མད་ཐྰ་ལེའུ་བརྒྱད་པ།

མཛེ་ན་ཚ་རྒྱབ་མཁན་གྱི་མི་གཅིག་ལ་དྲག་བཅུག་པ། (མཛེ་པོ་གཅིག་ལ་དྲག་བཅུག་པ།)

༡ ཡེ་ཤུ་རི་ལས་མར་འབབ་མཁན་གང་ལ་མི་བུངས་ཆེན་པོ་ཞིག་(མི་མང་)ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན། ༢ དེ་ནས་མཛེ་ན་ཚ་རྒྱབ་མཁན་གྱི་མི་གཅིག་(མཛེ་པོ་གཅིག་)འོངས་ཏེ་ཡེ་ཤུའི་མདུན་ལ་པུས་མོ་བཙུགས་ཏེ། དཔོན་པོ་ལགས། ཁྱོད་ཀྱི་སེམས་ལ་སྐྱེས་ཏེ་ཡོད་ན་ང་ལ་དྲག་འཇུག་ཁུག་མཁན། སྨྲས་ཏེ་ཞུ་ཟིན། ༣ དེ་ནས་ཡེ་ཤུས་ཁོ་ལ་ལག་པས་རེག་སྟེ། ཁྱོད་དྲག་འཇུག་སྨྲས་ཏེ་ངའི་སེམས་ལ་སྐྱེས་ཏེ་ཡོད་པ། ཁྱོད་ཀྱི་སེམས་ལ་སྐྱེ་མཁན་དེ་འོང་ཆུག  སྨྲས་ཏེ་སྨྲ་ལོང་མེད་པ་འོ་མི་དྲག་ཟིན། ༤ དེ་ནས་ཡེ་ཤུས་ཁོ་ལ་བཀའ་གནང་ཟིན། འདི་སྐད་ཆ་སུ་ལ་མ་ཤོད། ཡིན་ནས། མཆོད་པ་འབུལ་མཁན་གྱི་ལེ་ཝིའི་རྩར་ལ་༼མཆོད་དཔོན་གྱི་རྩར་ལ་༽ཕྱིན་ཏེ་ལྟ་འཇུག་དོང་། དེ་ནས་མོ་ཤེས་མཛེ་དྲག་སྟེ་འགབ་ལས་སྟེར་ཏོང་སྨྲས་ཏེ་སྨྲས་བཞག་པའི་བྱད་ལག་ཡ་སྟེར་ཏོང་། དེ་ནས་ཁྱོད་དྲག་ཟིན་ནུ་སྨྲ་མཁན་དེ་མི་ཡ་གིས་ཧ་གོ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

ཀ་ཕར་ན་ཧུམ་ཡུལ་ཆེན་པོ་ལ་སྡོད་མཁན་གྱི་རོ་མ་པའི་དམག་གི་བརྒྱ་དཔོན་གྱིས་(རོ་མ་པའི་བརྒྱ་ཐམ་པའི་དམག་དཔོན་གྱིས་)མོས་པ་ཆེན་པོ་བྱས་པ།

༥ ཡེ་ཤུ་ཀ་ཕར་ན་ཧུམ་ཡུལ་ཆེན་པོ་ལ་སླེབ་མཁན་གང་ལ་རོ་མ་པའི་དམག་གི་བརྒྱ་དཔོན་གཅིག་(རོ་མ་པའི་བརྒྱ་ཐམ་པའི་དམག་དཔོན་གཅིག་)འོངས་ཏེ་ཡེ་ཤུ་ལ་ཞུ་བ་འཐེན་ཟིན། (ཡེ་ཤུ་ལ་རེ་བ་ཞུ་ཟིན།) ༦ དཔོན་པོ་ལགས། ངའི་གཡོག་པོ་གཟུགས་པོ་སྒུལ་མི་ཁུག་མཁན་གྱི་ན་ཚ་བརྒྱབ་སྟེ་(ངའི་གཡོག་པོ་རྐང་པ་ལག་པ་ཤོར་བའི་ན་ཚ་བརྒྱབ་སྟེ་)ཁང་པ་ལ་ཉལ་ས་ལ་ཆུད་དེ་ཡོད་པ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༧ དེ་ནས་ཡེ་ཤུས། ང་འོངས་ཏེ་ཁོ་ལ་དྲག་འཇུག་མཁན། སྨྲས་ཏེ་སྨྲ་ཟིན། ༨ ཡིན་ནས་བརྒྱ་དཔོན་དེ་གིས་སྨྲ་ཟིན། དཔོན་པོ། ཁྱོད་ཀྱིས་ངའི་ཁང་པ་ལ་འོང་ཅེས་ལ་འོ་བརྒྱལ་བྱེད་མི་དགོས་མཁན། (སྡུག་པོ་བྱེད་མི་དགོས་མཁན།) ང་ཁྱོད་ལ་མི་གཤའ་མཁན་གྱི་མི་ཡིན་པ། (ང་ཁྱོད་ལ་གཤའ་ཅེས་མེད་པའི་མི་ཡིན་པ།) ཡིན་ནས་རང་གི་བཀའ་གཅིག་རང་གནང་ན་ཡང་ངའི་གཡོག་པོ་དྲག་མཁན། ༩ ཅི་ལས་སྨྲ་ན་ང་ཡང་འགོ་པའི་དབང་གི་འོག་ལ་སྡོད་ཀོ་ཡོད་པ། ངའི་དབང་གི་འོག་ལ་ཡང་དམག་མི་ཡ་སྡོད་ཀོ་ཡོད་པ། གཅིག་ལ་སོང་སྨྲ་ན་ཁོ་འགྲོ་མཁན། ཤོག་སྨྲ་ན་ཁོ་འོང་མཁན། དེ་ནས་ངའི་གཡོག་པོ་ལ་ཡང་འདི་ཅོག་འདྲ་བྱོས་སྨྲ་ན་ཁོས་བྱེད་མཁན། སྨྲས་ཏེ་བརྒྱ་དཔོན་གྱིས་སྨྲ་ཟིན། ༡༠ འདི་སྐད་ཆ་ཐོས་ཏེ་ཡེ་ཤུ་ཧ་ལས་ཟིན། དེ་ནས་རང་མཉམ་པོ་འོང་མཁན་གྱི་མི་ཡ་ལ་སྨྲ་ཟིན། ངའི་སྐད་ཆ་ལ་ཉན་ཏེ་འཇོག་དོང་། འདི་ཙམ་ཆེན་པོ་མོས་པ་བྱེད་མཁན་གྱི་མི་ངས་ཡིས་ར་ཨལ་གྱི་མི་ཡ་གི་བར་དཀྱིལ་ལ་ཡང་མཐོང་སྟེ་མེད། ༡༡ ད་ལྟ་ངས་ཁྱེད་ལ་སྨྲ་མཁན། ཤར་དང་ནུབ་ལས་མི་མང་པོ་འོངས་ཏེ་ནམ་མཁའི་རྒྱལ་སྲིད་ལ་ཞུགས་ཏེ་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་མཉམ་པོ་བསྡད་དེ་མགྲོན་པོ་ཟ་ཅེས་ཡོད། ༡༢ ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་འདམས་པའི་ཡིས་ར་ཨལ་གྱི་མི་ཡ་ལ་ནི་ཨལ་ལོ་ཧིམ་གྱིས་ཕྱི་ལ་ནག་ཁུང་གི་ས་ཆ་ལ་སྐྱུར་ཅེས་ཡོད། འོ་ལ་མི་ཡ་སོ་མུར་ཏེ་མུར་ཏེ་ངུ་སྒྲ་གཏིང་སྒྲ་བྱས་ཏེ་སྡོད་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

༡༣ དེ་ནས་ཚུར་ལ་ལོག་སྟེ་ཡེ་ཤུས་བརྒྱ་དཔོན་ལ་སྨྲ་ཟིན། འོང་མཁན། ད་ཁྱོད་སོང་། ཁྱོད་ཀྱིས་ཡིད་ཆེས་བྱས་པ་ཅོག་འདྲ་འོང་ཅེས་ཡོད། འོ་ཙམ་ལ་བརྒྱ་དཔོན་གྱི་གཡོག་པོ་དྲག་ཟིན།། 

ཡེ་ཤུས་ནད་པ་ཡ་ལ་དྲག་བཅུག་པ།

༡༤ དེ་ནས་ཡེ་ཤུ་པེ་ཏྲོའི་ཁང་པ་ལ་འོང་ཟིན། འོ་ལ་ཡེ་ཤུས་པེ་ཏྲོའི་སྒྱུག་མོ་ཚ་བ་སྐྱེས་ཏེ་ཉལ་ས་ལ་ཆུད་པ་མཐོང་ཟིན། ༡༥ དེ་ནས་ཡེ་ཤུས་མོའི་ལག་པ་ལ་བཟུང་སྟེ་འགབ་ལས་མོ་ལ་ཚ་བས་གཏོང་ཟིན། (ཚ་བས་ལུས་གཏོང་ཟིན།) དེ་ནས་མོ་ལངས་ཏེ་ཁོང་ལ་མགྲོན་པོ་སྐྱོང་ཟིན།། 

༡༦ ནམ་སྲོད་ཅེས་བྱེད་མཁན་གང་ལ་མི་ཡ་གིས་འདྲེ་ཞུགས་པའི་མི་ཡ་ཡེ་ཤུའི་རྩར་ལ་འཁྱོང་ཟིན། དེ་ནས་ཡེ་ཤུས་རང་གི་གནང་བའི་བཀས་བྱས་ཏེ་འདྲེ་ཡ་ལ་བཏོན་ཏེ་གཏོང་ཟིན། དེ་ནས་ནད་པ་གང་པོ་ལ་དྲག་འཇུག་ཟིན། ༡༧ འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཨི་སི་ཡས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ། (དོན་དག་འགྲུབ་ཟིན།) 

ཁོས་འོ་རང་གི་སྡུག་པོ་དང་ན་ཚ་ཡ་ལ་བླངས་ཏེ་རང་གི་རང་འཁུར་ཟིན།།

སྨྲས་ཏེ་སྨྲས་བཞག་པ་ནུ་བ།།

ཡེ་ཤུས་ཉེ་གནས་ཡ་ལ་ཁོག་པ་མཐོང་བ།

༡༨ དེ་ནས་མི་བུངས་(མི་མང་)རང་གི་རྩར་ཟུར་ལ་བཅིར་ཏེ་བཅིར་ཏེ་འོང་མཁན་མཐོང་སྟེ་ཡེ་ཤུས་རང་གི་ཉེ་གནས་ཡ་ལ། འགྲོ། ད་ནི་འོ་རང་མཚོའི་ཕར་ཀན་ལྡེབས་ལ་འགྲོ་མཁན། སྨྲས་ཏེ་སྨྲ་ཟིན། ༡༩ འོ་ཙམ་ཁང་ལ་(འོ་གང་ལས་)བཀའ་ཁྲིམས་ཀྱི་དགེ་རྒན་གཅིག་(བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་གཅིག་)འོངས་ཏེ་ཡེ་ཤུ་ལ། དགེ་རྒན། རང་ག་ན་འགྲོ་ང་ཡང་རང་མཉམ་པོ་འགྲོ་མཁན། སྨྲས་ཏེ་སྨྲ་ཟིན། ༢༠ དེ་ནས་ཡེ་ཤུས། ཝ་མོ་ཡ་དེ་(ཁིབ་སྤྱང་ཡ་དེ་)སྡོད་ཅེས་ལ་ཕུག་ཡོད་པ། བྱ་བྱིའུ་ཡ་དེ་ཚང་(ཚང་གོ་)ཡོད་པ། ཡིན་ནས་མིའི་བུ་དེ་ནི་མགོ་འཇོག་སའི་ས་ཆ་ཅི་ཡང་མེད། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།) 

༢༡ དེ་ནས་ཉེ་གནས་གཞན་པ་གཅིག་གིས་ཀྱང་། དཔོན་པོ། གདོང་ལས་ང་ལ་རང་གི་ཨ་ཕའི་རོ་བདོག་ལོང་སྟེར་ཏོང་། སྨྲས་ཏེ་ཞུ་ཟིན། ༢༢ ཡིན་ནས་ཡེ་ཤུས། གཤིན་པོ་ཡ་ལ་ཤི་བའི་མི་ཡ་གིས་བདོག་ཆུག  ཁྱོད་ནི་ངའི་རྗེས་བསྙེགས་ཏེ་ཤོག  སྨྲས་ཏེ་སྨྲ་ཟིན།།

ཡེ་ཤུས་ལྷགས་པ་རླུང་བསེབ་ལ་ཙོག་གེ་སྡོད་སྨྲས་ཏེ་བཀའ་གནང་བ།

༢༣ དེ་ནས་ཡེ་ཤུ་གྲུ་ལ་ཞུགས་ཏེ་འགབ་ལས་ཉེ་གནས་ཡ་ཡང་གྲུ་ལ་འཇུག་ཟིན། ༢༤ གྲུ་ལ་འགྲོ་འགྲོ་བ་གང་ལ་(འགྲོ་མཁན་འགྲོ་མཁན་གང་ལ་)ཏོག་ཙམ་ཞིག་ལ་ལྷགས་པ་རླུང་བསེབ་འོངས་ཏེ་ཆུ་ཡ་ཕར་ཚུར་གཡོབས་ཏེ་ཆུ་གྲུའི་ནང་ལ་ཞུགས་ཏེ་ཁོང་ཐིམ་ཅེས་བྱེད་ཟིན། ཡིན་ནས་ཡེ་ཤུ་གཉིད་ལོག་སྟེ་ཡོད་མཁན། ༢༥ དེ་ནས་ཉེ་གནས་ཡ་ཡེ་ཤུའི་འགྲམ་ལ་ཕྱིན་ཏེ་ཡེ་ཤུ་ལ་གཉིད་སད་བཅུག་སྟེ། དཔོན་པོ། ངེད་ལ་ཐར་འཇུག་དོང་། ངེད་ནི་འཆི་ཅེས་བྱེད་ཟིན། སྨྲས་ཏེ་ཞུ་ཟིན། ༢༦ དེ་ནས་ཡེ་ཤུས་ཁོང་ལ་སྨྲ་ཟིན། ཁྱེད་ཅི་ལས་འདི་ཅོག་འདྲ་བྱས་ཏེ་འཇིགས་མཁན། ག་རེ། ཁྱོད་ཀྱི་དད་པ། འདི་ཙམ་སྨྲས་ཏེ་ཡེ་ཤུ་ལངས་ཏེ་ལྷགས་པ་རླུང་བསེབ་ལ། ཙོག་གེ་སྡོད། སྨྲས་ཏེ་བཀའ་གནང་ཟིན། བཀའ་གནང་ལོང་མེད་པ་ལྷགས་པ་རླུང་བསེབ་ཙོག་གེ་བསྡད་དེ་ཆུ་ཡང་སྙོམ་འགྲོ་ཟིན། 

༢༧ འདི་མི་ནི་ག་འདྲ་ཡིན་པ་ནི། ལྷགས་པ་རླུང་བསེབ་དང་ཆུ་ཡིན་འཇུག་གིས་ཁོས་སྨྲས་པའི་བཀའ་ལ་ཉན་གོ་ནུ། སྨྲས་ཏེ་འོ་མི་ཡ་ཧ་ལས་ཟིན།། 

མི་གཉིས་ལ་འདྲེ་མང་པོ་ཞུགས་པའི་སྐད་ཆ།

༢༨ ཁོང་ཕར་ཀན་ལྡེབས་ཀྱི་ག་ད་ར་ནི་སྨྲ་མཁན་གྱི་ལུང་པ་ལ་སླེབ་མཁན་གྱི་དུས་ལ་(སླེབ་མཁན་གང་ལ་)འདྲེ་ཞུགས་པའི་མི་གཉིས་རོ་བདོག་མཁན་གྱི་ཕུག་པ་ཡ་ལས་འོང་མཁན་བྱེད་མཁན་གང་ལ་ཡེ་ཤུ་ལ་ཐུག་ཟིན། ཁོང་གཉིས་ཀྱི་འཇིགས་པས་འོ་ལམ་ལས་སུ་ཡང་མི་འགྲོ་ཡོད་མཁན། ༢༩ དེ་ནས་ཁོང་གཉིས་ཀྱིས་སྐད་བཏོན་ཏེ་སྨྲ་ཟིན། ཡེ་ཤུ་ཨལ་ལོ་ཧིམ་གྱི་སྲས་པོ། ཁྱོད་ཀྱིས་ངེད་ལ་ཅི་བྱེད་ཅེས་སྨྲས་ཏེ་འོངས་པ། ཁྲིམས་ལྟ་མཁན་གྱི་ཉི་མ་མ་བསླེབས་པ་ལ་ངེད་ལ་སྡུག་པོ་སྟེར་ཅེས་ལ་འོངས་པ་ཡིན་ནམ།། 

༣༠ འོའི་ཕར་ཙམ་ལ་ཕག་ཁྱུ་གཅིག་སོས་བསྡད་དེ་ཡོད་མཁན། ༣༡ དེ་ནས། ངེད་ལ་འདོན་རང་འདོན་ན་(ངེད་ལ་འདོན་རང་འདོན་ཟིན་སྨྲ་ན་)འོ་ཕག་ཁྱུའི་ནང་ལ་འཇུག་འཇུག་དོང་། སྨྲས་ཏེ་འོ་འདྲེ་ཡ་གིས་ཡེ་ཤུ་ལ་རེ་སྟེ་སྨྲ་ཟིན། ༣༢ དེ་ནས་ཡེ་ཤུས། སོང་འོ་ན། སྨྲས་ཏེ་སྨྲ་མཁན་གང་ལ་འོ་འདྲེ་ཡ་མི་གཉིས་ལས་ཐོན་ཏེ་ཕག་ཁྱུའི་ནང་ལ་ཞུགས་ཏེ། དེ་ནས་ཕག་ཁྱུ་བྲག་ལས་མར་མཆོངས་ཏེ་མཚོ་ལ་ཐིམ་སྟེ་འཆི་ཟིན།། 

༣༣ ཕག་རྫི་ཡ་མཆོངས་ཏེ་ཡུལ་ཆེན་པོ་ལ་ཕྱིན་ཏེ་འདྲེ་ཞུགས་པའི་མི་གཉིས་ཀྱི་སྐད་ཆ་གང་པོ་ཤོད་ཟིན། ༣༤ འདི་སྐད་ཆ་ཐོས་ལོང་མེད་པ་ཡུལ་པ་ལངས་ཏེ་ཡེ་ཤུ་ལ་ཐུག་འོང་ཟིན། ཐུག་སྟེ་ཡུལ་པ་ཡ་གིས་ཡེ་ཤུ་ལ། འདི་ངེད་ཀྱི་ལུང་པ་ལས་ཐོན་ཏེ་འགྲོ་དོང་། སྨྲས་ཏེ་ཞུ་ཟིན།། །། 

Your encouragement is valuable to us

Your stories help make websites like this possible.