རྣམ་པར་དག་པའི་ཐུགས་འོངས་པ།
༡ ཉི་མ་ལྔ་བཅུ་སྨྲ་མཁན་གྱི་དུས་ཆེན་༼ཡེ་ཤུ་གསོན་པོར་ལངས་ཏེ་གཟའ་འཁོར་བདུན་གྱི་རྗེས་མའི་གཟའ་ཉི་མ་དེ་༽སླེབ་པ་དང་ཡེ་ཤུ་པ་གང་པོ་རྒྱ་གཅིག་ལ་འཛོམས་ཏེ་བསྡད་དེ་ཡོད་མཁན། ༢ དེ་ནས་ཏོག་ཙམ་ཞིག་ལ་(ཧར་གཏོང་གང་ལ་ ། ཧར་གཏོང་བ་དང་)གནམ་ལས་མར་ལྷག་པ་ཤུགས་ཆེན་པོ་ཞིག་འོངས་ཏེ་ཁོང་སྡོད་སའི་ཁྱིམ་ལ་ག་ན་ག་ན་སྐད་འདོན་ཟིན། ༣ དེ་ནས་མེའི་ལྕེ་ཅོག་འདྲ་ཁོང་གི་འགྲམ་ལ་མཐོང་ཟིན། འོ་མེ་བཀྲམས་ཏེ་ཁོང་གང་པོའི་ཐོག་ལ་སྡོད་ཟིན། ༤ དེ་ནས་ཁོང་གི་སེམས་ལ་རྣམ་པར་དག་པའི་ཐུགས་སྡོད་འོང་ཟིན། དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་(ཐུགས་ལས་)ཁོང་གིས་མ་བསླབས་པའི་སྐད་གསར་པ་གསར་པ་ཡ་སྨྲ་ཅེས་འཛུགས་ཟིན།།
༥ ད་ཡ་རུ་ཤ་ལེམ་ལ་ས་གཞིའི་ལུང་པ་གཞན་དག་ལས་འོངས་པའི་ཡ་ཧུ་དྰ་པ་ཡ་བསྡད་དེ་ཡོད་མཁན། ཁོང་ཨལ་ལོ་ཧིམ་ལ་མོས་པ་བྱེད་མཁན་གྱི་མི་ཡིན་མཁན། ༦ དེ་ནས་འོ་ཅོག་འདྲའི་སྐད་(དེ་ནས་འོ་འདྲའི་སྐད་)ཐོས་པས། མི་མང་པོ་འཛོམ་འོང་ཟིན། དེ་ནས་ལུང་པ་གཞན་དག་ལས་འོངས་པའི་ཡ་ཧུ་དྰ་པ་ཡ་གིས་ཁོང་རང་རང་གི་སྐད་ཆ་སྨྲ་མཁན་ཐོས་ཟིན། དེ་ནས་འཐོམ་ཟིན། ༧ དེ་ནས་ཧ་ལས་ཏེ་ཁོང་གིས་གཅིག་ལ་གཅིག་ལ། (རང་ནང་ལ།) ལྟོས་གནང་། འདི་གཏམ་ཡ་སྨྲ་མཁན་གྱི་མི་གང་པོ་རང་ག་ལིལ་པ་དེ་མིན་པས། ༼མིན་ནམ།༽ ༨ འདི་ཅི་ཡིན་པས། ༼འདི་ཅི་ཡིན་ནམ།༽ ཁོང་གིས་སྨྲས་པའི་སྐད་ཆ་འོ་རང་ལུང་པ་གཞན་དག་ལས་འོངས་པའི་མི་ཡ་གིས་ཀྱང་ངོ་ཤེས་འོ་ནུག ཁོང་གིས་འོ་རང་གི་སྐད་རང་(ཕ་སྐད་རང་ ། སྐད་ཆ་ལས་གཏམ་རང་)སྨྲ་འོ་ནུག ཨལ་ལོ་ཧིམ་གྱིས་བྱེད་མཁན་གྱི་ལས་ཀ་ཆེན་པོའི་སྐད་ཆ་རང་སྨྲ་འོ་ནུག སྨྲས་ཏེ་ཁོང་གིས་སྨྲ་ཟིན། (སྨྲས་ཏེ་ཁོང་གིས།)
༩ མི་མང་གི་ནང་ལ་ལུང་པ་མང་པོའི་མི་ཡོད་མཁན། པར་ཐ་པ། ཏ་ཟིག་པ། ཨེ་ལམ་པ། མེ་སོ་པོ་ཐེམ་ཡྰ། ཡ་ཧུ་དྰ། ཀ་པ་དོག་ཡྰ། བོན་ཏུ། ཨ་སི་ཨྰ། ༡༠ ཕྲིག་ཡྰ། པམ་ཕིལ་ཡྰ། མི་སེར། ཀི་རེ་ནེའི་འགྲམ་ལ་ཡོད་མཁན་གྱི་ལིབ་ཡྰ་ལུང་པ། རོ་མ་རྒྱལ་ས། ༡༡ ཀྲེ་ཏྰ་གླིང་ཕྲན་དང་ཨ་རབ་ལུང་པའི་མི། དེ་ནས་ཁོང་གི་ནང་ལ་ཡ་ཧུ་དྰ་པའི་བརྒྱུད་པའི་མི་ཡང་ཡོད་མཁན། ཡ་ཧུ་དྰ་པའི་གསུང་རབ་ལ་ཞུགས་པའི་བརྒྱུད་པ་གཞན་པའི་མི་ཡང་ཡོད་མཁན།
༡༢ དེ་ནས་ཁོང་ཧང་སངས་ཏེ་འཐོམས་ཏེ་གཅིག་ལ་གཅིག་ལ། (རང་ནང་ལ།) འདིའི་དོན་དག་ཅི་ཡིན་པས། ༼འདིའི་དོན་དག་ཅི་ཡིན་ནམ།༽ སྨྲས་ཏེ་འདྲི་ཞིབ་བྱེད་ཟིན། ༡༣ མི་རེ་འགའས་ནི། འདི་མི་ཡ་ནི་རྒུན་ཆང་གིས་(རྒུན་འབྲུམ་གྱི་ཨ་རག་གིས་)བཟི་བ་ཡིན་པ་ཚོད་ནུག་པ། སྨྲས་ཏེ་ཡེ་ཤུ་པ་ཡ་ལ་གཤེ་ཁྲལ་བྱེད་ཟིན།།
པེ་ཏྲོས་མི་ཡ་ལ་སྐད་ཆ་ཧ་གོ་བཅུག་པ།
༡༤ དེ་ནས་ཉེ་གནས་བཅུ་གཉིས་ལངས་ཏེ་པེ་ཏྲོ་དེ་གིས་སྐད་ཆེན་པོ་བསྟན་ཏེ་མི་གང་པོ་ལ། ཨེ་ཡ་ཧུ་དྰ་པའི་རོགས་ཡ་དང་ཡ་རུ་ཤ་ལེམ་ལ་སྡོད་མཁན་གྱི་མི་ཡ། འདི་ལ་ཕྱིན་པའི་སྐད་ཆ་(འདི་ལ་ཅི་ཕྱིན་པ་ཡིན་མཁན་)ངས་ཀྱིས་ཁྱེད་ལ་ངོ་ཤེས་འཇུག་མཁན། ངས་ཀྱིས་སྨྲ་མཁན་གྱི་སྐད་ཆ་ལ་ཡག་པོ་བྱས་ཏེ་ཉན་དོང་། ༡༥ ཁྱེད་ཀྱིས་བསམ་བློ་བཏང་བ་ཅོག་འདྲ་འདི་མི་ཡ་རྒུན་འབྲུམ་གྱི་ཨ་རག་གིས་བཟི་བ་མིན་པ། ད་ལྟ་སྔ་དྲོའི་ཆུ་ཚོད་དགུ་པ་གཅིག་རང་སླེབས་ཏེ་ཡོད་མཁན། འདི་ཙམ་སྔ་དྲོ་ནི་སུ་ཡང་མི་བཟི་མཁན། ༡༦ ཡིན་ནས་འདི་ལ་ནི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོ་ཨལ་གྱིས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་ཟིན།
༡༧ ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུག །
འདི་འཛམ་བུ་གླིང་སྟོངས་མཁན་སྨྲས་ཏེ་གདོང་ལ་(སྟོངས་མཁན་གྱི་གདོང་ལ་ ། སྟོངས་མཁན་གྱི་སྔོན་ལ་)མི་གང་པོ་ལ་ངས་ཀྱིས་རང་གི་རྣམ་པར་དག་པའི་ཐུགས་སྟེར་ཅེས་ཡོད།།
དེ་ནས་ཁྱེད་ཀྱི་བུ་བུ་མོ་ཡ་གིས་མངོན་ཤེས་ཤོད་མཁན།།
ཤར་པ་ཡ་གིས་ངའི་བསྟན་པའི་ལས་ཀ་ཡ་(མཇལ་ཀ་ཡ་)མཐོང་མཁན།།
རྒན་རྒོན་ཡ་གིས་རྨི་ལམ་ལ་ངའི་སྐད་ཆ་སློབ་མཁན།།
༡༨ ང་ལ་ཞབས་ཏོག་ཞུ་མཁན་གྱི་བུ་དང་བུ་མོ་གང་པོ་ལ་ངས་ཀྱིས་རང་གི་རྣམ་པར་དག་པའི་ཐུགས་སྟེར་ཅེས་ཡོད།།
དེ་ནས་ཁོང་གིས་མངོན་ཤེས་ཤོད་མཁན།།
༡༩ དེ་ནས་གནམ་ལ་ཡ་མཚན་ཆེ་བའི་ལས་ཀ་ཡ་(ཧང་སང་ཅེས་ཀྱི་ལས་ཀ་ཡ་ ། ངོ་མཚར་ཆེ་བ་)སྟོན་ཅེས་ཡོད། དེ་ནས་ས་གཞི་ལ་ངས་ཀྱིས་ལྟས་ཡ་སྟོན་ཅེས་ཡོད།།
དེ་ནས་མི་ཡ་གིས་ཁྲག མེ་དང་དུད་པ་ནག་པོ་ནག་པོ་མཐོང་མཁན།། ༼སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུག །༽
༢༠ ཡ་ཝྰེའི་རྩིས་ཆེན་པོ་དང་སེམས་ལ་འཇོག་མཁན་གྱི་ཉི་མ་འོང་མཁན་སྨྲས་ཏེ་གདོང་ལ་(འོང་མཁན་གྱི་གདོང་ལ་ ། འོང་མཁན་གྱི་སྔོན་ལ་)
ཉི་མ་ནག་ཁུང་འགྲོ་མཁན། ཟླ་བ་ཁྲག་ཅོག་འདྲ་དམར་པོ་འགྲོ་མཁན།།
༢༡ དེ་ནས་འོ་ཙམ་དུས་ལ་(དེ་ནས་འོའི་རྗེས་ལ་)ཡ་ཝྰེའི་མིང་ལ་འབོད་སྒྲ་རྒྱབ་མཁན་གང་པོ་ཐར་མཁན།།
༼སྨྲས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོ་ཨལ་གྱིས་བྲིས་བཞག་པ་ནུག་པ།། (བྲིས་བཞག་ནུག་པ།།)༽
༢༢ དེ་ནས་གཉིས་པར་པེ་ཏྲོས་ཁོང་ལ། ཡིས་ར་ཨལ་པའི་ཨ་པོ་འོག་མ་ཡ། ངའི་སྐད་ཆ་ཉན་དོང་། ཨལ་ལོ་ཧིམ་གྱིས་ན་ཙ་རེད་ཀྱི་ཡེ་ཤུ་ལས་ཀྱིས་བྱས་ཏེ་(ཡེ་ཤུ་ལམ་ལས་ ། ཡེ་ཤུ་ལས་)ཁྱེད་ཀྱི་བར་དཀྱིལ་ལ་ཡ་མཚན་ཆེ་བའི་ལས་ཀ་མང་པོ་བྱེད་ཟིན། (ཧ་ལས་ཧང་སང་ཅེས་ཀྱི་ལས་ཀ་མང་པོ་བྱེད་ཟིན།) ཆེན་པོའི་ལས་ཀ་མང་པོ་སྟོན་ཟིན། འདི་ལས་ཀ་བསྟན་ཏེ་ཨལ་ལོ་ཧིམ་གྱིས་ན་ཙ་རེད་ཀྱི་ཡེ་ཤུ་ལ་རང་གི་རང་བཏང་བ་ཡིན་པ་སྨྲས་ཏེ་མངོན་རྟགས་སྟེར་ཟིན། ༢༣ དེ་ནས་ཨལ་ལོ་ཧིམ་གྱིས་གདོང་ལ་རང་རང་གི་བསམ་བློ་བཏང་བ་ཅོག་འདྲ་བྱས་ཏེ་ཡེ་ཤུ་ཁྱེད་ཀྱི་ལག་པ་ལ་འཆོལ་ཟིན། དེ་ནས་ཁྱེད་ཀྱིས་བཙོག་པའི་མི་ཡ་ལ་(མི་རྩིས་མཁན་གྱི་མི་ཡ་ལ་)བསྐུལ་ཏེ་ཡེ་ཤུ་ལ་རྒྱངས་ཤིང་ལ་འཕྱངས་ཏེ་གསོད་འཇུག་ཟིན། ༢༤ ཡིན་ནས་ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་ཤི་བའི་ས་ཆ་ལས་(རྒྱ་ལས་)གསོན་པོར་ལང་འཇུག་ཟིན། ཡེ་ཤུ་ལ་ཤི་བའི་སྡུག་པོ་ལས་ཁ་འབྱེད་ཟིན། མི་ལ་འཆི་འཇུག་མཁན་དེ་གིས་ཡེ་ཤུ་ལ་ཤི་བའི་ས་ཆ་ལ་(རྒྱ་ལ་)ཤི་སྟེ་རང་སྡོད་འཇུག་མ་ཁུགས། ༢༥ རྒྱལ་པོ་ད་བིད་ཀྱིས་ཀྱང་འོ་རང་གི་གསུང་རབ་ལ་ཡེ་ཤུའི་སྐོར་ལ་འདི་ཅོག་འདྲ་སྨྲས་ཏེ་(འོ་འདྲ་སྨྲས་ཏེ་)ཡོད་མཁན།
ངས་ཀྱིས་ཡ་ཝྰེ་ལ་རྟག་པར་ངའི་མདུན་ལ་མཐོང་སྟེ་ཡོད་མཁན།།
ཡ་ཝྰེ་ངའི་གཡས་པ་ངོས་ལ་བསྡད་དེ་ཡོད་མཁན།།
འོ་སོང་བས་ང་མི་འཇིགས་མཁན།།
༢༦ འོ་སོང་བས་ང་དགེ་བ་བྱས་ཏེ་སྡོད་མཁན།། (འོ་སོང་བས་ངའི་སེམས་ནང་ལ་དགའ་ཚོར་ཡོད།།)
དེ་ནས་དགེ་བའི་གླུ་ལེན་མཁན།།
ཤི་སྟེ་འགྲོ་དགོས་ན་ཡང་ང་རང་ལ་རེ་བ་བྱས་ཏེ་སྡོད་མཁན།།
༢༧ ཅི་ལས་སྨྲ་ན་ཁྱོད་ཀྱིས་ངའི་སེམས་ལ་ཤི་སྟེ་ལས་སླེབ་སའི་ཡུལ་ལ་(རྒྱ་ལ་)ལུས་མི་འཇུག་མཁན།།
ཁྱོད་ཀྱིས་རྣམ་པར་དག་པའི་མི་ལ་རུལ་ཏེ་ལུས་མི་འཇུག་མཁན།།
༢༨ ཁྱོད་ཀྱིས་ང་ལ་ཚེ་མཐའ་མེད་པ་འབྱོར་མཁན་གྱི་ལམ་བསྟན་ཏེ་ཡོད་མཁན།།
ཁྱོད་མཉམ་པོ་སྡོད་མཁན་གང་ལ་(ཁྱོད་མཉམ་པོ་ཡོད་མཁན་གང་ལ་ ། ཁྱོད་མཉམ་པོ་ཡོད་པ་དང་)ངའི་སེམས་དགའ་ཚོར་གྱིས་གང་མཁན།། (ང་དགེ་བ་ལང་མཁན།།)
སྨྲས་ཏེ་རྒྱལ་པོ་ད་བིད་ཀྱིས་སྨྲས་ཏེ་ཡོད་མཁན།།
༢༩ ཨ་པོ་འོག་མ་ཡ། (ཨ་ད་ནོ་ཡ།) འོ་རང་གི་མེས་མེས་ཡང་མེས་ད་བིད་ཀྱི་སྐོར་ལ་ངས་ཀྱིས་མ་གསང་བར་བྱས་ཏེ་སྨྲ་ཁུག་མཁན། ཤི་སྟེ་ལས་མི་ཡ་གིས་ཁོ་ལ་རོ་ཁང་ལ་འཇོག་ཟིན། འོ་རོ་ཁང་ད་རུང་ཡང་ཡོད་པ། ༣༠ རྒྱལ་པོ་ད་བིད་ནི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡིན་མཁན། ཁོས་འོ་སྐད་ཆ་མངོན་ཤེས་བཤད་དེ་སྨྲས་པ། ཨལ་ལོ་ཧིམ་གྱིས་ཁོའི་རྩ་བ་ལས་(ཁོའི་བརྒྱུད་པ་ལས་)མི་སྣ་གཅིག་རྒྱལ་པོ་ཆེན་པོ་བཟོས་ཏེ་རང་གི་ཁྲི་ལ་སྡོད་འཇུག་མཁན་སྨྲས་ཏེ་མནའ་བསྐྱེལ་ཏེ་དམ་བཅའ་བྱས་ཏེ་ཡོད་མཁན། ༣༡ ཨལ་ལོ་ཧིམ་གྱིས་རྗེས་ལ་བྱེད་མཁན་གྱི་ལས་ཀ་རྒྱལ་པོ་ད་བིད་ཀྱིས་གདོང་ལ་རང་མངོན་ཤེས་ཤོད་ཟིན་ཏེ་ཡོད་མཁན། (མཐོང་ཟིན་ཏེ་ཡོད་མཁན།) དེ་ནས། ཨལ་ལོ་ཧིམ་གྱིས་ང་ལ་ཤི་སྟེ་ལས་སླེབ་སའི་ཡུལ་ལ་དབྱུགས་འཇོག་ཅེས་མེད། རང་གི་རྣམ་པར་དག་པའི་མི་ལ་རུལ་ཏེ་ནོངས་འཇུག་ཅེས་མེད། སྨྲ་མཁན་གྱི་སྐད་ཆ་དེ་ད་བིད་ཀྱིས་དབང་སྐུར་ཐོབ་པ་དེ་གི་སྐོར་ལ་སྨྲ་ཟིན། ཁོ་ཤི་སྟེ་གསོན་པོར་ལང་མཁན་སྨྲས་ཏེ་ད་བིད་ཀྱིས་གདོང་ལ་མངོན་ཤེས་བཤད་དེ་སྨྲས་པ།
༣༢ འདི་དབང་སྐུར་ཐོབ་པ་ནི་ཡེ་ཤུ་རང་ཡིན་པ། ཡེ་ཤུ་ལ་ཨལ་ལོ་ཧིམ་གྱིས་ཤི་བའི་ཡུལ་ལས་གསོན་པོར་ལང་འཇུག་ཟིན། འདི་དོན་རྐྱེན་གྱི་སྐོར་ལ་ (འདི་སྐད་ཆའི་སྐོར་ལ་)ངེད་གང་པོ་དཔང་པོ་ཡོད། (དཔང་པོ་ཡིན་མཁན།) ༣༣ དེ་ནས་ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་རང་མཉམ་པོ་རང་གི་གཡས་པ་ངོས་ལ་སྡོད་འཇུག་ཟིན། དེ་ནས་དམ་བཅའ་བྱས་པ་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་རྣམ་པར་དག་པའི་ཐུགས་སྟེར་ཟིན། དེ་ནས་ཡེ་ཤུས་ཀྱིས་རྣམ་པར་དག་པའི་ཐུགས་ངེད་ལ་(འོ་རང་ལ་)བགྱེས་ཏེ་ཡོད་མཁན། ད་ལྟ་ཁྱེད་ཀྱིས་ཐོས་ཏེ་དང་མཐོང་སྟེ་ཡོད་མཁན།
༣༤ རྒྱལ་པོ་ད་བིད་ནི་ནམ་མཁའ་ལ་ཕྱིན་ཏེ་ཨལ་ལོ་ཧིམ་མཉམ་པོ་ཁྲི་ལ་སྡོད་མ་མྱངས། ཡིན་ནས་ད་བིད་ཀྱིས་རང་གི་རང་འདི་ཅོག་འདྲ་སྨྲས་ཏེ་ཡོད་མཁན།
ཡ་ཝྰེས་ངའི་ཨ་དོན་ལ།།
༣༥ ཁྱོད་ཀྱི་དགྲ་གང་པོ་ལ་ཁྱོད་ཀྱི་རྐང་པའི་འོག་ལ་ཆུད་མ་བཅུག་པར་ཐུག་ངའི་གཡས་པ་ངོ་ལ་སྡོད་ཤོག སྨྲས་ཏེ་ཡོད་མཁན།
སྨྲས་ཏེ་རྒྱལ་པོ་ད་བིད་ཀྱིས་བྲིས་བཞག་སྟེ་ཡོད་མཁན།།
༣༦ ད་ནི་ཡིས་ར་ཨལ་པ་གང་པོས་འདི་སྐད་ཆ་ངོ་ཤེས་དགོས་མཁན། ཁྱེད་ཀྱིས་རྒྱངས་ཤིང་ལ་འཕྱངས་ཏེ་བསད་པའི་ཡེ་ཤུ་ལ་ནི་ཨལ་ལོ་ཧིམ་གྱིས་དཔོན་པོ་དང་དབང་སྐུར་ཐོབ་པ་གཉིས་ཀ་རང་བཟོ་ཟིན། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།
༣༧ པེ་ཏྲོའི་སྐད་ཆ་ཐོས་ཏེ་མི་ཡ་གི་སེམས་ལ་ཟུག་ཟིན། དེ་ནས་པེ་ཏྲོ་དང་སྐུ་ཚབ་གཞན་པ་ཡ་ལ། ཨེ་ཨ་པོ་ཡ། (ཨེ་ཨ་ད་ཡ།) འོ་བྱས་ན་ནི་ངེད་ཀྱིས་ཅི་བྱེད་མཁན། སྨྲས་ཏེ་འདྲི་ཟིན། ༣༨ དེ་ནས་པེ་ཏྲོས་ཁོང་ལ། ཁྱེད་གང་པོས་འགྱོད་པ་སྐྱས་ཏེ་ངོ་ལོག་གི་ལས་ཀ་སྤོང་ཟིན་པ་དང་(ཁྱེད་གང་པོས་ངོ་ལོག་གི་ལས་ཀ་སྤངས་ཏེ་སེམས་འགྱུར་བ་གཏོང་ཟིན་པ་དང་)དབང་སྐུར་ཐོབ་པའི་ཡེ་ཤུའི་མིང་ལ་ཁྲུས་གསོལ་ལེན་དོང་། དེ་ནས་ཁྱེད་ཀྱིས་བྱས་པའི་ངོ་ལོག་འདག་མཁན། དེ་ནས་ཨལ་ལོ་ཧིམ་གྱིས་ཁྱེད་ལ་རྣམ་པར་དག་པའི་ཐུགས་སྟེར་མཁན། ༣༩ ཨལ་ལོ་ཧིམ་གྱིས་རྣམ་པར་དག་པའི་ཐུགས་སྟེར་མཁན་སྨྲས་ཏེ་དམ་བཅའ་བྱས་པ། (དམ་བཅའ་བྱེད་ཟིན་ཏེ་ཡོད་མཁན།) འདི་དམ་བཅའ་དེ་ཁྱེད་ཀྱི་ཆེད་དུ། ཁྱེད་ཀྱི་བུ་བུ་མོ་ཡ་གི་ཆེད་དུ། ཡིན་ནས་འོ་ཙམ་དེ་རང་མིན་པ། ཡ་ཝྰེ་འོ་རང་གི་ཨལ་ལོ་ཧིམ་གྱིས་ཐག་རིང་པོ་ལ་སྡོད་མཁན་གྱི་མི་གང་པོའི་ཆེད་དུ་ཡིན་མཁན། ཡ་ཝྰེས་འབོད་སྒྲ་རྒྱབ་གང་པོའི་ཆེད་དུ་ཡིན་མཁན། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།
༤༠ དེ་ནས་པེ་ཏྲོས་མི་ཡ་ལ་སྐད་ཆ་གཞན་པ་མང་པོ་ངོ་ཤེས་འཇུག་ཟིན། དེ་ནས་མི་ཡ་ལ་ཨུ་ཚུགས་བྱས་ཏེ་ཁོང་ལ། མདང་དེ་རིང་གི་མ་དག་པའི་ལས་ཀ་བྱེད་མཁན་གྱི་མི་མཉམ་པོ་མ་འཆམ། ངེན་པ་ལས་ཁྱེད་རང་གིས་རང་ལ་ཐར་འཇུག་ཏོང་། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༤༡ དེ་ནས་མི་མང་པོས་པེ་ཏྲོས་སྨྲས་པའི་སྐད་ཆ་ཡིད་ཆེས་བྱས་ཏེ་ཁྲུས་གསོལ་ལེན་ཟིན། འོ་ཉི་མ་ལ་ཁྲུས་གསོལ་ལེན་མཁན་གྱི་མི་སྟོང་ཕྲག་གསུམ་ཙམ་(གསུམ་སྟོང་ཙམ་)ཡོད་མཁན། ༤༢ དེ་ནས་ཁོང་གིས་སྐུ་ཚབ་ཡ་གི་ཁྲིད་ཉན་གོ་ཡོད་མཁན། ཡེ་ཤུ་པ་ཡ་མཉམ་པོ་བཅམ་སྟེ་སྡོད་ཀོ་ཡོད་མཁན། ཨ་དོན་གྱིས་ཟོ་སྨྲས་ཏེ་སྨྲས་བཞག་པའི་དགོང་ཟས་མཉམ་པོ་ཟ་འོ་ཡོད་མཁན། (འཁུར་བ་ཕྱེད་ཀ་བཏང་སྟེ་བཟས་ཏེ་སྡོད་ཀོ་ཡོད་མཁན།) དེ་ནས་མཉམ་པོ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཀོ་ཡོད་མཁན།
༤༣ ཨལ་ལོ་ཧིམ་ལས་དབང་ཐོབ་སྟེ་སྐུ་ཚབ་ཡ་གིས་ལས་ཀ་ཡ་མཚན་ཆེ་བ་མང་པོ་(ཧང་སང་ཅེས་ཀྱི་ལས་ཀ་མང་པོ་)དང་རྟགས་མང་པོ་སྟོན་གོ་ཡོད་མཁན། འོ་འདྲ་བྱས་ཏེ་མི་གང་པོ་འཇིགས་པོར་འཇིགས་ཟིན། ༤༤ ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་ཡ་(ཡེ་ཤུ་པ་ཡ་)བཅམ་སྟེ་སྡོད་ཀོ་ཡོད་མཁན། རང་མཉམ་པོ་ཡོད་མཁན་གྱི་རྒྱུ་ཡ་(བྱད་ལག་ཡ་)རང་ནང་ལ་བགོད་འོ་ཡོད་མཁན། ༤༥ ཁོང་རང་གི་ཞིང་ཡ་དང་རྒྱུ་ཡ་(བྱད་ལག་ཡ་)བཙོངས་ཏེ་རང་ནང་གི་སྡུག་པོ་ངོ་ཤེས་ཏེ་སྡུག་པོ་ཡོད་མཁན་གྱི་མི་ཡ་ལ་འགྱེད་འོ་ཡོད་མཁན། ༤༦ རྒྱུན་དུ་(ཉི་མ་རེ་རེ་)ཁོང་སེམས་གཅིག་འགྲིགས་ཏེ་(སེམས་གཅིག་པ་བྱས་ཏེ་)ཡ་ཧུ་དྰ་པའི་མཆོད་ཁང་ལ་འཛོམ་གོ་ཡོད་མཁན། ཁྱིམ་ཁྱིམ་ལ་ཡང་འཛོམས་ཏེ་སེམས་བཟང་པོ་བྱས་ཏེ། དགེ་བ་བྱས་ཏེ་ཟ་ཅེས་མཉམ་པོ་ཟ་འོ་ཡོད་མཁན། ༤༧ དེ་ནས་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་གོ་ཡོད་མཁན། མི་གཞན་པ་ཡ་གིས་ཁོང་ལ་བློ་ལ་འགྲོ་འོ་ཡོད་མཁན། དེ་ནས་ཨ་དོན་གྱིས་ཐར་བཅུག་པའི་མི་ཡ་རྒྱུན་དུ་(ཉི་མ་རེ་རེ་)མང་འགྲོ་མང་འགྲོ་བྱས་ཏེ་འགྲོ་ཟིན།། །།