མད་ཐྰ་ལེའུ་དང་པོ།

༄༅། །མད་ཐྰས་བྲིས་པའི་ལོན་བཟང་།

དབང་སྐུར་ཐོབ་པའི་ཡེ་ཤུའི་མེས་མེས་ཡང་མེས་ཡ།

༡ དབང་སྐུར་ཐོབ་པའི་ཡེ་ཤུ་ཨབ་ར་ཧམ་དང་རྒྱལ་པོ་ད་བིད་ཀྱི་རྩ་བ་(བུ་རྒྱུད་)ཡིན་པ། ཡེ་ཤུའི་མེས་མེས་ཡང་མེས་ཡ་འདི་ཡ་རང་ཡིན་པ། 

༢ ཨབ་ར་ཧམ་གྱི་བུ་ཨི་སྰག  ཨི་སྰག་གི་བུ་ཡ་ཀོབ། ཡ་ཀོབ་ཀྱི་བུ་ཡ་ཧུ་དྰ་དང་ཁོའི་ཨ་པོ་འོག་མ་ཡ། (ཨ་ད་ནོ་ཡ།) ༣ དེ་ནས་ཡ་ཧུ་དྰའི་བུ་ཕེ་རེས་དང་ཟེ་རག  ཁོང་གཉིས་ཀྱི་ཨ་མ་དེ་ཐ་མར་ཡིན་མཁན། དེ་ནས་ཕེ་རེས་ཀྱི་བུ་ཧེས་རོན། ཧེས་རོན་གྱི་བུ་ཨ་རམ། ༤ ཨ་རམ་གྱི་བུ་ཨམ་མི་ན་དབ། ཨམ་མི་ན་དབ་ཀྱི་བུ་ན་ཧ་ཤོན། ན་ཧ་ཤོན་གྱི་བུ་སལ་མོན། ༥ སལ་མོན་གྱི་བུ་བོ་ཨ་ཟ། བོ་ཨ་ཟའི་ཨ་མ་དེ་ར་ཧབ་ཡིན་མཁན། དེ་ནས་བོ་ཨ་ཟའི་བུ་ཨོ་བེད། ཨོ་བེད་ཀྱི་ཨ་མ་དེ་རུད་ཡིན་མཁན། ཨོ་བེད་ཀྱི་བུ་ཡི་ཤྰ། ༦ དེ་ནས་ཡི་ཤྰའི་བུ་རྒྱལ་པོ་ད་བིད། 

དེ་ནས་རྒྱལ་པོ་ད་བིད་ལས་མར། ད་བིད་ཀྱི་བུ་སོ་ལོ་མོན། སོ་ལོ་མོན་གྱི་ཨ་མ་དེ་ཨུ་རི་ཡའི་བུད་མེད་ཡིན་མཁན། ༧ དེ་ནས་སོ་ལོ་མོན་གྱི་བུ་རེ་ཧོ་བོ། རེ་ཧོ་བོའི་བུ་ཨ་བི་ཡ། ཨ་བི་ཡའི་བུ་ཨ་སྰ། ༨ ཨ་སྰའི་བུ་ཡེ་ཧོ་ཤ་ཕད། ཡེ་ཧོ་ཤ་ཕད་ཀྱི་བུ་ཡོ་རམ། ཡོ་རམ་གྱི་བུ་ཨུ་ཟི་ཡ། ༩ ཨུ་ཟི་ཡའི་བུ་ཡོ་ཐམ། ཡོ་ཐམ་གྱི་བུ་ཨ་ཧ་ཟ། ཨ་ཧ་ཟའི་བུ་ཧི་ཟི་ཀི་ཡ། ༡༠ ཧི་ཟི་ཀི་ཡའི་བུ་མ་ན་ཤེ། མ་ན་ཤེའི་བུ་ཨ་མོན། ཨ་མོན་གྱི་བུ་ཡོ་ཤི་ཡ། ༡༡ ཡོ་ཤི་ཡའི་བུ་ཡེ་ཀོན་ཡ། ཡེ་ཀོན་ཡ་དང་ཁོའི་འོག་མ་ཡ་གི་ཐེངས་ལ་བ་བེལ་སྨྲ་མཁན་གྱི་ཡུལ་ཆེན་པོའི་རྒྱལ་པོས་ཡ་ཧུ་དྰའི་མངའ་སྡེའི་མི་ཡ་ལ་དམག་བརྒྱབ་སྟེ། ཁོང་གི་ཐོག་ལ་རྒྱལ་ཏེ་བ་བེལ་ལ་འཁྱེར་ཟིན། (བ་བེལ་ལ་སྐྱ་ཟིན།) 

༡༢ བ་བེལ་ལ་ཁྱེར་ཏེ་འགབ་ལས་(བ་བེལ་ལ་བསྐྱས་བསྐྱས་པ་ལ་)ཡེ་ཀོན་ཡའི་རྩ་བ་ཡ་(བུ་རྒྱུད་ཡ་)འདི་ཡ་རང་ཡིན་པ། ཡེ་ཀོན་ཡའི་བུ་ས་ལ་ཐི་ཨལ། ས་ལ་ཐི་ཨལ་གྱི་བུ་ཟེ་རུབ་བ་བེལ། ༡༣ ཟེ་རུབ་བ་བེལ་གྱི་བུ་ཨ་བི་ཧུད། ཨ་བི་ཧུད་ཀྱི་བུ་ཨལ་ལ་ཡྰ་ཀིམ། ཨལ་ལ་ཡྰ་ཀིམ་གྱི་བུ་ཨ་ཟོར། ༡༤ ཨ་ཟོར་གྱི་བུ་ས་དོག  ས་དོག་གི་བུ་ཨ་ཀིམ། ཨ་ཀིམ་གྱི་བུ་ཨལ་ལ་ཡད། ༡༥ ཨལ་ལ་ཡད་ཀྱི་བུ་ཨལ་ལི་འེ་ཟར། ཨལ་ལི་འེ་ཟར་གྱི་བུ་མད་ཐན། མད་ཐན་གྱི་བུ་ཡ་ཀོབ། ༡༦ དེ་ནས་ཡ་ཀོབ་ཀྱི་བུ་ཡོ་སེབ་དེ་མིར་ཡམ་གྱི་ཁྱོ་ག་ཡིན་མཁན། དེ་ནས་མིར་ཡམ་དེ་དབང་སྐུར་ཐོབ་པ་༼བསྐུས་པ་དེ་༽སྨྲ་མཁན་གྱི་ཡེ་ཤུའི་ཨ་མ་ཡིན་པ།། 

༡༧ འོ་འདྲ་བྱས་ཏེ་(འོ་ཅོག་འདྲ་བྱས་ཏེ་)ཨབ་ར་ཧམ་ཡིན་འཇུག་ད་བིད་ཐུག་ལ་མི་ཐོག་བཅུ་བཞི། དེ་ནས་ད་བིད་ཡིན་འཇུག་བ་བེལ་ལ་འཁྱེར་མཁན་གྱི་དུས་ཚོད་ཐུག་ལ་ཡང་མི་ཐོག་བཅུ་བཞི། དེ་ནས་འོ་དུས་ཚོད་ཡིན་འཇུག་དབང་སྐུར་ཐོབ་པ་ཐུག་ལ་ཡང་མི་ཐོག་བཅུ་བཞི་འགྲོ་ཟིན་པ་ནུ་བ།།

ཡེ་ཤུ་སྐྱེས་པ།

༡༨ དབང་སྐུར་ཐོབ་པའི་ཡེ་ཤུ་འདི་ཅོག་འདྲ་བྱས་ཏེ་སྐྱེ་ཟིན། ཡེ་ཤུའི་ཨ་མ་མིར་ཡམ་དེ་ཡོ་སེབ་མཉམ་པོ་གཉེན་རྟགས་བརྒྱབ་སྟེ་ཡོད་མཁན། (གཉེན་རྟགས་བརྒྱབ་ཡོད་མཁན།) ཡིན་ནས་ཁོང་གཉིས་ཀྱི་ལུས་འབྲེལ་མ་བྱས་པའི་སྔོན་ལ་རྣམ་པར་དག་པའི་ཐུགས་ལས་མིར་ཡམ་གྱི་གཟུགས་པོ་ལ་སྐྱེ་ཅེས་བྱེད་ཟིན་ཏེ་ཡོད་མཁན་ནུ་བ། ༡༩ ཡོ་སེབ་སེམས་དྲང་པོའི་མི་ཡོད་མཁན། འོ་སོང་བས་ཡོ་སེབ་ཀྱིས་མི་ཡ་གི་མདུན་ལ་མིར་ཡམ་ལ་བཙོག་པ་མ་འོང་འཇུག་སྨྲས་ཏེ་(སྨྲ་འོང་འཇུག་ཅེས་ལ་)མོ་ལ་ཁ་འཛུམ་པ་བྱས་ཏེ་སྐྱུར་ཅེས་སྨྲས་ཏེ་བསམ་བློ་གཏོང་ཟིན། ༢༠ འདི་བསམ་བློ་གཏོང་མཁན་གཏོང་མཁན་གང་ལ་(འདི་བསམ་བློ་བཏང་སྡོད་པ་དང་)ཡོ་སེབ་གཉིད་ལོག་ཟིན། དེ་ནས་གཉིད་ལོག་མཁན་གང་ལ་(དེ་ནས་གཉིད་ལོག་པ་དང་)ཁོའི་རྨི་ལམ་ལ་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་ཁོའི་རྩར་ལ་འོངས་ཏེ། ད་བིད་ཀྱི་རྩ་བ་(བུ་རྒྱུད་)ཡོ་སེབ། ཁྱོད་ཀྱིས་མིར་ཡམ་རང་མཉམ་པོ་འཇོག་ཅེས་ལ་མ་འཇིགས། མོ་དེ་གཟུགས་པོ་ལ་སྐྱེ་ཅེས་བྱས་པ་དེ་རྣམ་པར་དག་པའི་ཐུགས་ཀྱིས་སྐྱེ་བཅུག་པ་ཡིན། ༢༡ མོ་ལ་བུ་གཅིག་སྐྱེ་ཅེས་ཡོད། ཁྱོད་ཀྱིས་འོ་བུའི་མིང་ལ་ཡེ་ཤུ་༼ཡེ་ཧོ་ཤུ་ཝ་༽འཇོག་དོང་། (འདོགས་དོང་།) ཅི་ལས་སྨྲ་ན་ཡེ་ཤུས་རང་གི་མི་ཡ་ལ་ཁོ་རང་གི་ངོ་ལོག་ལས་ཐར་འཇུག་ཅེས་ཡོད། (ངོ་ལོག་ལས་ཐར་བཅུག་འོང་།) སྨྲས་ཏེ་ཡ་ཝྰེའི་ལོན་སྐྱེལ་མཁན་གྱིས་སྨྲ་ཟིན། (སྨྲས་ཏེ།) ༼ངོ་ལོག་གི་དོན་དག་ཅི་ཡིན་ནམ། མི་ཡ་གིས་ཨལ་ལོ་ཧིམ་ལ་ངོ་རྒོལ་བྱེད་མཁན།༽

༢༢ དེ་ནས་ཅི་ལས་འདི་ཅོག་འདྲ་འོངས་པ་སྨྲ་ན། (འོངས་པ་སྨྲ་ཟིན་ན།) ཡ་ཝྰེས་རང་ལས་སྐད་ཆ་ཤོད་མཁན་གྱིས་བྱས་ཏེ་སྨྲས་པའི་འདི་སྐད་ཆ་དོན་དག་འགྲུབ་འཇུག་སྨྲས་ཏེ་(དོན་དག་འགྲུབ་ཅེས་ལ་ ། དོན་དག་འགྲུབ་པ་ལ་)འདི་ཅོག་འདྲ་འོངས་པ་ཡིན་པ། 

༢༣ ལྟོས་ཨ། (ལྟོས་དང་།) བུ་མོ་ཤར་མ་གཅིག་གི་གཟུགས་པོ་ལ་སྐྱེ་ཅེས་བྱས་ཏེ་བུ་གཅིག་སྐྱེ་ཅེས་ཡོད། (བུ་གཅིག་སྐྱེས་འོང་།) 

དེ་ནས་མི་ཡ་གིས་ཁོ་ལ་ཨིམ་མ་ནུ་ཨལ་སྨྲ་ཅེས་ཡོད། (དེ་ནས་མི་ཡ་གིས་ཁོ་ལ་ཨིམ་མ་ནུ་ཨལ་སྨྲས་འོང་།) 

༼ཨིམ་མ་ནུ་ཨལ་སྨྲ་མཁན་དེ། ཨལ་ལོ་ཧིམ་འོ་རང་མཉམ་པོ་བསྡད་དེ་ཡོད་(ཨལ་ལོ་ཧིམ་འོ་རང་མཉམ་པོ་བསྡད་ཡོད་)སྨྲས་ཏེ་སྨྲས་པ་ཡིན་པ།༽

༢༤ དེ་ནས་ཡོ་སེབ་གཉིད་སད་དེ་འགབ་ལས་(དེ་ནས་ཡོ་སེབ་གཉིད་སད་སད་པ་ལ་)ཡ་ཝྰེའི་ལོན་སྐྱེལ་མཁན་གྱིས་རྨི་ལམ་ལ་སྨྲས་པའི་སྐད་ཆ་ལ་ཉན་ཏེ་མིར་ཡམ་རང་མཉམ་པོ་འཇོག་ཟིན། ༢༥ ཡིན་ནས་མོ་ལ་སྔོན་སྐྱེས་པ་མ་སྐྱེས་ཐུག་ཁོ་མོ་མཉམ་པོ་ལུས་འབྲེལ་མ་བྱས། བུ་སྐྱེས་ཏེ་འགབ་ལས་(བུ་སྐྱེས་སྐྱེས་པ་ལ་)ཡོ་སེབ་ཀྱིས་འོ་བུའི་མིང་ལ་ཡེ་ཤུ་༼ཡེ་ཧོ་ཤུ་ཝ་༽འཇོག་ཟིན།། །། (འདོགས་ཟིན།། །།)

Your encouragement is valuable to us

Your stories help make websites like this possible.