ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་ལ་བསད་པ།
1 འོའི་དུས་ཚོད་ལ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་རྒྱལ་པོ་བྱེད་མཁན་གྱི་ཧེ་རོ་དྰེས་ཡེ་ཤུའི་སྐོར་ལ་(དོན་ལ་)ཐོས་ཟིན། 2 འདི་སྐད་ཆ་ཅག་ཐོས་ཏེ་ཧེ་རོ་དྰེས་རང་གི་ཞབས་ཕྱི་ཞུ་མཁན་གྱི་མི་ཅག་ལ། འོ་མི་ནི་ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་རང་ཡིན་པ་ཚོད་ནུག ཁོ་ཤི་སྟེ་ལས་གསོན་པོར་ལངས་པ་ཡིན་པ་ཚོད་ནུག (ཁོ་འཆི་བ་ལས་གཉིས་པར་གསོན་པ་ཡིན་པ་ཚོད་ནུག) འོ་སོང་བས་མི་རོགས་ལ་འོ་ཅོག་འདྲའི་ལས་ཀ་ཡ་མཚན་ཆེ་བ་ཅག་(ངོ་མཚར་ཆེ་བའི་ལས་ཀ་ཅག་ ། ཧང་སང་ཅེས་ཀྱི་ལས་ཀ་ཅག་)བྱེད་མཁན་གྱི་དབང་ཐོབ་པ་ནུག་པ། སྨྲས་ཏེ། ཧེ་རོ་དྰེས།།
3-4 གདོང་ལ་(སྔ་མ་ ། སྔར་)ཅི་ཕྱིན་པ་སྨྲ་ན། ཧེ་རོ་དྰེས་རང་གི་འོག་མ་ཕི་ལིབ་ཀྱི་བུད་མེད་ཧེ་རོད་ཡྰ་ལ་འོམ་སྟེ་ཁྱེར་བ་སོང་བས་ཡུ་ཧ་ནན་གྱིས་ཁོ་ལ། རང་གི་འོག་མའི་བུད་མེད་འཇོག་མཁན་དེ་ངོ་ལོག་བྱས་པ་ཡིན་པ། སྨྲས་ཏེ་སྨྲས་པ། འོ་སོང་བས་ཧེ་རོ་དྰེས་ཡུ་ཧ་ནན་ལ་བཟུང་སྟེ་བཙོན་ཁང་ལ་བླུག་འཇུག་ཟིན། 5 འོ་སྐད་ཆ་སྨྲས་པ་སོང་བས་ཧེ་རོ་དྰེས་ཡུ་ཧ་ནན་ལ་གསོད་ཅེས་བཙོལ་བ་ཡོད་མཁན། ཡིན་ནས་ཁོ་མི་ཅག་མཉམ་པོ་འཇིགས་ཟིན། ཅི་ལས་སྨྲ་ན་ཁོང་གིས་ཡུ་ཧ་ནན་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡིན་སྨྲས་ཏེ་བརྩི་བཀུར་བྱས་པ་ཡོད་མཁན།།
6 ཧེ་རོ་དྰེའི་སྐྱེས་སྐར་གྱི་ཉི་མ་ལ་ཧེ་རོད་ཡྰའི་བུ་མོ་དེ་མགྲོན་པོ་གང་པོའི་མདུན་ལ་ཚད་མེད་པ་ཡག་པོ་བྱས་ཏེ་འཆམ་ཟིན། འདི་མཐོང་སྟེ་ཧེ་རོ་དྰེ་འཇིགས་པོར་དགེ་བ་ལང་ཟིན། 7 དེ་ནས་ཁོས་ཀྱིས་མནའ་བསྐྱེལ་ཏེ་ཧེ་རོད་ཡྰའི་བུ་མོ་ལ་སྨྲ་ཟིན། ཁྱོད་ཀྱིས་ཅི་སློང་སྨྲ་མཁན་དེ་ངས་ཀྱིས་སྟེར་མཁན། 8 དེ་ནས་མོས་ཀྱིས་རང་གི་ཨ་མས་ཀྱིས་བསླབས་པ་ཅོག་འདྲ་བྱས་ཏེ་སྨྲ་ཟིན། ང་ལ་ད་ལྟ་ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་གྱི་མགོ་སྡེར་མ་ལ་བཞག་སྟེ་སྟེར་ཏོང་། སྨྲས་ཏེ་མོས་ཀྱིས་སྨྲ་ཟིན། 9 འདི་ཅོག་འདྲ་བསླངས་པ་སོང་བས་ཧེ་རོ་དྰེའི་སེམས་ན་ཟིན། ཡིན་ནས། མགྲོན་པོ་ཅག་གི་མདུན་ལ་མནའ་བསྐྱེལ་བ་སོང་བས་བུ་མོས་ཀྱིས་བསླངས་པ་ཅོག་འདྲ་རང་བྱེད་དགོས་མཁན་སྨྲས་ཏེ་དམག་མི་གཅིག་ལ་སྐད་བརྒྱབ་སྟེ་སྐུལ་རྫོང་ཟིན། 10 འོ་དམག་མིས་བཙོན་ཁང་ལ་ཡུ་ཧ་ནན་གྱི་མགོ་བཅད་དེ་ 11 སྡེར་མ་ལ་བཞག་སྟེ་བུ་མོ་ལ་ཁྱོང་སྟེར་ཟིན། དེ་ནས་བུ་མོས་ཀྱིས་ཁྱེར་ཏེ་རང་གི་ཨ་མ་ལ་སྟེར་ཟིན།།
12 དེ་ནས་ཡུ་ཧ་ནན་གྱི་རྗེས་འབྲང་ཅག་(སློབ་མ་ཅག་)འོངས་ཏེ་ཡུ་ཧ་ནན་གྱི་རོ་ཁྱེར་ཏེ་ཕུག་པ་ལ་བདོག་ཟིན་པ་དང་ཡེ་ཤུ་ས་ལ་(ཡེ་ཤུའི་རྩར་ལ་)ཕྱིན་ཏེ་སྐད་ཆ་གང་པོ་ཤོད་ཟིན།།
ཡེ་ཤུས་མི་སྟོང་ཕྲག་ལྔ་ཙམ་ལ་ཟ་ཅེས་བསྟེར་བ།
13 འདི་སྐད་ཆ་ཐོས་ཐོས་པ་ལ་(ཐོས་ཟིན་ཏེ་)ཡེ་ཤུ་མི་ཅག་གི་ནང་ལས་ཐོན་ཏེ་གྲུ་གཅིག་ལ་ཞུགས་ཏེ་ས་ཆ་ཡངས་པོ་ཞིག་ལ་འགྲོ་ཟིན། ཡིན་ནས་ཡེ་ཤུ་ཕྱིན་པ་དེ་ཚོར་ཟིན་པ་དང་མི་ཅག་ཡུལ་ཡུལ་ལས་ཐོན་ཏེ་རྐང་པས་མཚོའི་ཟུར་ཟུར་ལ་བྱས་ཏེ་ཡེ་ཤུ་ལ་བཙོལ་ཏེ་འགྲོ་ཟིན། 14 ཡེ་ཤུ་གྲུ་ལས་འབབ་པ་དང་(འབབ་མཁན་སྒང་ལ་)མི་བུངས་ཤིག་ཅག་(མི་མི་མང་ཅག་)མཚོའི་ཟུར་ལ་བསྒུགས་ཏེ་བསྡད་པ་མཐོང་ཟིན། འོ་མི་མི་མང་ལ་མཐོང་སྟེ་ཡེ་ཤུའི་སེམས་ལ་སྙིང་རྗེ་སྐྱེ་ཟིན། དེ་ནས་ཡེ་ཤུས་འོ་ལ་ཡོད་མཁན་གྱི་ནད་པ་ཅག་ལ་དྲག་འཇུག་ཟིན།།
15 ནད་པ་ཅག་ལ་དྲག་འཇུག་པ་དང་(དྲག་འཇུག་པ་སྒང་ལ་)ནམ་སྲོད་ཅེས་བྱེད་ཟིན། དེ་ནས་ཉེ་གནས་ཅག་ཡེ་ཤུ་ས་ལ་(ཡེ་ཤུའི་རྩར་ལ་)འོངས་ཏེ་ཁོ་ལ། དགེ་རྒན། ད་ནི་ནམ་སྲོད་ཅེས་བྱེད་ཟིན། འདི་ལ་ནི་ཅི་ཡང་མི་འདུག ད་ནི་འདི་མི་ཅག་ལ་གློད་གཏོང་དོང་། ཁོང་རྩར་ཟུར་གྱི་ཡུལ་ཅག་ལ་ཕྱིན་ཏེ་ཟ་ཅེས་ཉོས་ཏེ་ཟ་འཇུག སྨྲས་ཏེ། ཉེ་གནས་ཅག་གིས། 16 ཡེ་ཤུས། ཁོང་འགྲོ་མི་དགོས་མཁན། ཁྱེད་ཀྱིས་ཁོང་ལ་ཟ་ཅེས་སྟེར་ཏོང་། སྨྲས་ཏེ། 17 ངེད་མཉམ་པོ་འཁུར་བ་ལྔ་དང་ཉ་གཉིས་ཤིག་རང་ཡོད་པ། སྨྲས་ཏེ། ཉེ་གནས་ཅག་གིས། 18 ཡེ་ཤུས། ག་རེ། ངའི་རྩར་ལ་ཁྱེར་ཤོག སྨྲས་ཏེ།
19 ཡེ་ཤུས་མི་ཅག་ལ་སྤང་རྩྭ་ལ་སྡོད་འཇུག་ཟིན། དེ་ནས་འཁུར་བ་ལྔ་དང་ཉ་གཉིས་ལག་པ་ལ་བླངས་ཏེ་གནམ་ལ་ཡར་བལྟས་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་ཟིན། དེ་ནས་འཁུར་བ་ཧྲལ་ཏེ་ཉེ་གནས་ཅག་ལ་སྟེར་ཟིན། ཉེ་གནས་ཅག་གིས་ཁྱེར་ཏེ་མི་ཅག་ལ་བགོས་ཏེ་སྟེར་ཟིན། 20 མི་ཁང་པོས་ཟ་ཁུག་མཁན་ཐུག་ཟ་ཟིན། ཟ་ཟིན་ཟིན་པ་ལ་(ཟ་ཟིན་ཏེ་ ། ཟ་ཟིན་ཏེ་རྗེས་ལ་)ལྷག་ཤུལ་ཅག་སྡུད་པ་དང་(སྡུད་མཁན་སྒང་ལ་)ཙེ་པོ་བཅུ་གཉིས་གང་ཟིན། 21 འོ་ལ་ཟ་མཁན་གྱི་མི་བུད་མེད་བུ་ཚ་དང་བུ་ཚ་ཡ་(བུད་མེད་དང་བུ་ཚ་ཅག་)མ་བགྲངས་པ་བྱས་ཏེ་སྐྱེས་པ་ཁྱོ་ག་གཅིག་རང་སྟོང་ཕྲག་ལྔ་ཙམ་ཡོད་མཁན།།
ཡེ་ཤུ་རྐང་པས་ཆུའི་ཁ་ལ་འོངས་པ།
22 འདི་ལས་ཀ་བྱེད་ཟིན་ཟིན་པ་ལ་(བྱས་འཚར་ཟིན་ཏེ་)ཡེ་ཤུས་ཉེ་གནས་ཅག་ལ། ཁྱེད་གྲུ་ལ་ཞུགས་ཏེ་གདོང་ལ་ཕར་ལོག་སོང་། སྨྲས་ཏེ། ཡེ་ཤུ་རང་དེ་མི་ཅག་ལ་སློག་གཏོང་ཅེས་ལ་སྡོད་ཟིན། 23 མི་ཅག་ལ་སློག་གཏོང་འཚར་ཟིན་པ་དང་ཡེ་ཤུ་གཅིག་རང་རི་ལ་འཛེགས་ཏེ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཅེས་ལ་འགྲོ་ཟིན། གསོལ་བ་འདེབས་པ་དང་(གསོལ་བ་འདེབས་འདེབས་པ་སྒང་ལ་)ནམ་སྲོད་ཟིན་ཟིན། དེ་ནས་ཡེ་ཤུ་གཅིག་རང་འོ་ལ་སྡོད་ཟིན།།
24 འོའི་དུས་ཚོད་ལ་ཉེ་གནས་ཅག་གྲུ་ལ་འཛེགས་ཏེ་མཚོའི་ཟུར་ལས་ཐག་རིང་པོ་འཇིགས་པོ་སླེབས་ཏེ་ཡོད་མཁན། ཡིན་ནས་ལྷགས་པ་རླུང་བསེབ་ཁོང་གི་མདུན་ངོས་ལས་(མདུན་ཕྱོགས་ལས་)འོངས་ཏེ་ཆུ་ཅག་གཡོབས་ཏེ་སྡུག་པོ་སྟེར་ཟིན། འོ་སོང་བས་ཁོང་ཕར་ཀན་ལ་སླེབ་མ་ཁུགས།།
25 ནམ་ཐོ་རེངས་ཕྱིན་ཕྱིན་པ་ལ་ཡེ་ཤུ་རྐང་པས་ཆུའི་ཁ་ལ་ཕྱིན་ཏེ་ཁོང་ལ་ཐུག་འགྲོ་ཟིན། 26 ཆུའི་ཁ་ལ་ཕྱིན་པ་མཐོང་སྟེ་ཉེ་གནས་ཅག་འཇིགས་པོར་འཇིགས་ཟིན། ཀྱེ་མ། འདྲེ་ནུག སྨྲས་ཏེ་ཁོང་འཇིགས་ཏེ་སྐད་འདོན་ཟིན། 27 དེ་ནས་ལམ་སང་རང་ཡེ་ཤུས་ཁོང་ལ། མ་འཇིགས། ང་རང་ཡིན། བློ་བདེ་མོ་བྱོས། 28 འདི་ཐོས་ཏེ་པེ་ཏྲོས། གཙོ་བོ་རང་ཡིན་ན་ང་ལ་ཡང་ཆུའི་ཁ་ལ་ཁྱོད་ས་ལ་འོང་ཅེས་ལ་བཀའ་སྟེར་ཏོང་། སྨྲས་ཏེ། 29 ཡེ་ཤུས། ཤོག པེ་ཏྲོ་གྲུ་ལས་བབས་ཏེ་ཆུ་ཁ་ལ་ཡེ་ཤུའི་ཕྱོགས་ལ་འགྲོ་ཅེས་འགོ་འཛུགས་ཟིན། 30 འགྲོ་འགྲོ་བ་དང་(འགྲོ་འགྲོ་བ་སྒང་ལ་)ཁོས་ཀྱིས་ལྷགས་པ་རླུང་བསེབ་འོང་མཁན་མཐོང་ཟིན། ཁོ་འཇིགས་ཏེ་ཐིམ་ཅེས་བྱེད་ཟིན། དེ་ནས་ཁོས་ཀྱིས། དཔོན་པོ་ང་ལ་ཐར་འཇུག་དོང་། སྨྲས་ཏེ་སྐད་འདོན་ལོང་མེད་པ་ 31 ཡེ་ཤུས་ལག་པ་བཏང་སྟེ་ཁོ་ལ་འཛིན་ཟིན། དེ་ནས། ཀྱེ། ཁྱོད་ཀྱི་ཡིད་ཆེས། ཅི་ལས་སེམས་གཉིས་འཕྱང་མཁན། སྨྲས་ཏེ། 32 ཡེ་ཤུ་པེ་ཏྲོ་མཉམ་པོ་གྲུ་ལ་འཇུག་པ་དང་ལྷགས་པ་རླུང་བསེབ་ཡང་ཙོག་གེ་སྡོད་ཟིན།
33 དེ་ནས་གྲུ་ལ་ཡོད་མཁན་གྱི་ཉེ་གནས་ཅག་གིས་ཡེ་ཤུ་ལ་མོས་པ་བྱས་ཏེ། བདེན་པར་ཁྱོད་ནི་ཨལ་ལོ་ཧིམ་གྱི་སྲས་པོ་ཡིན་པ་ནུག་པ། སྨྲས་ཏེ།།
གེན་ནེ་སྰ་རེལ་སྨྲ་མཁན་གྱི་ས་ཆ་ལ་ནད་པ་མང་མོ་ལ་དྲག་བཅུག་པ།
34 ཡེ་ཤུ་ཉེ་གནས་ཅག་མཉམ་པོ་མཚོ་བཅད་དེ་ཕར་ཀན་ལྡེབས་ཀྱི་གེན་ནེ་སྰ་རེལ་སྨྲ་མཁན་གྱི་ས་ཆ་ལ་གྲུ་ལས་འབབ་ཟིན། 35 འོ་ས་ཆའི་མི་ཅག་གིས་ཡེ་ཤུ་ལ་ངོ་ཤེས་ཟིན་པ་དང་རྩར་ཟུར་གྱི་ས་ཆ་ཅག་ལ་ལོན་གཏོང་ཟིན། ལོན་སླེབས་སླེབས་པ་ལ་(ལོན་སླེབ་ཟིན་ཏེ་)མི་ཅག་གིས་འོ་ཅག་ལ་ཡོད་མཁན་གྱི་ནད་པ་གང་པོ་ལ་ཡེ་ཤུའི་རྩར་ལ་འཁྱོང་ཟིན། 36 དེ་ནས་ཡེ་ཤུ་ལ། འདི་ནད་པ་ཅག་ལ་ཁྱོད་ཀྱི་བཀབ་ཆའི་ཟུར་གཅིག་ལ་ཡོད་ན་ཡང་རེག་འཇུག་དོང་། སྨྲས་ཏེ། ཡེ་ཤུའི་བཀབ་ཆ་ལ་རེག་མཁན་ཅག་གང་པོ་ལ་རང་དྲག་ཟིན།། །།