བག་མའི་མགྲོན་པོ་ཟ་ཅེས་ལ་སྐད་བརྒྱབ་པ།

༄༅།། །བག་མའི་མགྲོན་པོ་ཟ་ཅེས་ལ་སྐད་བརྒྱབ་པ། །

༧ འོ་ལ་འོངས་པའི་མགྲོན་པོ་ཡ་གིས་གྲལ་ཐོག་ཤོས་ལ་འདམས་པ་མཐོང་སྟེ་ཡེ་ཤུས་འདི་ཅོག་འདྲའི་གཏམ་དཔེ་གཅིག་སྨྲ་ཟིན། ༨ སུས་ཀྱང་ཁྱོད་ལ་བག་མའི་མགྲོན་པོ་ཟ་ཅེས་ལ་སྐད་རྒྱབ་ན་ཁྱོད་ཕྱིན་ཏེ་གྲལ་ཐོག་ཤོས་ལ་མ་སྡོད་ཨ། ཁྱོད་ལས་མི་ཆེ་བ་ལ་སྐད་བརྒྱབ་ཡོད་འགྲོ། ༩ དེ་ནས་འོ་མི་སླེབས་ཏེ་འགབ་ལས་ཁྱེད་གཉིས་ཀ་ལ་སྐད་རྒྱབ་མཁན་གྱི་གནས་པོ་འོངས་ཏེ། འདི་རོགས་ལ་ས་ཆ་སྟེར་ཏོང་། སྨྲས་ཏེ་ཁྱོད་ལ་སྡོད་སའི་ས་ཆ་ལས་སློང་ཅེས་ཡོད། འོ་དུས་ཚོད་ལ་ཁྱོད་ངོ་ཚ་སྟེ་གདོང་པ་དམར་པོ་དམར་པོ་ཕྱིན་ཏེ་གང་པོ་སྨྲས་ཏེ་གདིངཤོས་ལ་སྡོད་དགོས་ཅེས་ཡོད། ༡༠ འོ་སྨྲས་པས་ཁྱོད་ལ་མགྲོན་པོ་ཟ་ཅེས་ལ་སྐད་བརྒྱབ་ཡོད་ན་ཁྱོད་ཕྱིན་ཏེ་གྲལ་འོག་ཤོས་ལ་བསྡད་སོང་། དེ་ནས་ཁྱོད་ལ་སྐད་རྒྱབ་མཁན་གྱི་གནས་པོ་འོངས་ཏེ་ཁྱོད་ལ་གྲལ་ཐོག་ཤོས་ལ་འཇོག་ཅེས་ཡོད། དེ་ནས་མི་གང་པོའི་མདུན་ལ་ཁྱོད་ལ་བརྩི་བཀུར་འོང་ཅེས་ཡོད། ༡༡ ཅི་ལས་སྨྲ་ན། རང་གིས་རང་ལ་ཆེན་པོ་བཟོ་མཁན་དེ་ཆད་མ་འོང་ཅེས་ཡོད། རང་གིས་རང་ལ་ཆད་མ་བཟོ་མཁན་དེ་ནི་ཆེན་པོ་འགྲོ་ཅེས་ཡོད།། །།

Your encouragement is valuable to us

Your stories help make websites like this possible.