མད་ཐྰ་ལེའུ་ཉི་ཤུ་རྩ་བརྒྱད་པ།

ཡེ་ཤུ་གསོན་པོར་ལངས་པ།

༡ ངལ་གསོ་མཁན་གྱི་ཉི་མའི་ནངས་པར་ཉི་མ་སྔ་དྲོ་ནམ་ཐོ་རེངས་ལ་མིར་ཡམ་མག་དལ་མ་ནི་དང་མིར་ཡམ་གཞན་པ་ཡེ་ཤུ་ལ་བདོག་བཞག་པའི་ཕུག་པ་ལ་ལྟ་འགྲོ་ཟིན། ༢ ཕུག་པ་ལ་སླེབ་མཁན་གང་ལ་(ཕུག་པ་ལ་སླེབ་པ་དང་)ཡང་མེད་ཡང་ལ་རང་(ཧར་རང་)ས་འགུལ་ཤུགས་ཆེན་པོ་ཞིག་འོང་ཟིན། ཅི་ལས་སྨྲ་ན་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་གནམ་ལས་མར་བབས་ཏེ་ཕུག་པ་ལ་བརྒྱབ་པའི་རྡོ་བསྒྲིལ་ཏེ་འོ་རྡོའི་ཁ་ལ་སྡོད་ཟིན། ༣ ཁོའི་བཟོ་ལྟ་ནི་གློག་ཅོག་འདྲ་འོད་ཟེར་རྒྱབ་ཀོ་ནུ་བ། བཀབ་ཆ་དེ་ཁ་བ་ཅོག་འདྲ་དཀར་པོ་ནུ་བ། ༤ ཕུག་པ་སྲུང་མཁན་གྱི་དམག་མི་ཡ་ནི་འཇིགས་ཏེ་འདར་ཏེ་དྲན་པ་སྟོན་ཅེས་ཀྱང་མེད་པ་འགྲོ་ཟིན།

༥ དེ་ནས་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱིས་བུད་མེད་གཉིས་ལ། འཇིགས་མི་དགོས་མཁན། རྒྱངས་ཤིང་ལ་བསད་པའི་ཡེ་ཤུ་ལ་ཁྱེད་ཀྱིས་ལྟ་འོངས་པ་ཡིན་སྨྲས་ཏེ་ང་ལ་རྒྱུས་ཡོད་པ། ༦ ཡེ་ཤུ་ནི་འདི་ལ་མེད། ཡེ་ཤུ་རང་གིས་སྨྲས་བཞག་པ་ཅོག་འདྲ་བྱས་ཏེ་གསོན་པོར་ལང་ཟིན། ཁོའི་རོ་བདོག་བཞག་པའི་ས་ཆ་ལ་ལྟོས་ཤོག ༧ ད་མགྱོགས་པར་ཕྱིན་ཏེ་(སོང་སྟེ་)ཡེ་ཤུའི་ཉེ་གནས་ཡ་ལ། ཡེ་ཤུ་ནི་ཤི་སྟེ་ལས་(ཤི་བའི་ས་ཆ་ལས་)གསོན་པོར་ལང་ཟིན། (གསོན་པོར་ལངས་ཡོད།) ཁོ་ཁྱེད་སྨྲས་ཏེ་ཡང་གདོང་ལ་(ཁོ་ཁྱེད་ཀྱི་གདོང་ལ་ ། ཁོ་ཁྱེད་ཀྱི་སྔོན་ལ་)ག་ལིལ་ལ་འགྲོ་མཁན་ཡོད། འོ་ལ་ཁྱེད་ཀྱིས་ཡེ་ཤུ་ལ་མཐོང་ཅེས་ཡོད། སྨྲས་ཏེ་སྨྲ་དོང་། ངས་སྨྲས་པའི་སྐད་ཆ་བདེན་པར་འོང་ཅེས་ཡོད། སྨྲས་ཏེ་ཨལ་གྱི་ལོན་སྐྱེལ་མཁན་གྱིས་སྨྲ་ཟིན། (སྨྲས་ཏེ། ཨལ་གྱི་ལོན་སྐྱེལ་མཁན་གྱིས།) 

༨ འོ་བུད་མེད་གཉིས་ཡར་ཏེ་(བརྒྱུགས་ཏེ་)ལོག་འགྲོ་ཟིན། ཁོང་འཇིགས་ཀྱང་འཇིགས་ཟིན། དགའ་བ་ཡང་ལང་ཟིན། ཉེ་གནས་ཡ་ལ་ལོན་ཤོད་ཅེས་སྨྲས་ཏེ་ཁོང་ཡར་ཏེ་ཡར་ཏེ་འགྲོ་ཟིན། (ཁོང་བརྒྱུགས་ཏེ་བརྒྱུགས་ཏེ་འགྲོ་ཟིན།) ༩ དེ་ནས་ཡང་མེད་མཐོང་མེད་ལ་རང་(ཧར་རང་)ཡེ་ཤུ་རང་ཐོན་འོངས་ཏེ། ཁྱེད་ལ་བློ་བདེ་པོ་འོང་ཆུག  སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ཁོང་གཉིས་ཀྱིས་ཡེ་ཤུའི་རྐང་པ་ལ་བཟུང་སྟེ་མཇལ་ཟིན། ༡༠ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། ཁྱེད་མ་འཇིགས། ཕྱིན་ཏེ་(སོང་སྟེ་)ངའི་འོག་མ་ཡ་ལ་ག་ལིལ་ལ་སོང་སྨྲས་ཏེ་སྨྲས་སྟེར། འོ་ལ་རང་ཁོང་གིས་ང་ལ་མཐོང་ཅེས་ཡོད། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།) 

རོ་བདོག་པའི་ཕུག་པ་སྲུང་མཁན་གྱི་དམག་མི་ཡ་གི་སྐད་ཆ།

༡༡ བུད་མེད་ཡ་ཕྱིན་ཏེ་འགབ་ལས་ནི་(བུད་མེད་ཡ་ཕྱིན་ཕྱིན་པ་ལ་)ཕུག་པ་སྲུང་མཁན་གྱི་དམག་མི་རེ་རེ་རྒྱལ་ས་ལ་ཕྱིན་ཏེ་ཕུག་པ་ལ་ཕྱིན་པའི་སྐད་ཆ་གང་པོ་(དོན་རྐྱེན་གང་པོ་)མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་ཡ་ལ་༼མཆོད་དཔོན་ཆེན་པོ་ཡ་ལ་༽ཤོད་ཟིན། ༡༢ དེ་ནས་མཆོད་དཔོན་ཆེན་པོ་ཡ་དང་ཆོས་ཀྱི་འགོ་པ་ཡ་མཉམ་པོ་འཛོམས་ཏེ་གྲོས་རྒྱབ་ཟིན་པ་དང་དམག་མི་ཡ་ལ་དངུལ་སྒོར་མང་པོ་བསྟེར་ཏེ་ཁོང་ལ། ༡༣ དགོང་མོ་ངེད་གཉིད་ལོག་པའི་དུས་ཚོད་ལ་ཡེ་ཤུའི་ཉེ་གནས་ཡ་འོངས་ཏེ་ཡེ་ཤུའི་རོ་རྐུན་མ་བརྒྱབ་སྟེ་འཁྱེར་ཟིན་ནུ། སྨྲས་ཏེ་ཁྱེད་ཀྱིས་མི་ཡ་ལ་ཤོད་ཏོང་། ༡༤ དེ་ནས་གལ་སྲིད་འདི་སྐད་ཆ་ཡ་རོ་མྰ་པའི་བཀའ་བློན་གྱིས་རྒྱུས་འབྱོར་ཟིན་ན་ངེད་བཀའ་བློན་མཉམ་པོ་སྐད་ཆ་སྨྲས་ཏེ་ཁྱེད་ལ་བཙོག་པ་འགྲོ་མི་འཇུག་མཁན། སྨྲས་ཏེ་ཁོང་གིས་དམག་མི་ཡ་ལ་སློབ་ཟིན་ནུ། ༡༥ འོ་ཕུག་པ་སྲུང་མཁན་གྱི་དམག་མི་ཡ་གིས་ཊང་ཀ་བླངས་ཏེ་མཆོད་དཔོན་ཆེན་པོ་ཡ་གིས་བསླབས་པ་ཅོག་འདྲ་རང་སྨྲ་ཟིན། འདི་སྐད་ཆ་ད་ལྟ་ཐུག་ལ་(འདི་སྐད་ཆ་ད་ལྟའི་ཐུག་ལ་)ཡ་ཧུ་དྰ་པ་ཡ་གི་བར་དཀྱིལ་ལ་སྨྲ་འོ་ཡོད་པ།།

ཡེ་ཤུས་ཀྱིས་རང་གི་ཉེ་གནས་ཡ་ལ་བསྟེར་བའི་རྩིས་ཆེན་པོའི་འགབ་ཤོས་ཀྱི་བཀའ། (བསྟེར་བའི་རྩིས་ཆེན་པོའི་རྗེས་ཤོས་ཀྱི་བཀའ།)

༡༦ དེ་ནས་ཉེ་གནས་བཅུ་གཅིག་ག་ལིལ་ས་གནས་ལ་ཕྱིན་ཏེ་རི་ཁ་གཅིག་ལ་འཛེག་ཟིན། ཡེ་ཤུས་ཀྱིས་འོ་རི་ལ་རང་ཐུག་ཤོག་སྨྲས་ཏེ་(སོང་སྨྲས་ཏེ་)སྨྲས་བཞག་སྟེ་ཡོད་མཁན། ༡༧ ཡེ་ཤུ་ལ་མཐོང་ལོང་མེད་པ་རང་ཁོང་གིས་ཡེ་ཤུ་ལ་མོས་པ་བྱེད་ཟིན། ཡིན་ནས་རེ་འགའི་ཉེ་གནས་ཀྱིས་ཡིན་པ་ནི་མིན་པ་སྨྲ་མཁན་གྱི་སེམས་སྐྱེ་ཟིན། (ཡིན་ནས་རེ་འགའི་ཉེ་གནས་ཀྱིས་དོགས་པ་ཟ་ཟིན།) ༡༨ དེ་ནས་ཡེ་ཤུ་ཁོང་གི་འགྲམ་ལ་འོངས་ཏེ་ཁོང་ལ། ལྟ་དོང་། ནམ་མཁའ་དང་འཛམ་བུ་གླིང་གི་དབང་གང་པོ་ང་ལ་བསྟེར་ཏེ་ཡོད། (ང་ལ་བསྟེར་ཡོད།) ༡༩ འོ་སོང་བས་ད་ཁྱེད་ཕྱིན་ཏེ་(འོ་སོང་བས་ད་ཁྱེད་སོང་སྟེ་)མི་རིགས་གང་པོ་ལ་ཉེ་གནས་བཟོ་བ་དང་སློབ་ཏོང་། ཁོང་ལ་ཨལ་ལོ་ཧིམ་ཨ་ཕ། སྲས་པོ་དང་རྣམ་པར་དག་པའི་ཐུགས་ཀྱི་མིང་ལ་ཁྲུས་དབང་སྟེར་ཏོང་། ༢༠ ངས་ཁྱེད་ལ་བསྟེར་བའི་བཀའ་གང་པོ་རྩི་ཅེས་ལ་(རྩི་བ་ལ་)ཁོང་ལ་སློབ་ཏོང་། ལྟོས་དང་། ངས་ཁྱེད་ལ་ནམ་ཡང་དབྱུགས་འཇོག་ཅེས་མེད། འདི་འཛམ་བུ་གླིང་མ་བསྟངས་ཐུག་ང་ཁྱེད་མཉམ་པོ་བསྡད་དེ་རོགས་བྱེད་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། །། (སྨྲས་ཏེ། ཡེ་ཤུས་ཀྱིས།། །།)

Your encouragement is valuable to us

Your stories help make websites like this possible.