱིལ་ལས་ཁ་ཕྱེ་སྟེ་མེད་པར་གཏོང་རྫོང་མཁན།།
སྨྲས་ཏེ། མོ་ཤེས་སྨྲས་ཏེ་ཡོད་མཁན།།
༢༤ དེ་ནས་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་སྰ་མུ་ཨལ་གྱིས་ཀྱང་འདི་ཉི་མ་ཡ་གི་སྐོར་ལ་མངོན་ཤེས་བཤད་དེ་སྨྲས་ཡོད་མཁན། སྰ་མུ་ཨལ་གྱི་རྗེས་ལ་(སྰ་མུ་ཨལ་སྨྲས་ཏེ་འགབ་ལས་)འོང་མཁན་གྱི་སྐད་ཆ་ཤོད་མཁན་གང་པོས་ཀྱང་འདི་ཉི་མ་ཡ་གི་སྐོར་ལ་སྨྲས་ཡོད་མཁན། འདི་སྐད་ཆ་ཡ་ནི་ཁྱེད་ལ་ཕན་ཐོགས་འཇུག་སྨྲས་ཏེ་མངོན་ཤེས་བཤད་དེ་སྨྲས་ཡོད་མཁན། ༢༥ ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་མེས་མེས་ཡང་མེས་ཡ་ལ་(ཁྱེད་ཀྱི་གོང་མའི་མེས་མེས་ཡ་ལ་)བཞག་པའི་དམ་བཅའ་དེ་ཁྱེད་ལ་ཡང་བཞག་པ་ཡིན་མཁན། འོ་དམ་བཅའ་དེ་ད་ལྟ་ཁྱེད་ལ་དོན་དག་འགྲུབ་འོང་ཟིན། (ཁྱེད་ལ་འགྲུབ་འོང་ཟིན།) ཨལ་ལོ་ཧིམ་གྱིས་འོ་རང་གི་མེས་མེས་ཡང་མེས་(འོ་རང་གི་གོང་མའི་མེས་མེས་)ཨབ་ར་ཧམ་ལ། ཁྱོད་ཀྱི་བརྒྱུད་པ་ལས་ཀྱི་བྱས་ཏེ་འཛམ་བུ་གླིང་གི་མི་རིགས་གང་པོ་ལ་བྱིན་རླབས་ཆགས་མཁན། སྨྲས་ཏེ། ཨལ་ལོ་ཧིམ་གྱིས་སྨྲས་ཏེ་ཡོད་མཁན། ༢༦ ད་ལྟ་ནི་ཨལ་ལོ་ཧིམ་གྱིས་རང་ལ་ཞབས་ཕྱི་ཞུ་མཁན་གྱི་ཡེ་ཤུ་ལ་༼རང་གི་སྲས་པོ་ཡེ་ཤུ་ལ་༽འདམས་ཏེ་དང་པོར་ཁྱེད་ཀྱི་རྩར་ལ་རྫོང་ཟིན། ཁྱེད་རེ་རེ་ལ་ལམ་བཙོག་པ་ལས་ཐར་བཅུག་སྟེ་བྱིན་གྱིས་རློབ་ཅེས་ལ་(བྱིན་རླབས་སྟེར་ཅེས་ལ་)ཡེ་ཤུ་འོངས་པ་ཡིན་པ། (ཡེ་ཤུ་འོང་ཟིན།) སྨྲས་ཏེ། པེ་ཏྲོས།། །།