མཆོད་ཁང་ཧྲུམ་མཁན་གྱི་དོན་དག་ལ།
1 འོ་ལས་ཡ་ཤུ་བ་མཆོད་ཁང་ལས་འགྲོ་མཁན་གང་ལ་ཉེ་གནས་གཅིག་གིས། ལྟ་དོང་དགེ་རྒན་ལགས། འདི་མཆོད་ཁང་གི་རྩིག་པའི་རྡོ་ཡ་ག་ཚོད་ཆེན་པོ། འདི་མཆོད་ཁང་གི་བཟོ་ལྟ་ག་འདྲ་ཡག་པོ། སྨྲས་ཏེ་སྨྲ་ཟིན། 2 འོ་ལས་ཡ་ཤུ་བས་སྨྲ་ཟིན། ཁྱོད་ཀྱིས་འདི་མཆོད་ཁང་གི་བཟོ་ཡག་པོ་ཡ་མཐོང་སྟེ་ཧ་ལས་འོ་ནུག་པ། ལྟོས་ཨ། དུས་ཚོད་གཅིག་སླེབ་ཅེས་ཡོད། འོ་དུས་ཚོད་ལ་འདི་རྫས་གང་པོ་རང་རྨང་ཐུག་རང་ཕ་རང་ཕུ་རུང་འགྲོ་ཅེས་ཡོད། རྩིག་པའི་གཞི་གཅིག་ཀྱང་ལུས་ཅེས་མེད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
སྡུག་པོ་འབབ་མཁན་གྱི་དུས་ཚོད་ཀྱི་དོན་དག་ལ།
3 འོ་ལས་ཡ་ཤུ་བ་མཆོད་ཁང་གི་ཕར་ཀན་ལྡེབས་ལ་ཡོད་མཁན་གྱི་ཁ་སྐྱུར་པོའི་སྒང་ལ་སྡོད་མཁན་གང་ལ་པེ་ཏྲོ། ཡ་ཀོ་བོས། ཡུ་ཧ་ནན་དང་ཨན་དྲེ་ཡྰ། ཁོང་བཞི་དེ་རང་ཡ་ཤུ་བའི་རྩར་ལ་འོང་ཟིན། 4 དགེ་རྒན་ངེད་ལ་སྨྲ་དོང་ལགས། འོ་སྐད་ཆ་ནམ་དོན་དག་འགྲུབ་ཅེས་ཡོད་པ། འོ་སྐད་ཆ་དོན་དག་འགྲུབ་ཅེས་བྱེད་ཟིན་སྨྲས་ཏེ་ངེད་ཀྱིས་ག་འདྲ་བྱས་ཏེ་ངོ་ཤེས་ཁུག་ཅེས། སྨྲས་ཏེ་ཁོང་གིས་འདྲི་ཟིན།
5 འོ་ལས་ཡ་ཤུ་བས་སྨྲ་ཟིན། འཛེམ་པར་བྱེད་ཏོང་འོག་མ་ཡ། སུ་ཞིག་གིས་ཀྱང་ཁྱེད་ལ་མགོ་སྐོར་མ་ཁུག་འཇུག་སྨྲས་ཏེ་འཛེམ་པར་བྱེད་ཏོང་། 6 མི་མང་པོས་རང་ངའི་མིང་ལ་བསྟན་ཏེ། བསྐུས་པ་དེ་ང་རང་ཡིན། སྨྲས་ཏེ་མི་མང་པོ་ལ་རང་མགོ་སྐོར་ཅེས་ཡོད། 7 འོ་ལས་ཁྱེད་ཀྱིས་རང་གི་འགྲམ་ཡ་ལ་ཡང་། ཐག་རིང་པོའི་ས་ཆ་ཡ་ལ་ཡང་དམག་རྒྱབ་ཀོ་ནུ་སྨྲས་ཏེ་ཐོས་ཅེས་ཡོད། འོ་ཙམ་གང་ལ་ཁྱེད་མ་འཇིགས། འདི་ཅོག་གྲོའི་སྐད་ཆ་ནི་འོང་རང་འོང་ཅེས་ཡོད། ཡིན་ན་ཡང་འོ་ཙམ་ལ་རང་ནི་འཛམ་བུ་གླིང་མི་སྟོངས་མཁན། 8 བརྒྱུད་པ་གཅིག་གིས་གཅིག་ལ་དམག་རྒྱབ་ཅེས་ཡོད། རྒྱལ་ཁམས་གཅིག་གིས་གཅིག་ལ་འཇོམས་ཅེས་ཡོད། ཕྱོགས་ག་ན་ཐེ་ཏེ་རང་ས་འགུལ་འོང་ཅེས་ཡོད། འོ་ལས་ག་ན་ཐེ་ཏེ་རང་མུ་གེ་རྒྱབ་ཅེས་ཡོད། འདི་སྐད་ཆ་ཡ་ནི་བུ་ཚ་སྐྱེ་ཅེས་བྱེད་མཁན་གང་ལ་ཨ་མ་ལ་ད་རེ་རེ་ཟུག་རྒྱབ་མཁན་ཅོག་གྲོ་ཞིག་ཡིན་པ།
9 ཁྱེད་རང་འཛེམ་པ་བྱས་ཏེ་སྡོད་ཏོང་། མི་ཡ་གིས་ཁྱེད་ལ་བཟུང་སྟེ་གྲོས་མི་གང་པོའི་ས་ཆ་ཡ་ལ་འཁྱེར་ཅེས་ཡོད། འོ་ལས་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཁྱེར་ཏེ་རྡུང་ཅེས་ཡོད། ང་ལ་སེམས་བློ་འགེལ་གྱོ་སོང་གོ་རང་ཁྱེད་ལ་རྒྱལ་པོ་དང་བཀའ་བློན་ཡ་གི་མདུན་ལ་ལང་འཇུག་ཅེས་ཡོད། འོ་ཙམ་ལ་ཁྱེད་ལ་ངའི་དོན་དག་ལ་ཤོད་ཅེས་ལ་བྱེད་མཐུན་ཅེས་ཡོད། 10 ཅི་སྨྲ་ཟིན་སྨྲ་ན། འཛམ་བུ་གླིང་གི་སྟོངས་མཁན་གྱི་ཉི་མ་སླེབ་མཁན་སྨྲས་ཏེ་གདོང་ལ་རང་ལོན་བཟང་དེ་འཛམ་བུ་གླིང་གི་བརྒྱུད་པ་གང་པོ་ལ་རང་ཐོས་འཇུག་དགོས་མཁན།
11 མི་ཡ་གིས་ཁྱོད་ལ་བཟུང་སྟེ་ཁྲིམས་གཏོང་མཁན་གྱི་ས་ཆ་ལ་འཁྱེར་མཁན་གང་ལ། དོ་རི་ཅི་གཏམ་སྨྲ་ཅེས། གཏམ་ག་འདྲ་བྱས་ཏེ་སྨྲ་ཅེས་སྨྲས་ཏེ་སྡུག་བསྔལ་མ་བྱེད། འོ་ཙམ་ལ་རང་སྨྲ་དགོས་མཁན་གྱི་གཏམ་འཐོན་ཅེས་ཡོད། ག་འདྲ་བྱས་ཏེ་སྨྲ་ན། ཁྱེད་ཀྱི་སྨྲ་མཁན་གྱི་གཏམ་ཁྱེད་རང་དེ་རང་མིན་པ། རུ་ཨག་རྣམ་པར་དག་པ་རང་ཁྱེད་མཉམ་པོ་བསྡད་དེ་ཁྱེད་ལ་གཏམ་སྨྲ་འཇུག་ཅེས་ཡོད། 12 མི་ཡ་གིས་རང་གི་ཨ་པོ་འོག་མ་ལ་རང་དགྲའི་ལག་པ་ལ་ཆུད་བཅུག་སྟེ་གསོད་འཇུག་ཅེས་ཡོད། ཨ་ཕས་རང་གི་བུ་བུ་མོ་ཡ་ལ། འོ་ལས་བུ་བུ་མོ་ཡ་གིས་རང་གི་ཨ་ཕ་ཨ་མ་ལ་དགྲའི་ལག་པ་ལ་ཆུད་བཅུག་སྟེ་གསོད་འཇུག་ཅེས་ཡོད། 13 ཁྱེད་ངའི་མིང་གི་དོན་དག་ལ་མི་གང་པོས་རང་ཁྱེད་ལ་རྔན་ཆེན་བྱེད་ཅེས་ཡོད། ཡིན་ན་ཡང་རྟིང་ཐུག་དད་པ་མ་ལོག་པར་བྱས་ཏེ་སྡོད་མཁན་ཡ་ཐར་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
སྡུག་པོ་ཆེན་པོ་འབབ་མཁན་གྱི་དོན་དག་ལ།
14 {འོ་ལས་གཉིས་པར་རང་ཡ་ཤུ་བས་སྨྲ་ཟིན།} སྐྱུག་བྲོ་ཅེས་ཅོག་གྲོའི་རྫས་ཤིག་ལང་འཇུག་ཅེས་འོང་རང་མི་འོང་མཁན་གྱི་ས་ཆ་ལ་ལང་བཅུག་སྟེ་སྡོད་ཀྱོ་འོང་ཅེས་ཡོད་{སྨྲས་ཏེ་ཡ་ཧུ་དྰ་པའི་གསུང་རབ་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ད་ནི་ཨལ་གྱིས་བྲིས་ཏེ་ཡོད་པ།} སྒྲོག་མཁན་གྱི་མིས་འདི་སྐད་ཆ་ཅི་ཡིན་པ་སྨྲས་ཏེ་ཡག་པོ་བྱས་ཏེ་བསམ་བློ་གཏོང་ཆུག །འོ་ཅོག་གྲོའི་རྫས་ཤིག་བསླངས་འཇོག་ཀྱོ་མཐོང་སྟེ་འགབ་ལས་ཡ་ཧུ་དྰ་ལུང་པ་ལ་སྡོད་མཁན་གྱི་མི་ཡ་ལ་ངོས་ལས་འབྲོས་འཇུག 15 །འོ་ཙམ་གང་ལ་ཁང་པའི་ཐོག་ལ་སྡོད་མཁན་གྱི་མི་ཡ་སྤུས་ལེན་གོ་ལ་ཁང་པ་ནང་ལ་མ་འཇུག་ཆུག 16 །ཞིང་ལ་ལས་ཀ་བྱེད་མཁན་གྱི་མི་ཡ་བཀབ་ཆ་ལེན་གོ་ལ་ཁང་པ་ལ་ལོག་མ་འགྲོ་ཆུག 17 །འོ་ཙམ་གང་ལ་གཟུགས་པོ་གཉིས་པ་ཡོད་མཁན་དང་བུ་ཚ་ཁྱེའུ་ཡོད་མཁན་གྱི་ཨ་མ་ཡ་ལ་ཁེན་པ་ཁག་པོ་འོང་ཅེས་ཡོད། 18 ཁྱེད་འབྲོས་དགོས་མཁན་གྱི་ཉི་མ་ཁྱགས་པ་ཟླ་བ་ལ་འཁེལ་མ་འཇུག་སྨྲས་ཏེ་གསོལ་བ་འདེབས་ཏོང་། 19 ཅི་སྨྲ་ཟིན་སྨྲ་ན། འོ་ཙམ་གང་ལ་འབབ་མཁན་གྱི་སྡུག་པོ་འཛམ་བུ་གླིང་ཆགས་ལས་ཡིན་འཇུག་ད་ལྟ་ཐུག་བབས་ཏེ་མེད། འོ་ལས་འགབ་ལས་ཀྱང་འབབ་ཅེས་མེད། 20 ཡ་ཝེས་འོ་སྡུག་པོ་ཆེན་པོ་འབབ་མཁན་གྱི་ཉི་མ་མ་ཕྲིས་པ་ཡིན་ན་ནི་མི་ཅི་ཡང་ཐར་ཅེས་མེད་པ་སྲིད། ཡིན་ན་ཡང་རང་གི་འདམ་གྱོའི་མི་ཡ་གི་དོན་དག་ལ་ནི་ཡ་ཝེས་འོ་ཉི་མ་ཡ་འཕྲི་འཚར་ཟིན།
21 མི་ཡ་གིས་ཁྱེད་ལ། འདི་ལ་ལྟ་དོང་། བསྐུས་པ་དེ་འདི་ལ་ནུ། ཏ་ཕར་ལ་ལྟ་དོང་། ཏ་ཕར་ལ་ནུ། སྨྲས་ཏེ་སྨྲ་ཅེས་ཡོད། འོ་ཙམ་གང་ལ་ཁྱེད་ཀྱིས་མི་ཡ་གི་སྨྲ་མཁན་གྱི་གཏམ་ལ་ཡིད་མ་ཆེས། 22 ལ་ལས། ང་རང་བསྐུས་པ་དེ་ཡིན། འོ་ལས་ལ་ལས། ང་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡིན། སྨྲས་ཏེ་རྫུན་བརྒྱབ་སྟེ་འོང་ཅེས་ཡོད། ཁོང་གིས་ལས་ཀ་ཡ་མཚན་ཆེ་བ་ཡ་བསྟན་ཏེ་མི་ཡ་ལ་མགོ་སྐོར་ཅེས་ཡོད། གླགས་འཁེལ་མཁན་ཡིན་པ་ཡིན་ན་ཨལ་ལོ་ཧིམ་གྱི་འདམ་གྱོའི་མི་ཡ་ལ་ཡང་མགོ་སྐོར་ཅེས་ཡོད་མཁན། 23 འོ་སོང་པས་ཁྱེད་འཛེམ་པ་བྱས་ཏེ་སྡོད་ཏོང་། ཁྱེད་འཛེམ་པ་བྱས་ཏེ་སྡོད་ཁུག་འཇུག་སྨྲས་ཏེ་རང་འདི་སྐད་ཆ་གང་པོ་རང་ངས་ཁྱེད་ལ་གདོང་ལ་རང་ཤོད་ཀྱོ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཡ་ཤུ་བ་ཐོན་འོང་མཁན་གྱི་ཉི་མ།
24 {འོ་ལས་གཉིས་པར་རང་ཡ་ཤུ་བས་སྨྲ་ཟིན།} འདི་སྡུག་པོ་ཆེན་པོ་ཡ་འབབ་ཟིན་ཏེ་འགབ་ལས་ཉི་མ་ནག་ཚུབ་འགྲོ་ཅེས་ཡོད། ཟླ་ཡུམ་འཆར་ཅེས་མེད། 25 སྐར་མ་ཡ་གནམ་ལས་མར་རྡིབས་འོང་ཅེས་ཡོད། གནམ་གྱི་ཉི་མ། ཟླ་ཡུམ་དང་སྐར་མ་ཡ་གིས་རྟག་རྟག་ཉག་ཉག་བྱས་ཏེ་ནམ་རྩིས་འཛིན་ཅེས་མེད། 26 འོ་ཙམ་ལ་མི་ཡ་གིས་མིའི་བུ་དབང་ཆ་ཆེན་པོ་གོན་ཏེ་གཟི་བརྗིད་ཆེན་པོ་འཐོགས་ཏེ་རྨུགས་པ་མཉམ་པོ་མཉམ་པོ་རང་འོང་མཁན་མཐོང་ཅེས་ཡོད། 27 འོ་ལས་མིའི་བུས་ཁོའི་ལོན་སྐྱེལ་མཁན་ཡ་ལ་འཛམ་བུ་གླིང་གི་ཕྱོགས་ག་ན་ཐེ་ཏེ་རང་གཏོང་ཅེས་ཡོད། འོ་ལས་ཁོང་གིས་ཨལ་ལོ་ཧིམ་གྱི་འདམ་གྱོའི་མི་གང་པོ་ལ་རང་བསྡུས་ཏེ་འཁྱོང་ཅེས་ཡོད།
28 སེ་ཡབ་ཀྱི་སྡོང་པོ་ལ་དཔེ་ལྟ་དོང་། ཤིང་ལོ་བརྡོལ་ཏེ་འགབ་ལས་རི་དྲོད་འབར་ཅེས་བྱེད་ཟིན་སྨྲས་ཏེ་ཁྱེད་ཀྱིས་ངོ་ཤེས་མཁན། 29 འདི་ཅོག་གྲོ་རང་། འོ་སྐད་ཆ་ཡ་དོན་དག་འགྲུབ་མཁན་མཐོང་སྟེ་འགབ་ལས་འཛམ་བུ་གླིང་གི་སྟོངས་མཁན་གྱི་ཉི་མ་སླེབ་ཅེས་རང་བྱེད་ཟིན་སྨྲས་ཏེ་ཁྱེད་ཀྱིས་ངོ་ཤེས་ཁུག་ཅེས་ཡོད། 30 ངའི་སྨྲ་མཁན་གྱི་གཏམ་ཉན་ཏེ་ཞོག །འོ་སྐད་ཆ་གང་པོ་རང་དོན་དག་མ་གྲུབ་བར་དུ་འདི་{ཡིས་ར་ཨལ་ལི་} བརྒྱུད་པ་སྟོངས་ཅེས་མེད། 31 གནམ་དང་འཛམ་བུ་གླིང་སྟོངས་ཅེས་ཡོད། ངའི་སྨྲ་ཀྱོའི་གཏམ་ནི་ནམ་ཡང་སྟོར་ཏེ་འགྲོ་ཅེས་མེད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཡ་ཤུ་བ་ནམ་ལོག་འོང་མཁན་སྨྲས་ཏེ་སུ་ལ་ཡང་རྒྱུས་མི་འོང་མཁན།
32 {འོ་ལས་གཉིས་པར་རང་ཡང་ཡ་ཤུ་བས་སྨྲ་ཟིན།} འོ་ཉི་མ་ནམ་སླེབ་མཁན་སྨྲས་ཏེ་སུ་ལ་ཡང་རྟག་རྟག་ཉག་ཉག་བྱས་ཏེ་རྒྱུས་མི་འོང་མཁན། ནམ་མཁའི་ལོན་སྐྱེལ་མཁན་ཡ་དང་བུ་ཁོ་རང་ལ་ཡང་རྒྱུས་མེད་པ། འོ་དེ་ཨ་ཕ་གཅིག་ལ་རང་རྒྱུས་ཡོད་པ། 33 འོ་སོང་པས་ཁྱེད་སེམས་རློག་པར་བྱས་ཏེ་དང་ཁྱེད་ཀྱིས་གསོལ་བ་བཏབ་སྟེ་སྡོད་ཏོང་། ཅི་སྨྲ་ཟིན་སྨྲ་ན། འོ་ཉི་མ་ནམ་སླེབ་མཁན་སྨྲས་ཏེ་ཁྱེད་ཀྱིས་ངོ་མི་ཤེས་མཁན།
34 དཔེ་ཡིན་ན། མི་གཅིག་སྐོར་བ་རྒྱབ་འགྲོ་མཁན་གང་ལ་ཁོས་རང་གི་ཁང་པའི་གཡོག་པོ་ཡ་ལ་རྩིས་བརྒྱབ་འཇོག་མཁན། གཡོག་པོ་རེ་རེ་ལ་རང་རང་གི་བྱེད་དགོས་མཁན་གྱི་ལས་ཀ་བསྐུལ་འཇོག་མཁན། འོ་ལས་སྒོ་ལ་སྲུངས་ཏེ་སྡོད་མཁན་གྱི་མི་ལ། ཡག་པོ་བྱས་ཏེ་སྲུངས་ཏེ་སྡོད་ལོ། སྨྲས་ཏེ་སྨྲ་མཁན། 35 འདི་ཅོག་གྲོ་བྱས་ཏེ་རང་ཁྱེད་ཀྱིས་ཀྱང་ཀྲོང་ངེ་བྱས་ཏེ་སྡོད་ཏོང་། ཁང་པའི་བདག་པོ་ནམ་འོང་མཁན་སྨྲས་ཏེ་ཁྱེད་ལ་རྒྱུས་མི་འོང་མཁན། ཁོ་དགོང་སྲོད། ནུབ་ཕྱེད། བྱ་པོ་གདོང་ལ་དང་ཉི་མ་འཆར་མཁན། ག་ཚོད་དུས་ལ་སྨྲ་ན་ཡང་འོང་ཁུག་མཁན། 36 ཁོ་འོང་མཁན་སྨྲས་ཏེ་སེམས་ཡིད་ལ་ཡང་མེད་པ་ལ་འོང་ཟིན་སྨྲ་ན་ཁྱེད་གཉིད་ལོག་སྟེ་སྡོད་ཀྱོ་དེ་ཐུག་མ་ཟིན་འཇུག་སྨྲས་ཏེ་ཀྲོང་ངེ་བྱས་ཏེ་སྡོད་ཏོང་། 37 ཁྱེད་ལ་སྨྲ་ཀྱོ་དེ་ཁྱེད་གཅིག་ལ་རང་མིན་པ་ངས་མི་གང་པོ་ལ་རང་སྨྲ་ཀྱོ་ཡིན་པ། ཀྲོང་ངེ་བྱས་ཏེ་སྡོད་ཏོང་། སྨྲས་ཏེ་ཡ་ཤུ་བས་སྨྲས་ཏེ་འཇོག་ཀྱོ།། །།