མད་ཐྰ་ལེའུ་དགུ་པ།

རྐང་པ་ལག་པ་ཤོར་བའི་ནད་པ་གཅིག་གི་སྐད་ཆ།

༡ དེ་ནས་ཡེ་ཤུ་གཉིས་པར་(ཡོད་པར་)གྲུ་ལ་ཞུགས་ཏེ་རང་སྡོད་ས་ཀ་ཕར་ན་ཧུམ་ཡུལ་ཆེན་པོ་ལ་ལོག་འོང་ཟིན། ༢ དེ་ནས་འོ་ལ་མི་ཡ་གིས་རྐང་པ་ལག་པ་ཤོར་བའི་ནད་པ་གཅིག་ལ་གདན་རང་ཁུར་ཏེ་ཡེ་ཤུའི་རྩར་ལ་འཁྱོང་ཟིན། དེ་ནས་ཡེ་ཤུས་འོ་མི་ཡ་གི་འདི་ཅོག་འདྲ་མོས་པ་བྱས་པ་དེ་མཐོང་སྟེ་ནད་པ་ལ་སྨྲ་ཟིན། སེམས་ཁྲལ་མ་བྱེད་བུ། (སྡུག་བསྔལ་མ་བྱེད་བུ།) ཁྱོད་ཀྱི་ངོ་ལོག་འདག་ཟིན། (དགོངས་དག་འབྱོར་ཏེ་ཡོད།) སྨྲས་ཏེ་སྨྲ་ཟིན། ༣ ཡེ་ཤུས་སྨྲས་པའི་འདི་སྐད་ཆ་ཐོས་ཏེ་ག་ཚོད་བཀའ་ཁྲིམས་ཀྱི་དགེ་རྒན་ཡ་གིས་སེམས་སེམས་ལ་རང་འདི་ཅོག་འདྲ་སྨྲས་ཏེ་བསམ་བློ་གཏོང་ཟིན། འདི་མིས་ནི་ཨལ་ལོ་ཧིམ་ལ་ག་སྐུར་པ་འདེབས་ཀོ་ནུ། ༼ཅི་ལས་སྨྲ་ན། ཨལ་ལོ་ཧིམ་གྱིས་མིན་པ་སུ་གཞན་པ་ཞིག་གིས་ཀྱང་མི་ཡ་གིས་བྱས་པའི་ངོ་ལོག་ཡ་འདག་འཇུག་མི་ཁུག་མཁན་སྨྲ་མཁན་དེ་འོ་ཡ་ཧུ་དྰ་པའི་དགེ་རྒན་ཡ་ལ་རྒྱུས་ཡོད་རང་ཡོད་མཁན། དེ་ནས་མི་ལ་དྲག་འཇུག་མཁན་དེ་ཨལ་ལོ་ཧིམ་རང་ཡིན་པ་སྨྲ་མཁན་དེ་ཡང་ཧ་གོ་སྟེ་ཡོད་མཁན།༽ ༤ དེ་ནས་ཁོང་གི་སེམས་ཀྱི་སྐད་ཆ་ངོ་ཤེས་ཏེ་ཡེ་ཤུས་སྨྲ་ཟིན། ཅི་ལས་ཁྱེད་ཀྱི་སེམས་ལ་འདི་ཅོག་འདྲའི་བསམ་བློ་བཙོག་པ་གཏོང་མཁན། ༥ འདི་རྐང་པ་ལག་པ་ཤོར་བའི་མི་ལ། ཁྱོད་ཀྱི་ངོ་ལོག་འདག་ཟིན། (དགོངས་དག་འབྱོར་ཟིན།) སྨྲ་མཁན་དང་། ལངས་ཏེ་སོང་། སྨྲ་མཁན། འདི་སྐད་ཆ་གཉིས་ལ་བྱས་ཏེ་འདོན་ཅེས་ལ་གང་དྲ་ལྷོད་བདེ་པོ་འོང་འགྲོ། སྨྲ་དོང་། ༦ ལྟོས་ཨ། འདི་འཛམ་བུ་གླིང་ལ་མིའི་བུ་ལ་མིའི་ངོ་ལོག་འདག་འཇུག་ཅེས་ལ་དབང་ཐོབ་སྟེ་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན། དེ་ནས་འོ་ནད་པ་ལ། ལང་དོང་། གདན་ཁུར་ཏེ་ཁང་པ་ལ་སོང་། སྨྲས་ཏེ་སྨྲ་ལོང་མེད་པ་ ༧ འོ་ནད་པ་ལམ་སང་ལངས་ཏེ་ཁང་པ་ལ་ལོག་འགྲོ་ཟིན།

༨ འདི་ཅོག་འདྲ་བྱས་ཏེ་དྲག་མཁན་མཐོང་བས་མི་ཡ་ཧ་ལས་ཟིན། འཇིགས་ཀྱང་འཇིགས་ཟིན། ཨལ་ལོ་ཧིམ་གྱིས་མི་ལ་འདི་ཙམ་དབང་ཆེན་པོ་བསྟེར་བ་སོང་བས་ཁོང་གིས་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་ཟིན།།

ཡེ་ཤུས་མད་ཐྰ་སྨྲ་མཁན་གྱི་མི་ལ་རང་གི་ཉེ་གནས་བཟོས་པ།

༩ ཡེ་ཤུ་འོ་ལས་འགྲོ་མཁན་གང་ལ་མད་ཐྰ་སྨྲ་མཁན་གྱི་མི་གཅིག་ཤོ་གམ་སྡུད་མཁན་གྱི་འདུ་ས་ལ་བསྡད་པ་མཐོང་ཟིན། ཁོ་ཤོ་གམ་སྡུད་མཁན་གྱི་མི་ཡིན་མཁན། ཡེ་ཤུས་ཁོ་ལ། ངའི་རྗེས་བསྙེགས་ཏེ་ཤོག  སྨྲས་ཏེ་སྨྲ་ཟིན། དེ་ནས་མད་ཐྰ་ལངས་ཏེ་ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན།། 

༡༠ འགབ་ལས་(རྗེས་ལ་)ཡེ་ཤུ་མད་ཐྰའི་ཁང་པ་ལ་ཉེ་གནས་ཡ་མཉམ་པོ་མགྲོན་པོ་ལ་འོང་ཟིན། ཡེ་ཤུའི་རྗེས་བསྙེགས་ཏེ་འོང་མཁན་གྱི་ཤོ་གམ་སྡུད་མཁན་དང་ངོ་ལོག་པ་གཞན་པ་མང་པོ་འོངས་ཏེ་ཁོང་མཉམ་པོ་བསྡད་དེ་ཟ་ཟིན། (ཟ་ཅེས་ལ་སྡོད་ཟིན།) ༡༡ དེ་ནས་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་གིས་ཡེ་ཤུ་འདི་ཅོག་འདྲའི་ངོ་ལོག་པ་མཉམ་པོ་བསྡད་དེ་ཟ་མཁན་མཐོང་སྟེ་འགབ་ལས་ཡེ་ཤུའི་ཉེ་གནས་ཡ་ལ་སྨྲ་ཟིན། ཅི་ལས་ཁྱེད་ཀྱི་དགེ་རྒན་ནི་ཤོ་གམ་སྡུད་མཁན་དང་ངོ་ལོག་པ་གཞན་པ་མཉམ་པོ་ཡང་ལྟོ་ཟ་མཁན། སྨྲས་ཏེ་འདྲི་ཟིན། ༡༢ ཁོང་གི་སྐད་ཆ་ཐོས་ཏེ་ཡེ་ཤུས་སྨྲ་ཟིན། ཐང་པོའི་མི་ལ་མིན་པ། ནད་པའི་མི་ལ་ཨམ་ཆི་དགོས་མཁན། ༡༣ ཨལ་ལོ་ཧིམ་གྱིས་སྨྲས་པའི་འདི་སྐད་ཆ་བསམ་བློ་གཏོང་དོང་།

ཤ། ཁྲག་དང་རུས་པ་ང་ལ་མི་དགོས།། 

ཁྱེད་ཀྱིས་མི་ལ་སྙིང་རྗེ་བྱས་པ་དེ་ངས་མཐོང་མྱོང་དགོས་མཁན།།

སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲས་པའི་སྐད་ཆ་ཡ་ཧ་གོ་དོང་། ང་ཆོས་དྲང་པོ་ཡིན། སྨྲས་ཏེ་སྨྲ་མཁན་གྱི་མི་ལ་མིན་པ། ང་ནི་ངོ་ལོག་པ་ཡིན་པ། སྨྲས་ཏེ་སྨྲ་མཁན་ཡ་ལ། བཤགས་པ་བྱས་ཏེ་ངོ་ལོག་སྤངས་ཏེ་ངའི་རྩར་ལ་ཤོག སྨྲས་ཏེ་སྐད་རྒྱབ་ཅེས་ལ་འོངས་པ་ཡིན་པ། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

སྨྱུང་གནས་སྡོད་མཁན་གྱི་དོན་དག་ལ་དྲིས་པ།

༡༤ དེ་ནས་ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་ཉེ་གནས་ཡ་ཡེ་ཤུའི་རྩར་ལ་འོངས་ཏེ་འདྲི་ཟིན། ངེད་དང་ཕ་རི་སི་ཡ་གི་ཉེ་གནས་ཡ་སྨྱུང་གནས་སྡོད་མཁན། ཡིན་ནས་ཁྱོད་ཀྱི་ཉེ་གནས་ཡ་ནི་ནམ་ཡང་སྨྱུང་གནས་མི་སྡོད་པས། ཅི་ལས་ཡིན་འགྲོ་ལགས། (ཡིན་ནས་ཁྱོད་ཀྱི་ཉེ་གནས་ཡ་དེ་ཅི་ལས་སྨྱུང་གནས་མི་སྡོད་མཁན།) སྨྲས་ཏེ་འདྲི་ཟིན། ༡༥ དེ་ནས་ཡེ་ཤུས་སྨྲ་ཟིན། བག་མ་ལ་འོངས་པའི་མགྲོན་པོ་ཡ་གིས་མག་པ་གསར་པ་མཉམ་པོ་སྡོད་མཁན་གང་ལ་སྡུག་བསྔལ་འཁུར་མཁན་ཡིན་ནམ། ཡིན་ནས་འདི་ཅོག་འདྲའི་དུས་ཚོད་ཅིག་ཀྱང་སླེབ་ཅེས་ཡོད། འོ་ཙམ་ལ་མི་ཡ་གིས་མག་པ་གསར་པ་ལ་བཟུང་སྟེ་འཁྱེར་ཅེས་ཡོད། དེ་ནས་ག་ཁོང་སྨྱུང་གནས་སྡོད་ཅེས་ཡོད།། 

༡༦ གཉིས་པར། སུས་ཀྱང་བཀབ་ཆ་གསར་པའི་ལྷན་པ་བཀབ་ཆ་རྙིང་པ་ལ་མི་རྒྱབ་མཁན་ཨ་ལེ། གལ་སྲིད་རྒྱབ་ན་(གལ་སྲིད་རྒྱབ་ཟིན་སྨྲ་ན་)བཀབ་ཆ་རྙིང་པ་བཟད་མེད་པ་སོང་བས་ད་རུང་ཨི་ཁུང་ཆེན་པོ་འགྲོ་མཁན། ༡༧ འདི་ཅོག་འདྲ། རྒུན་ཆང་གསར་པ་ཀོ་བའི་རྐྱལ་པ་རྙིང་པ་ལ་མི་བླུག་མཁན་ཨ་ལེ། གལ་སྲིད་བླུག་ན་ནི་(གལ་སྲིད་བླུག་ཟིན་སྨྲ་ན་ནི་)རྐྱལ་པ་ཕོང་སྟེ་རྒུན་ཆང་ཡང་འབོ་མཁན། འོ་སོང་བས་རྒུན་ཆང་གསར་པ་དེ་ནི་རྐྱལ་པ་གསར་པ་ལ་བླུག་མཁན། དེ་ནས་གཉིས་ཀ་འཕྲོག་བརླག་མི་འགྲོ་མཁན། སྨྲས་ཏེ་ཡེ་ཤུས་འདི་སྐད་ཆ་ཡ་དཔེ་བཞག་སྟེ་ཁྲིད་འདེབས་ཟིན།། (སློབ་ཟིན།།) 

ནད་པའི་བུད་མེད་གཅིག་དྲག་པ་དང་ཤི་བའི་བུ་མོ་གཅིག་གསོན་པོར་ལངས་པ།

༡༨ ཡེ་ཤུས་འདི་སྐད་ཆ་སྨྲ་མཁན་སྨྲ་མཁན་གང་ལ་ཡ་ཧུ་དྰ་པའི་ཚོགས་ཁང་གི་འགོ་པ་གཅིག་འོངས་ཏེ་ཡེ་ཤུའི་མདུན་ལ་པུས་མོ་བཙུགས་ཏེ་ཞུ་ཟིན། དགེ་རྒན་ལགས། ངའི་བུ་མོ་ད་ཞིག་ཤི་སྟེ། ཡིན་ནས་ཁྱོད་འོངས་ཏེ་ངའི་བུ་མོ་ལ་རང་གི་ལག་པས་རེག་ན་མོ་གསོན་པོར་ལང་ཅེས་ཡོད། སྨྲས་ཏེ་ཞུ་ཟིན། ༡༩ དེ་ནས་ཡེ་ཤུ་ལངས་ཏེ་ཁོ་མཉམ་པོ་འགྲོ་ཟིན། ཉེ་གནས་ཡ་ཡང་ཁོང་མཉམ་པོ་འགྲོ་ཟིན།། 

༢༠ ཁོང་ཡ་འགྲོ་རང་འགྲོ་མཁན་གང་ལ་ཡེ་ཤུའི་རྒྱབ་ངོས་ལས་ནད་པའི་བུད་མེད་གཅིག་འོང་ཟིན། མོ་ལ་གཟུགས་པོ་ལུས་ཁྲག་མང་པོ་འཐོན་མཁན་གྱི་ན་ཚ་བརྒྱབ་སྟེ་ལོ་བཅུ་གཉིས་ཕྱིན་ཏེ་ཡོད་མཁན། མོ་རྒྱབ་ངོས་ལས་འོངས་ཏེ་ཡེ་ཤུའི་བཀབ་ཆའི་ཟུར་གཅིག་ལ་རེག་ཟིན། ༢༡ ཅི་ལས་སྨྲ་ན་མོ་རང་གི་སེམས་ལ་འདི་ཅོག་འདྲ་སེམས་ལ་སྐྱེས་ཏེ་ཡོད་མཁན། ངས་ཡེ་ཤུའི་བཀབ་ཆའི་ཟུར་གཅིག་ལ་རེག་མྱོང་ན་(རེག་མྱོང་ཟིན་སྨྲ་ན་)ང་དྲག་མཁན། ༢༢ ཡེ་ཤུ་རྒྱབ་ལོག་སྟེ་མོ་ལ་མཐོང་སྟེ་སྨྲ་ཟིན། སེམས་ཁྲལ་མ་བྱེད་བུ་མོ། ཁྱོད་ཀྱིས་བློ་བཀལ་བ་སོང་བས་ཁྱོད་དྲག་ཟིན། སྨྲས་ཏེ་སྨྲ་ལོང་མེད་པ་མོ་དྲག་ཟིན།། 

༢༣ དེ་ནས་ཡེ་ཤུ་འོ་འགོ་པའི་ཁང་པ་ལ་སླེབ་མཁན་གང་ལ་འོ་ལ་གཉེན་ཚན་ཉེ་བ་ཡ་(སྤུན་ཀྱག་ཡ་)འུར་སྒྲ་བསླངས་ཏེ་ངུ་སྒྲ་གཏིང་སྒྲ་བྱས་ཏེ་བསྡད་པ་ནུ་བ། གླིང་བུ་འབུད་མཁན་གྱི་མི་ཡ་ཁྱོང་སྟེ་གླིང་བུ་འབུད་བཅུག་པ་ནུ་བ། ༢༤ ཁོང་ལ་མཐོང་སྟེ་ཡེ་ཤུས། ཕྱི་ལ་སོང་། འདི་བུ་མོ་མ་ཤི་ཡོད། གཉིད་ཅིག་རང་ལོག་པ་ཡིན། སྨྲས་ཏེ་སྨྲ་ཟིན། འདི་སྐད་ཆ་ཐོས་ཏེ་མི་ཡ་གད་མོ་འཆོར་ཟིན། ༢༥ མི་ཡ་ལ་ཕྱི་ལ་བཏང་སྟེ་འགབ་ལས་ཡེ་ཤུ་ནང་ལ་འཇུག་ཟིན་པ་དང་ཤི་བའི་བུ་མོའི་ལག་པ་ལ་འཛིན་ཟིན། (མི་ཡ་ལ་ཕྱི་ལ་བཏང་སྟེ་འགབ་ལས་ཡེ་ཤུ་ནང་ལ་འཇུག་ཟིན། དེ་ནས་ཡེ་ཤུས་འོ་བུ་མོའི་ལག་པ་ལ་འཛིན་ཟིན།) དེ་ནས་མོ་ལང་ཟིན། ༢༦ འོ་འགབ་ལས་(འོ་རྗེས་ལ་)འདི་སྐད་ཆ་འོ་ལུང་པ་ལ་ག་ན་ག་ན་འགྲེམ་ཟིན།། 

མིག་མི་མཐོང་མཁན་གྱི་མི་གཉིས་དང་མི་ཧན་ལྡང་གཅིག་ལ་དྲག་བཅུག་པ།

༢༧ ཡེ་ཤུ་འོ་ས་ཆ་ལ་དབྱུགས་བཞག་སྟེ་འགྲོ་མཁན་གང་ལ་མིག་མི་མཐོང་མཁན་གྱི་མི་སྣ་གཉིས་(མི་གཉིས་)ཡེ་ཤུའི་འགབ་ལས་འོངས་ཏེ་སྐད་བཏོན་ཏེ་ཞུ་ཟིན། ཨོ་ད་བིད་བརྒྱུད་པའི་སྲས་པོ། ངེད་ལ་སྙིང་རྗེ་བྱེད་ཏོང་། སྨྲས་ཏེ་ཞུ་ཟིན། ༢༨ ཡེ་ཤུ་ཁང་པའི་ནང་ལ་འོངས་ཏེ་འགབ་ལས་འོ་མིག་མི་མཐོང་མཁན་གྱི་མི་གཉིས་ཀྱང་ནང་ལ་འཇུག་འོང་ཟིན། དེ་ནས་ཡེ་ཤུས། ཁྱེད་ལ་ངས་དྲག་འཇུག་ཁུག་མཁན་སྨྲ་མཁན་དེ་ཁྱེད་ཀྱིས་བློ་འགེལ་མཁན། སྨྲས་ཏེ་འདྲི་ཟིན། བློ་འགེལ་མཁན་དཔོན་པོ། སྨྲས་ཏེ་ཁོང་གཉིས་ཀྱིས་སྨྲ་ཟིན། ༢༩ དེ་ནས་ཡེ་ཤུས་ཁོང་གཉིས་ཀྱི་མིག་ལ་རེག་སྟེ། ཁྱེད་ཀྱིས་བློ་བཀལ་བ་ཅོག་འདྲ་འོང་ཆུག  སྨྲས་ཏེ་སྨྲ་མཁན་གང་ལ་ནི་ ༣༠ ཁོང་གཉིས་ཀྱི་མིག་མཐོང་མཁན་འགྲོ་ཟིན། དེ་ནས་ཡེ་ཤུས། འདི་སྐད་ཆ་སུ་ལ་ཡང་ངོ་ཤེས་མ་འཇུག  སྨྲས་ཏེ་བཀའ་གནང་ཟིན། ༣༡ ཡིན་ནས་ཁོང་གཉིས་ཀྱིས་ནི་འོ་ལས་ཐོན་ཏེ་འགྲོ་ཟིན་པ་དང་(འོ་ལས་ཐོན་ཏེ་ཕྱིན་ཏེ་)ཡེ་ཤུས་བྱས་པའི་ལས་ཀའི་དོན་དག་ལ་མི་ཡ་ལ་བཤད་དེ་འགྲོ་ཟིན།། (མི་ཡ་ལ་བཤད་སྡོད་ཟིན།།) 

༣༢ ཁོང་གཉིས་ཕྱིན་ཏེ་འགབ་ལས་མི་ཡ་གིས་འདྲེ་ཞུགས་ཏེ་ཧན་ལྡང་ཕྱིན་པའི་མི་གཅིག་ལ་ཡེ་ཤུའི་རྩར་ལ་འཁྱོང་ཟིན། ༣༣ ཡེ་ཤུས་འོ་འདྲེ་ལ་འདོན་ལོང་མེད་པ་འོ་མི་སྐད་ཆ་སྨྲ་ཁུག་མཁན་འགྲོ་ཟིན། དེ་ནས་མི་ཡ་ཧ་ལས་ཏེ་སྨྲ་ཟིན། འདི་ཅོག་འདྲའི་ལས་ཀ་བྱེད་མཁན་དེ་འོ་རང་གིས་ད་ལྟ་ཐུག་ཡིས་ར་ཨལ་གྱི་ལུང་པ་ལ་ནམ་ཡང་མ་མཐོང་། སྨྲས་ཏེ་མི་ཡ་གིས་སྨྲ་ཟིན། ༣༤ ཡིན་ནས་ཕ་རི་སི་ཡ་གིས་ནི། འདྲེའི་རྒྱལ་པོས་ཁོ་ལ་འདྲེ་ཡ་ལ་འདོན་མཁན་གྱི་དབང་བསྟེར་བ་ནུ་བ། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།) 

ཡེ་ཤུས་མི་བུངས་ཡ་ལ་སྙིང་རྗེ་བྱས་པ།

༣༥ ཡེ་ཤུ་ཡུལ་ཡུལ་ལ་སྐོར་བ་བརྒྱབ་སྟེ་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཕྱིན་ཏེ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་ལོན་བཟང་ཤོད་ཀོ་ཡོད་མཁན། དེ་ནས་མི་ཡ་དེ་སྣ་མང་སྣ་ཚོགས་ཀྱི་ན་ཚ་གང་པོ་ལ་དྲག་འཇུག་འོ་ཡོད་མཁན། ༣༦ མི་བུངས་ཡ་ལ་མཐོང་མཁན་གང་ལ་ཡེ་ཤུའི་སེམས་ལ་སྙིང་རྗེ་སྐྱེ་འོ་ཡོད་མཁན། ཅི་ལས་སྨྲ་ན། འོ་མི་ཡ་རྫི་བོ་མེད་པའི་ལུག་ཡ་ཅོག་འདྲ་ཨ་ལ་འཁྱམ་སྟེ་ལུས་ཏེ་ཡོད་མཁན། ༣༧ དེ་ནས་ཡེ་ཤུས་རང་གི་ཉེ་གནས་ཡ་ལ་སྨྲ་ཟིན། མཛོད་ལ་འཁྱོང་དགོས་མཁན་གྱི་འབྲུ་ཞིང་ལ་མང་པོ་ཡོད་པ། ཡིན་ནས་ལས་མི་ཡ་དེ་མང་པོ་མེད། ༣༨ འོ་སོང་བས་སྟོན་ཐོག་གི་བདག་པོ་ལ། འབྲུ་སྡུད་ཅེས་ལ་ལས་མི་ཡ་ལ་གཏོང་དོང་། སྨྲས་ཏེ་གསོལ་བ་འདེབས་ཏོང་། སྨྲས་ཏེ་སྨྲ་ཟིན།། །། 

Your encouragement is valuable to us

Your stories help make websites like this possible.