མི་ལ་སྐྱོན་འདོགས་མཁན་གྱི་སྐོར་ལ། (དོན་ལ།)
1 ༼དེ་ནས་གཉིས་པར་ཡེ་ཤུས།༽ མི་ལ་སྐྱོན་མ་འདོགས། འདོགས་ན་ཨལ་ལོ་ཧིམ་གྱིས་ཀྱང་ཁྱེད་ལ་སྐྱོན་འདོགས་ཅེས་ནུག 2 ཅི་ལས་སྨྲ་ན། ག་འདྲ་བྱས་ཏེ་ཁྱེད་ཀྱིས་མི་ལ་སྐྱོན་འདོགས་མཁན། འོ་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཁྱེད་ལ་སྐྱོན་འདོགས་ཅེས་ནུག ག་འདྲ་ཁྲུ་ཡིས་ཁྱེད་ཀྱིས་མི་ལ་རྡེབ་མཁན་(ཚད་མཁན་)འོ་ཁྲུ་ཡིས་རང་ཨལ་ལོ་ཧིམ་གྱིས་ཁྱེད་ལ་རྡེབ་ཅེས་ནུག ། (ཚད་ཅེས་ནུག །)
3 གཉིས་པར། ཁྱོད་ཀྱིས་རང་གི་སྤུན་གྱི་མིག་ལ་ཤིང་ཟེལ་(ཤིང་གི་དུམ་པོའི་ཉོ་ཉོ་)ཞུགས་པ་དེ་མཐོང་མཁན། དེ་ནས་རང་གི་མིག་ལ་ཤིང་དུམ་(ཤིང་གི་དུམ་པོ་)ཞུགས་པ་དེ་མི་མཐོང་མཁན། ཅི་ལས། 4 རང་གི་མིག་ལ་ཞུགས་པའི་ཤིང་དུམ་མི་མཐོང་མཁན་དེ་གིས་རང་གི་སྤུན་ལ། ག་རེ། ག་རེ། ངས་ཀྱིས་ཁྱོད་ཀྱི་མིག་ལ་ཞུགས་པའི་ཤིང་ཟེལ་བཏོན་སྟེར་ཅེས། སྨྲས་ཏེ་ག་འདྲ་བྱས་ཏེ་སྨྲ་ཁུག་ཅེས། 5 ཨེ་ཡིན་མདོག་སྟོན་མཁན་ཡ། གདོང་ལ་(དང་པོར་)རང་གི་མིག་ལ་ཞུགས་པའི་ཤིང་དུམ་འདོན་དོང་། དེ་ནས་ག་སྤུན་གྱི་མིག་ལ་ཞུགས་པའི་ཤིང་ཟེལ་བཏོན་སྟེར་ཅེས་ལ་(བཏོན་སྟེར་བ་ལ་)གསལ་པོར་མཐོང་མཁན།།
6 རྣམ་པར་དག་པའི་བྱད་ལག་ཡ་ཁྱི་པོ་ཡ་ལ་མ་སྟེར། རང་གི་མུ་ཏིག་ཡ་ཕག་ཡ་གི་མདུན་ལ་མ་དབྱུག གཞན་ཁོང་རང་གི་རྐང་པས་འོ་བྱད་ལག་ཡ་ལ་མནན་ཅེས་ཡོད། དེ་ནས་རྒྱབ་ལོག་སྟེ་ཁྱེད་ཀྱི་ཐོག་ལ་འཛོམ་འོང་ཅེས་ཡོད། སྨྲས་ཏེ། ཡེ་ཤུས།།
ཨལ་ལོ་ཧིམ་ལ་གསོལ་བ་འདེབས་མཁན་གྱི་སྐོར་ལ།
7 ༼དེ་ནས་གཉིས་པར་ཡེ་ཤུས།༽ སློང་དོང་། ཁྱེད་ལ་འབྱོར་ཅེས་ནུག འཚོལ་དོང་། ཁྱེད་ཀྱིས་རྙེད་ཅེས་ནུག སྒོ་ལ་བརྡུངས་ཏེ་སྐད་རྒྱབ་ཏོང་། དེ་ནས་ནང་ལས་སྒོ་འབྱེ་ཅེས་ནུག 8 ཅི་ལས་སྨྲ་ན། སློང་མཁན་དེ་ལ་འབྱོར་ཅེས་ནུག འཚོལ་མཁན་དེ་གིས་རྙེད་ཅེས་ནུག སྒོ་ལ་བརྡུངས་ཏེ་སྐད་རྒྱབ་མཁན་དེ་ལ་ནང་ལས་སྒོ་འབྱེ་ཅེས་ནུག 9 ཁྱེད་ཀྱི་ནང་ལས་འདི་ཅོག་འདྲ་བྱེད་མཁན་གྱི་ཨ་ཕ་ཡང་ཡོད་པ། བུས་འཁུར་བ་སློང་བ་དང་(སློང་མཁན་སྒང་ལ་)ཨ་ཕས་ཀྱིས་རྡོ་སྟེར་འགྲོ། 10 ཉ་སློང་བ་དང་(སློང་མཁན་སྒང་ལ་)སྦྲུལ་སྟེར་འགྲོ། 11 འོ་སོང་བས་ཁྱེད་མི་ངན་པ་ཡིན་དེ་ཡང་(ཡིན་ན་ཡང་ ། ཡིན་ཡང་) རང་གི་བུ་བུ་མོ་ལ་བྱད་ལག་ཡག་པོ་ཡ་སྟེར་ཤེས་ཤེས་པ་ལ་ནི་(ཤེས་ཏེ་འགབ་ལས་ནི་)ད་རུང་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕས་ཀྱིས་རང་མཉམ་པོ་སློང་མཁན་དེ་ལ་བྱད་ལག་ཡག་པོ་ཡ་སྟེར་རང་སྟེར་ཅེས་ནུག སྨྲས་ཏེ། ཡེ་ཤུས།།
12 ༼དེ་ནས་གཉིས་པར་ཡེ་ཤུས།༽ མི་ཡ་གིས་ཁྱེད་ལ་འདི་ཅོག་འདྲ་བྱས་སྟེར་ན་འོང་ཅེས་ཡོད་མཁན་སྨྲས་ཏེ་བསམ་བློ་གཏོང་མཁན་ཅོག་འདྲ་རང་ཁྱེད་ཀྱིས་ཀྱང་ཁོང་ལ་འོ་ཅོག་འདྲ་རང་བྱས་སྟེར། ཅི་ལས་སྨྲ་ན་འདི་རང་མོ་ཤེའི་བཀའ་ཁྲིམས་དང་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་བྲིས་བཞག་པའི་སྐད་ཆ་ཡིན་པ།།
སྒོ་ཆད་མ་དང་སྒོ་ཆེན་མོ།
13 ༼དེ་ནས་གཉིས་པར་ཡེ་ཤུས།༽ སྒོ་ཆད་མ་ལས་ནང་ལ་འཇུག་དོང་། ཅི་ལས་སྨྲ་ན། སྒོ་ཆེན་མོ་དང་ལམ་ལྷོད་བདེ་ལས་འགྲོ་ན་དམྱལ་བ་ལ་སླེབ་ཅེས་ནུག འོ་ལམ་ལས་མི་མང་མོ་འགྲོ་འོ་ཡོད་པ། 14 མཐའ་མེད་པའི་ཚེ་སླེབ་མཁན་གྱི་སྒོ་ནི་ཆད་མ་ཡོད་པ། འོ་ལ་འགྲོ་མཁན་གྱི་ལམ་ལྷོད་བདེ་མི་འོང་མཁན། འོ་ལམ་རྙེད་མཁན་གྱི་མི་ནི་ཉུང་བ་(སུད་པ་)ཡོད་པ། སྨྲས་ཏེ། ཡེ་ཤུས།།
མི་ལ་ཁོའི་ལས་ཀ་ལས་རང་ངོ་ཤེས་ཁུག་མཁན།
15 ༼དེ་ནས་གཉིས་པར་ཡེ་ཤུས།༽ རྫུན་གྱི་མངོན་ཤེས་ཤོད་མཁན་ཡ་མཉམ་པོ་འཛེམ་སྟེ་སྡོད་ཏོང་། ཁོང་ལུག་གི་སྤྱོད་གཤིས་བྱས་ཏེ་སླེབ་འོང་མཁན། སེམས་ནང་ལ་ནི་ཁོང་ཨ་རྒྱབ་མཁན་གྱི་སྤྱང་ཀུ་ཅོག་འདྲ་ཡིན་པ། 16 ཁོང་གིས་བྱས་པའི་ལས་ཀ་ལས་རང་ཁྱེད་ཀྱིས་ཁོང་ལ་ངོ་ཤེས་ཅེས་ནུག ཚེར་མའི་སྡོང་པོ་ལ་རྒུན་འབྲུམ་མི་ཡར་(མི་ཡོང་)མཁན། སྤྱང་ཚེར་གྱི་སྡོང་པོ་ལ་ཡང་སེ་ཡབ་མི་ཡར་(མི་ཡོང་)མཁན། ༼སེ་ཡབ་ཡེས་ར་ཨལ་གྱི་ཤིང་ཏོག་ཡིན།༽ 17 རྩ་བ་ཡག་པོའི་སྡོང་པོ་ལ་ཤིང་ཏོག་ཡག་པོ་ཡོང་མཁན། རྩ་བ་བཙོག་པའི་སྡོང་པོ་ལ་ནི་ཤིང་ཏོག་བཙོག་པ་ཡོང་མཁན། 18 གཉིས་པར། རྩ་བ་ཡག་པོའི་སྡོང་པོ་ལ་ཤིང་ཏོག་བཙོག་པ་ཡ་ཡོང་མི་ཁུག་མཁན། དེ་ནས་འདི་ཅོག་འདྲ་རང་། རྩ་བ་བཙོག་པའི་སྡོང་པོ་ལ་ཡང་ཤིང་ཏོག་ཡག་པོ་ཡ་ཡོང་མི་ཁུག་མཁན། ཨ་ལེ། 19 ཤིང་ཏོག་ཡག་པོ་མི་ཡོང་མཁན་གྱི་སྡོང་པོ་ནི་གང་ཡོད་མཁན་དེ་གཏུབས་ཏེ་མེ་ལ་དབྱུག་ཅེས་ནུག 20 འདི་ཅོག་འདྲ་བྱས་ཏེ་རྫུན་གྱི་མངོན་ཤེས་ཤོད་མཁན་ཡ་ལ་ཡང་ཁྱེད་ཀྱིས་ཁོང་གིས་བྱས་པའི་ལས་ཀ་ལས་རང་ངོ་ཤེས་ཅེས་ནུག །
21 དེ་ནས་ང་ལ། དཔོན་པོ། དཔོན་པོ། སྨྲ་མཁན་གྱི་མི་གང་པོ་ནམ་མཁའི་རྒྱལ་སྲིད་ལ་འཇུག་མྱོང་ཅེས་མི་འདུག ནམ་མཁའ་ལ་སྡོད་མཁན་གྱི་ངའི་ཨ་ཕ་ལ་ཡག་པོ་གནས་(ཡག་པོ་སྐྱེ་)མཁན་གྱི་ལས་ཀ་བྱེད་མཁན་ཡ་གཅིག་རང་འཇུག་མྱོང་ཅེས་ནུག 22 འོ་ཉི་མ་ནི་མི་མང་མོས་ང་ལ། དཔོན་པོ། དཔོན་པོ། ཁྱོད་ཀྱི་མིང་ལ་ངས་ཀྱིས་མངོན་ཤེས་མ་བཤད་པས། (མ་བཤད་དམ། ། མ་བཤད་སོང་ངམ། ། མ་བཤད་པ་ཡིན་ནམ། ། ཤོད་པ་མ་ཡིན་ནམ།) ཁྱོད་ཀྱི་མིང་ལ་ངེད་ཀྱིས་འདྲེ་ཡ་ལ་མ་བཏོན་པས། ཁྱོད་ཀྱི་མིང་བཏོན་ཏེ་ངེད་ཀྱིས་ལས་ཀ་ཡ་མཚན་པ་ཡ་མ་བྱས་པས། སྨྲས་ཏེ་སྨྲ་ཅེས་ནུག 23 འོའི་རྗེས་ལ་ངས་ཀྱིས་ཁོང་ལ། ཨེ་ལས་ཀ་ངན་པ་བྱེད་མཁན་ཡ། ངས་ཀྱིས་ནི་ཁྱེད་ལ་ནམ་ཡང་ངོ་མ་ཤེས། འདི་ལས་ཐོན་ཏེ་སོང་། སྨྲས་ཏེ། ཡེ་ཤུས།།
རིག་པ་མཁས་པ་དང་རིག་པ་མེད་པའི་མི་གཉིས་ཀྱི་གཏམ་དཔེ།
24 ༼དེ་ནས་གཉིས་པར་ཡེ་ཤུས།༽ ངས་ཀྱིས་སྨྲས་པའི་སྐད་ཆ་ཐོས་ཏེ་ཉན་མཁན་དེ་ནི་རིག་པ་མཁས་པའི་མི་ཅོག་འདྲ་ཡིན་པ། རིག་པ་མཁས་པའི་མི་གཅིག་གིས་༼གཏིང་རིང་མོ་བརྐོས་ཏེ་༽རྡོ་བྲག་གི་ཁ་ལ་རྨང་བཏིང་སྟེ་ཁང་པ་བཟོ་ཟིན། 25 དེ་ནས་ཆར་པ་བརྒྱབ་སྟེ་ཆུ་ལོག་འོངས་ཏེ་ལྷགས་པ་རླུང་བསེབ་འོ་ཁང་པ་ལ་འཕོག་ཟིན། ཡིན་ནས་འོ་ཁང་པ་མ་བརྡིབས། ཅི་ལས་སྨྲ་ན་རྡོ་བྲག་གི་ཁ་ལ་བཟོ་ཟིན།།
26 ཡིན་ནས་ངས་ཀྱིས་སྨྲས་པའི་སྐད་ཆ་ཐོས་ཏེ་མི་ཉན་མཁན་དེ་ནི་རིག་པ་མེད་པའི་མི་ཅོག་འདྲ་ཡིན་པ། རིག་པ་མེད་པའི་མི་གཅིག་གིས་བྱེ་མའི་ཐོག་ལ་ཁང་པ་བཟོ་ཟིན། 27 དེ་ནས་ཆར་པ་བརྒྱབ་སྟེ་ཆུ་ལོག་འོངས་ཏེ་ལྷགས་པ་རླུང་བསེབ་འོ་ཁང་པ་ལ་འཕོག་ཟིན། དེ་ནས་འོ་ཁང་པ་བརྡིབས་ཏེ་རྦད་འཐོར་ཁ་འཐོར་འགྲོ་ཟིན། སྨྲས་ཏེ། ཡེ་ཤུས།།
28 དེ་ནས་ཡེ་ཤུས་འདི་སྐད་ཆ་ཡ་སྨྲས་ཚར་བ་དང་། ཉན་མཁན་གྱི་མི་ཡ་འཇིགས་པོར་ཧ་ལས་ཟིན། (འཇིགས་པོར་ཧང་སང་ཟིན།) 29 ཅི་ལས་སྨྲ་ན། བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་གིས་ཅོག་འདྲ་མིན་པ། ཡེ་ཤུས་ནི་དབང་ཆ་ཆེན་མོ་བྱས་ཏེ་སློབ་ཀོ་ཡོད་མཁན།། །།