མད་ཐྰ་ལེའུ་ཉི་ཤུ་རྩ་བདུན་པ།

ཡེ་ཤུ་ལ་བཀའ་བློན་པི་ལ་ཏོ་ལ་རྩིས་བརྒྱབ་པ།

༡ སྔ་དྲོ་ནམ་ཐོ་རེངས་ལ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་ཆོས་ཀྱི་འགོ་པ་ཡ་གིས་ཡེ་ཤུ་ལ་གསོད་ཅེས་སྨྲས་ཏེ་གྲོས་རྒྱབ་ཟིན། ༢ དེ་ནས་ཡེ་ཤུ་ལ་བཀྱིགས་ཏེ་རོ་མྰ་པའི་བཀའ་བློན་པོན་ཏིའུ་པི་ལ་ཏོའི་རྩར་ལ་ཁྱེར་ཏེ་རྩིས་རྒྱབ་ཟིན།། (ཁྱེར་ཏེ་སྤྲོད་ཟིན།།) 

ཀར་ཡོད་པ་ཡུ་དྰས་བྱས་པའི་འགབ་ཤོས་ཀྱི་ལས་ཀ།

༣ ཡེ་ཤུ་ལ་གསོད་མཁན་གྱི་ཉེས་པ་འགྲོ་ཟིན་ནུ་སྨྲ་མཁན་ཐོས་ཏེ་འཛིན་འཇུག་མཁན་གྱི་ཡུ་དྰ་ལ་(ངོ་ལོག་བྱེད་མཁན་གྱི་ཡ་ཧུ་དྰ་ལ་)འགྱོད་པ་སྐྱེ་ཟིན། ཁོས་འོ་བླངས་པའི་དངུལ་ཊང་སྒོར་མོ་སུམ་བཅུ་༼ཁལ་ཕྱེད་དང་གཉིས་༽སློག་ཅེས་སྨྲས་ཏེ་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་ཆོས་ཀྱི་འགོ་པ་ཡ་གི་རྩར་ལ་ཕྱིན་ཏེ་སྨྲ་ཟིན། ༤ ངས་ཀྱིས་ཉེས་པ་འཇིག་པ་ཅི་ཡང་མ་བྱས་པའི་མི་ལ་ཁྱེད་ཀྱི་ལག་པ་ལ་ཆུད་བཅུག་སྟེ་ངོ་ལོག་ཆེན་པོ་ཞིག་བྱེད་ཟིན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) དེ་ནས་འགོ་པ་ཡ་གིས། ངེད་ལ་ག་ཅི་སྨྲ་འོང་མཁན། (འོ་སྐད་ཆ་དེ་ངེད་ལ་ཅི་བྱུས་གཏོགས་སམ།) འདི་ནི་ཁྱོད་རང་གི་སེམས་འཐད་དེ་བྱས་པའི་ལས་ཀ་ཡིན་པ། སྨྲས་ཏེ་ལན་རྒྱབ་ཟིན། (སྨྲས་ཏེ།) ༥ འོ་སྐད་ཆ་ཐོས་ཏེ་ཡུ་དྰས་འོ་ཊང་ཀ་མཆོད་ཁང་གི་ནང་ལ་དབྱུགས་རྫོང་ཟིན། དེ་ནས་ཐོན་ཏེ་ཕྱིན་ཏེ་ཁོ་དཔྱངས་ཏེ་འཆི་ཟིན། 

༦ ལེ་ཝི་ཆེན་པོ་ཡ་གིས་༼མཆོད་དཔོན་ཆེན་པོ་ཡ་གིས་༽འོ་ཊང་ཀ་བསྡུས་ཏེ། འདི་ནི་ཁྲག་གིས་བངས་པའི་ཊང་ཀ་ཡིན་པ། བཀའ་ཁྲིམས་ལ་ལྟ་འགྲོ་ན་འདི་ཊང་ཀ་མཆོད་ཁང་གི་ཊང་ཀ་མཉམ་པོ་སྲེ་ཅེས་མི་འོང་མཁན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༧ དེ་ནས་ཁོང་གིས་གྲོས་བརྒྱབ་སྟེ་ཕྱི་ཡུལ་གྱི་མི་ཡ་གི་རོ་སྦེད་ཅེས་ལ་(མི་ཡ་གི་རོ་སྦེད་པ་ལ་)ས་སའི་སྣོད་བཟོ་མཁན་གྱི་མི་མཉམ་པོ་ཞིང་གཅིག་ཉོ་ཟིན། ༨ འོ་སོང་བས་མདང་དེ་རིང་ཡང་མི་ཡ་གིས་འོ་ས་ཆ་ལ། ཁྲག་གིས་བངས་པའི་ཞིང་། སྨྲ་མཁན། ༩ འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་རེམ་ཡས་སྨྲས་པའི་འདི་སྐད་ཆ་དོན་དག་འགྲུབ་འོང་ཟིན།

ཡིས་ར་ཨལ་གྱི་མི་ཡ་གིས་མི་རོགས་ལ་དངུལ་ཊང་སུམ་བཅུ་༼ཁལ་ཕྱེད་དང་གཉིས་༽བརྒྱབ་པའི་རིན་ཁོང་གིས་ལེན་ཟིན། (ཡིས་ར་ཨལ་གྱི་མི་ཡ་གིས་མི་རོགས་ལ་བརྒྱབ་པའི་རིན་ཏེ་དངུལ་ཊང་སུམ་བཅུ་༼ཁལ་ཕྱེད་དང་གཉིས་༽ཡོད་མཁན། འོ་དེ་ཁོང་གིས་ལེན་ཟིན།) 

༡༠ དེ་ནས་ཡ་ཝྰེས་ང་ལ་བསྐུལ་བ་ཅོག་འདྲ་བྱས་ཏེ། 

ཁོང་གིས་ས་སའི་སྣོད་བཟོ་མཁན་གྱི་མི་ལས་ཞིང་གཅིག་ཉོ་ཟིན།

སྨྲ་མཁན་གྱི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།། 

ཁྲིམས་གཏོང་མཁན་གྱི་རོ་མྰ་པའི་བཀའ་བློན་པི་ལ་ཏོའི་མདུན་ལ་ཡེ་ཤུ།

༡༡ ཁྲིམས་གཏོང་མཁན་གྱི་དུས་ཚོད་ལ་ཡེ་ཤུ་བཀའ་བློན་པི་ལ་ཏོའི་མདུན་ལ་ལངས་ཏེ་སྡོད་ཟིན། པི་ལ་ཏོས་ཁོ་ལ། ཁྱོད་ཡ་ཧུ་དྰ་པའི་རྒྱལ་པོ་ཡིན་ནམ། སྨྲས་ཏེ་འདྲི་ཟིན། (སྨྲས་ཏེ།) དེ་ནས་ཡེ་ཤུས་ཀྱིས། འོ་ནི་རང་གིས་རང་སྨྲ་འོ་ནུ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༡༢ དེ་ནས་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔུན་ཆེན་པོ་༽དང་ཆོས་ཀྱི་འགོ་པ་ཡ་གིས་ཡེ་ཤུ་ལ་སྐྱོན་འགེལ་ཟིན། ཡིན་ནས་ཁོང་གིས་ག་ཚོད་སྐྱོན་འགེལ་ན་ཡང་ཡེ་ཤུས་ཀྱིས་ཅི་ཡང་མ་སྨྲས། ༡༣ དེ་ནས་པི་ལ་ཏོས་ཡེ་ཤུ་ལ། ཁོང་གི་སྐྱོན་བཀལ་བ་དེ་ཁྱོད་ཀྱིས་མི་ཐོས་པས། སྨྲས་ཏེ་འདྲི་ཟིན། (སྨྲས་ཏེ།) ༡༤ འོ་རྗེས་ལ་ཡང་ཡེ་ཤུས་ཀྱིས་སྐད་ཆ་ཅི་ཡང་མ་སྨྲས། ཁོང་གིས་སྐྱོན་བཀལ་བའི་སྐད་ཆ་གཅིག་ལ་ཡང་ལན་མ་བརྒྱབ། འདི་མཐོང་སྟེ་པི་ལ་ཏོ་འཇིགས་པོར་ཧ་ལས་ཟིན།། 

༡༥ ད་སྐྱོབ་མཁན་གྱི་དུས་ཆེན་གྱི་ཉི་མ་ཡ་ལ་ཁྲིམས་གཏོང་མཁན་གྱི་བཀའ་བློན་གྱིས་མི་ཡ་གིས་འདམས་པའི་བཙོན་ཁང་ལ་ཆུད་པའི་མི་གཅིག་ལ་གཏོང་མཁན་གྱི་ཁྲིམས་ཡོད་མཁན། ༡༦ འོ་ཙམ་དུས་ཚོད་ལ་(ད་ཚོད་)བྰ་རབ་བ་མིང་འཐོགས་པའི་འཇིགས་ཅེས་ཅོག་འདྲའི་མི་གཅིག་བཙོན་ཁང་ལ་ཡོད་མཁན། ༡༧-༡༨ འོ་སོང་བས་པི་ལ་ཏོས་འཛོམས་པའི་མི་ཡ་ལ། ཉན་དོང་། ངས་ཀྱིས་གང་དྲ་ལ་གཏོང་དོང་། བྰ་རབ་བ་ལ་ནི་དབང་སྐུར་ཐོབ་པ་(བསྐུས་པ་དེ་)སྨྲ་མཁན་གྱི་ཡེ་ཤུ་ལ། སྨྲས་ཏེ་འདྲི་ཟིན། ཅི་ལས་སྨྲ་ན་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་ཆོས་ཀྱི་འགོ་པ་ཡ་གིས་ཡེ་ཤུ་ལ་ཕྲག་དོག་བྱས་ཏེ་རྩིས་བརྒྱབ་པ་ཡིན་(སྤྲད་པ་ཡིན་)སྨྲ་མཁན་གྱི་སྐད་ཆ་པི་ལ་ཏོ་ལ་རྒྱུས་ཡོད་མཁན།

༡༩ པི་ལ་ཏོ་ཁྲིམས་གཏོང་ཅེས་ལ་ཁྲིམས་གཏོང་མཁན་གྱི་ཁྲི་ལ་བསྡད་དེ་ཡོད་མཁན། འོ་རྗེས་ལ་རང་ཁོའི་བུད་མེད་ཀྱིས་འདི་ཅོག་འདྲ་སྨྲས་ཏེ་ལོན་གཏོང་ཟིན། འདི་དྲང་བདེན་གྱི་མི་ལ་ཅི་ཡང་མ་བྱེད། དེ་རིང་དགོང་མོ་ངའི་རྨི་ལམ་ལ་འོ་མིའི་དོན་དག་ལ་འཇིགས་པོར་འཇིགས་པ། (ཅི་ལས་སྨྲ་ན་དེ་རིང་དགོང་མོ་ངས་ཀྱིས་ཁོའི་དོན་དག་ལ་རྨི་ལམ་མཐོང་སྟེ་འཇིགས་པོའི་སྡུག་པོ་མྱོང་ཟིན།)

༢༠ ཡིན་ནས་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་ཆོས་ཀྱི་འགོ་པ་ཡ་གིས་མི་མི་མང་ལ་བཀྱགས་ཏེ་(མི་མང་ལ་སྐུལ་སློང་བྱས་ཏེ་)འདི་ཅོག་འདྲ་སྨྲ་འཇུག་ཟིན། ཡེ་ཤུ་ལ་གསོད་ཏོང་། བྰ་རབ་བ་ལ་གཏོང་དོང་། ༢༡ པི་ལ་ཏོས་གཉིས་པར་ཁོང་ལ། བདེན་པར་སྨྲ་དོང་། གང་དྲ་ལ་གཏོང་དོང་། སྨྲས་ཏེ་འདྲི་མཁན་གང་ལ། (སྨྲས་ཏེ་འདྲི་བ་དང་།) བྰ་རབ་བ་ལ་གཏོང་དོང་། སྨྲས་ཏེ་མི་ཡ་གིས་སྐད་བཏོན་ཏེ་སྨྲ་ཟིན། (སྨྲས་ཏེ། མི་ཡ་གིས་སྐད་བཏོན་ཏེ།) ༢༢ དེ་ནས་དབང་སྐུར་ཐོབ་པ་(བསྐུས་པ་དེ་)སྨྲ་མཁན་གྱི་ཡེ་ཤུ་ལ་ཅི་བྱེད་ཏོང་། ཁོ་ལ་རྒྱངས་ཤིང་ལ་དཔྱངས་ཏེ་གསོད་ཏོང་། སྨྲས་ཏེ་མི་གང་པོས་སྐད་བཏོན་ཏེ་སྨྲ་ཟིན། (སྨྲས་ཏེ། མི་གང་པོས་སྐད་བཏོན་ཏེ།) ༢༣ ཅི་ལས། འདི་མིས་ཅི་ལས་ཀ་ནོར་བ་བཞིག་པ་བྱས་ནུ་འམ། སྨྲས་ཏེ་འདྲི་མཁན་གང་ལ་(སྨྲས་ཏེ་འདྲི་བ་དང་)མི་ཡ་གིས་ལྷག་རང་སྐད་བཏོན་ཏེ། ཁོ་ལ་རྒྱངས་ཤིང་ལ་དཔྱངས་ཏེ་གསོད་རང་དགོས་མཁན། སྨྲས་ཏེ་སྐད་བཏོན་ཏེ་རང་སྡོད་ཟིན། 

༢༤ པི་ལ་ཏོས་ད་ཅི་ཡང་གླགས་འཁེལ་ཅེས་ཅོག་འདྲ་མ་མཐོང་། ད་ནི་འཁྲུགས་ཤིག་ཟིང་ཆ་རང་འགྲོ་མཁན་ཡིན་པ་ཚོད་ནུ། སྨྲས་ཏེ་པི་ལ་ཏོས་གང་པོའི་མདུན་ལ་ལག་པ་བཀྲུས་ཏེ། ལྟ་དོང་། འདི་དྲང་བདེན་གྱི་མིའི་བསད་པའི་ཉེས་པ་ང་ལ་མ་འོང་ཆུག  ཁྱེད་ལ་རང་འོང་ཆུག  སྨྲས་ཏེ། ༢༥ འགྲིག་མཁན་འགྲིག་མཁན། འདི་མིའི་བསད་པའི་ཉེས་པ་ངེད་དང་ངེད་ཀྱི་རྩ་བ་ཡ་གི་ཐོག་ལ་རང་(ངེད་དང་ངེད་ཀྱི་བུ་རྒྱུད་ཡ་གི་ཐོག་ལ་རང་)འོང་ཆུག  སྨྲས་ཏེ་མི་ཡ་གིས་སྐད་བཏོན་ཏེ་སྨྲ་ཟིན། (སྨྲས་ཏེ། མི་ཡ་གིས་སྐད་བཏོན་ཏེ།) ༢༦ འོ་རྗེས་ལ་པི་ལ་ཏོས་བྰ་རབ་བ་ལ་གཏོང་རྫོང་ཟིན། ཡེ་ཤུ་ལ་ནི་ཀོ་བའི་སྐ་རགས་ཀྱིས་རྒྱབ་འཇུག་ཟིན་པ་དང་རྒྱངས་ཤིང་ལ་དཔྱངས་ཏེ་གསོད་ཅེས་ལ་རང་གི་དམག་མི་ཡ་ལ་རྩིས་རྒྱབ་ཟིན།། (རང་གི་དམག་མི་ཡ་ལ་སྤྲོད་ཟིན།།) 

བཀའ་བློན་གྱི་དམག་མི་ཡ་གིས་ཡེ་ཤུ་ལ་གཤེ་ཁྲེལ་བྱས་པ།

༢༧ དམག་མི་ཡ་གིས་ཡེ་ཤུ་ལ་དམག་སྒར་ལ་འཁྲིད་ཟིན། དེ་ནས་དམག་མི་གང་པོ་འཛོམས་ཏེ་སྐོར་དཀྱིལ་ལས་སྡོད་ཟིན། ༢༨ ཁོང་གིས་ཡེ་ཤུའི་བཀབ་ཆ་ཤུས་ཏེ་ཆུ་པ་དམར་སྨུག་ཅིག་བསྐོན་བསྟེར་ཏེ། ༢༩ ཚེར་མའི་ཐོད་བཟོས་ཏེ་ཡེ་ཤུའི་མགོ་ལ་བསྐོན་སྟེར་ཟིན། དེ་ནས་ལག་པ་གཡས་པ་ལ་བེར་ཀ་ལེན་འཇུག་ཟིན། དེ་ནས་ཡེ་ཤུའི་མདུན་ལ་པུས་མོ་བཙུགས་ཏེ། ཡ་ཧུ་དྰ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། སྨྲས་ཏེ་གཤེ་ཁྲེལ་བྱས་ཏེ་སྨྲ་ཟིན། (སྨྲས་ཏེ། གཤེ་ཁྲེལ་བྱས་ཏེ།) ༣༠ དེ་ནས་ཡེ་ཤུ་ལ་ཐུ་ལུད་བརྒྱབ་སྟེ། བེར་ཀ་ཕྲོགས་ཏེ་ཡང་ཡེ་ཤུའི་མགོ་ལ་རྒྱབ་ཟིན། ༣༡ འདི་ཅོག་འདྲ་གཤེ་ཁྲེལ་བྱེད་ཟིན་པ་དང་(འདི་ཅོག་འདྲ་གཤེ་ཁྲེལ་བྱེད་ཟིན་ཟིན་པ་ལ་)དམག་མི་ཡ་གིས་ཆུ་པ་དམར་སྨུག་དེ་ཕུད་དེ་གཉིས་པར་ཡེ་ཤུའི་བཀབ་ཆ་བསྐོན་སྟེར་ཟིན། དེ་ནས་ཡེ་ཤུ་རྒྱངས་ཤིང་ལ་དཔྱང་ཅེས་ལ་འཁྱེར་ཟིན།། 

ཡེ་ཤུ་ལ་རྒྱངས་ཤིང་ལ་དཔྱངས་པ།

༣༢ ༼རྒྱངས་ཤིང་གི་ཕྲེད་ཤིང་ཁོང་གིས་ཡེ་ཤུ་ལ་འགེལ་ཟིན།༽ དེ་ནས་ཁྱེར་ཏེ་འགྲོ་མཁན་གང་ལ་(ཁྱེར་ཏེ་འགྲོ་བ་དང་)ལམ་ལ་སི་མོན་མིང་འཐོགས་པའི་ཀི་རེ་ནེའི་མི་སྡེའི་མི་གཅིག་ལ་ཐུག་ཟིན། ཡེ་ཤུས་ཀྱིས་རྒྱངས་ཤིང་གི་ཕྲེད་ཤིང་འཁུར་མི་ཐུབ་ཀོ་རང་(འཁུར་མི་ཐུབ་པས་)དམག་མི་ཡ་གིས་འོ་མི་ལ་བཀལ་སྟེར་ཟིན། ༣༣ དེ་ནས་གོལ་གོ་ཐྰ་སྨྲ་མཁན་གྱི་ས་ཆ་ལ་སླེབ་ཟིན། གོལ་གོ་ཐྰ་སྨྲ་མཁན་དེ་ཐོད་པའི་ས་ཆ་སྨྲས་པ་ཡིན་པ། 

༣༤ འོ་ལ་སླེབས་ཏེ་དམག་མི་ཡ་གིས་༼ཡེ་ཤུ་ཧན་ལྡང་འགྲོ་འཇུག་སྨྲས་ཏེ་(ཡེ་ཤུ་ཧན་ལྡང་འགྲོ་འཇུག་ཅེས་ལ་)༽སྨན་ཁ་ཏིག་(མཁྲིས་ཁུ་)བླུགས་པའི་རྒུན་ཆང་སྟེར་ཟིན། ཡེ་ཤུས་ཀྱིས་བྲོ་བལྟས་ཏེ་ཟ་ཅེས་ཐུག་མ་བྱས། ༣༥ དེ་ནས་དམག་མི་ཡ་གིས་ཡེ་ཤུ་ལ་རྒྱངས་ཤིང་གི་ཕྲེད་ཤིང་ལ་བཞག་སྟེ་ལག་པ་ལ་ལྕགས་གཟེར་དིམ་སྟེ། ཡེ་ཤུ་ཕྲེད་ཤིང་མཉམ་པོ་ཕྱར་ཏེ་རྒྱངས་ཤིང་གི་ཀ་བའི་ཁ་ལ་(ཀ་བའི་རྩེ་མོ་ལ་)འཇོག་ཟིན་པ་དང་ཡེ་ཤུའི་རྐང་པ་ལ་ལྕགས་གཟེར་དིམ་ཟིན། དེ་ནས་ཁོང་གིས་ཡེ་ཤུའི་བཀབ་ཆ་བླངས་ཏེ་ཁོང་ནང་ལ་རྒྱན་བརྒྱབ་སྟེ་བགོད་ཟིན། འདི་ཅོག་འདྲ་བྱས་ཏེ་ཨལ་གྱི་སྐད་ཆ་ཤོད་མཁན་གྱིས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོང་ཟིན། ངའི་གོས་བགོ་བཤའ་བརྒྱབ་སྟེ་བཀབ་ཆ་དེ་ལ་རྒྱན་ཡང་བརྒྱབ། སྨྲས་ཏེ་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ། ༣༦ དེ་ནས་ཡེ་ཤུ་ལ་སྲུང་ཅེས་ལ་འོ་ལ་སྡོད་ཟིན། 

༣༧ ཡེ་ཤུ་ལ་ཅིའི་དོན་དག་ལ་བསད་པ་སྨྲ་མཁན་དེ་ངོ་ཤེས་འཇུག་ཅེས་ལ་ཁོང་གིས་རྒྱངས་ཤིང་ལ་ཡེ་ཤུའི་མགོའི་ཐོག་ལ། འདི་ཡེ་ཤུ་ཡ་ཧུ་དྰ་པའི་རྒྱལ་པོ་ཡིན་པ། སྨྲས་ཏེ་བྲིས་ཏེ་འཇོག་ཟིན། ༣༨ ཡེ་ཤུ་མཉམ་པོ་དམག་མི་ཡ་གིས་ཇག་པ་གཉིས་བསྐྱས་ཏེ་རྒྱངས་ཤིང་གཉིས་ལ་དཔྱང་ཟིན། ཡེ་ཤུའི་གཡས་ངོས་ལ་གཅིག  གཡོན་པ་ངོས་ལ་གཅིག (ཡེ་ཤུའི་གཡས་ཕྱོགས་ལ་གཅིག  གཡོན་ཕྱོགས་ལ་གཅིག) 

༣༩ འོ་ལམ་ལས་འགྲོ་མཁན་གྱི་མི་ཡ་གིས་མགོ་གཡོས་ཏེ་གཡོས་ཏེ་ཡེ་ཤུ་ལ་གཤེ་ཁྲེལ་བྱས་ཏེ། ༤༠ མཆོད་ཁང་ཧྲུམ་སྟེ་ཉི་མ་གསུམ་ལ་རང་གཉིས་པར་བཟོ་ཁུག་མཁན་སྨྲ་མཁན་གྱི་མི་ཁྱོད་རང་མིན་ནམ། ཨལ་ལོ་ཧིམ་གྱི་སྲས་པོ་ཡིན་ཟིན་སྨྲ་ན་ནི་(ཡིན་ཟིན་ན་ནི་ ། ཡིན་ན་ནི་)རང་ལ་ཐར་འཇུག་སྟེ་རྒྱངས་ཤིང་ལས་མར་བབས་ཏེ་ཤོག  སྨྲས་ཏེ་མི་ཡ་གིས་སྨྲ་ཟིན། (སྨྲས་ཏེ། མི་ཡ་གིས།) ༤༡ འོ་ཅོག་འདྲ་བྱས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ། ༼མཆོད་དཔོན་ཆེན་པོ།༽ བཀའ་ཁྲིམས་ཀྱི་སློབ་དཔོན་དང་ཆོས་ཀྱི་འགོ་པ་ཡ་གིས་ཀྱང་ཡེ་ཤུ་ལ་གཤེ་ཁྲེལ་བྱས་ཏེ། ༤༢ མི་གཞན་པ་ཡ་ལ་ནི་ཐར་འཇུག་ཟིན། རང་ལ་ནི་ཐར་འཇུག་མི་ཁུག་པས། ཁོ་ཡིས་ར་ཨལ་པ་ཡ་གི་རྒྱལ་པོ་ཡིན་ན་རྒྱངས་ཤིང་ལས་མར་བབས་ཏེ་འོང་འཇུག  དེ་ནས་ག་ངེད་ཀྱིས་ཡིད་ཆེས་མཁན། ༤༣ ཁོས་ཨལ་ལོ་ཧིམ་ལ་བློ་བཀལ་ཏེ། ང་ཨལ་ལོ་ཧིམ་གྱི་བུ་ཡིན། སྨྲས་ཏེ་འགྲོ་འོ་ཡོད་མཁན། འོ་འདྲ་ཡིན་ན་(གལ་སྲིད་)ད་ལྟ་ཨལ་ལོ་ཧིམ་གྱིས་ཁོ་ལ་ཐར་འཇུག་ཆུག  སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) 

༤༤ འོ་ཅོག་འདྲ་བྱས་ཏེ་ཡེ་ཤུའི་རྩར་ཟུར་ལ་དཔྱངས་པའི་ཇག་པ་གཉིས་ཀྱིས་ཀྱང་ཡེ་ཤུ་ལ་གཤེ་ཁྲེལ་བྱེད་ཟིན།།

ཡེ་ཤུ་ཤི་བ།

༤༥ ཉི་མ་ཕྱེད་ལ་ལུང་པ་གང་པོ་ལ་རང་ནག་ཁུང་འགྲོ་ཟིན། མཛར་བ་ཕྱི་ཡོལ་ཐུག་༼ཆུ་ཚོད་གསུམ་ཐུག་༽ནག་ཁུང་རང་སྡོད་ཟིན། ༤༦ དེ་ནས་ཆུ་ཚོད་གསུམ་ཙམ་ལ་ཡེ་ཤུས་ཀྱིས་སྐད་ཆེན་པོ་ཞིག་བཏོན་ཏེ། ཨལ་ལ་འི། ཨལ་ལ་འི། ལྰ་མྰ་སྰ་པག་ཐྰ་ནེ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) འདི་སྐད་ཆའི་དོན་དག  ངའི་ཨལ། ངའི་ཨལ་ལོ་ཧིམ། ང་ལ་ཅི་ལས་དབྱུགས་བཞག་པ། སྨྲས་ཏེ་སྨྲས་པ་ཡིན་པ། ༤༧ འདི་སྐད་ཆ་ཐོས་ཏེ་འོ་ལ་ལངས་ཏེ་སྡོད་མཁན་གྱི་མི་ཡ་གི་ནང་ལ་རེ་འགའས། འདི་མིས་ནི་ཨལ་ལ་ཡ་ལ་ག་སྐད་རྒྱབ་ཀོ་ནུ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༤༨ དེ་ནས་ཁོང་ནང་ལས་མི་གཅིག་ཡར་ཏེ་(བརྒྱུགས་ཏེ་)བལ་ཅོག་འདྲའི་བྱད་ལག་ཅིག་རྒུན་ཆང་སྐྱུར་པོ་ལ་སྤག་སྟེ་བེར་ཀའི་རྩེ་མོ་ལ་བཀལ་ཏེ་ཡེ་ཤུའི་ཁ་ལ་བཞག་སྟེར་ཟིན། ༤༩ ཡིན་ནས་གཞན་པ་ཡ་གིས། སྟེར་མི་དགོས་མཁན། ཨལ་ལ་ཡ་འོངས་ཏེ་ཁོ་ལ་ཐར་འཇུག་འོ་ནུ་ནི་ལྟ་མཁན། སྨྲས་ཏེ། (ཡིན་ནས་གཞན་པ་ཡ་གིས། ཏོག་ཙམ་འགེགས་ཏོང་། ན་གལ་སྲིད་ཨལ་ལ་ཡ་ཁོ་ལ་ཐར་འཇུག་ཅེས་ལ་འོང་མཁན་ཡིན་པ་ནི། སྨྲས་ཏེ།) ༥༠ དེ་ནས་གཉིས་པར་ཡེ་ཤུས་ཀྱིས་སྐད་ཆེན་པོ་ཞིག་བཏོན་ཏེ་འཆི་ཟིན།

༥༡ འོ་རྗེས་ལ་རང་(ཧར་རང་)ཡ་ཧུ་དྰ་པའི་མཆོད་ཁང་ལ་བརྒྱབ་པའི་ཡོལ་བ་ཐོག་ཡིན་འཇུག་འོག་ཐུག་དཀྱིལ་ཐད་ཀ་ལས་མར་རང་རལ་ཟིན་ནུ། ས་འགུལ་འོངས་ཏེ་རྡོ་བྲག་ཡ་འགས་ཟིན། ༥༢ དེ་ནས་རོ་འཇོག་སའི་ཕུག་པ་ཡ་ཁ་ཕྱེ་སྟེ་འོངས་ཏེ་དང་པོར་ཤི་སྟེ་ཕྱིན་པའི་ཨལ་ལོ་ཧིམ་གྱིས་རྣམ་པར་དག་པར་བྱས་པའི་མི་མང་པོ་གསོན་པོར་ལང་ཟིན་ནུ། ༥༣ ཡེ་ཤུ་ཤི་སྟེ་འགབ་ལས་(ཡེ་ཤུ་ཤི་སྟེ་རྗེས་ལ་)གསོན་པོར་ལངས་ལངས་པ་ལ་ཁོང་ཕུག་པ་ཡ་ལས་ཐོན་ཏེ་རྣམ་པར་དག་པའི་རྒྱལ་ས་ལ་འཇུག་ཟིན། དེ་ནས་མི་མང་པོས་ཁོང་ལ་མཐོང་ཟིན། 

༥༤ རོ་མྰ་པའི་དམག་གི་བརྒྱ་དཔོན་(རོ་མྰ་པའི་བརྒྱ་ཐམ་པའི་དམག་དཔོན་)དང་ཁོའི་དམག་མི་ཡ་གིས་འོ་ས་འགུལ་འོང་མཁན་ཚོར་ཏེ། འོ་ལ་ཕྱིན་པའི་སྐད་ཆ་(དོན་རྐྱེན་)གང་པོ་མཐོང་སྟེ་འཇིགས་པོར་འཇིགས་ཏེ་སྐད་ཆེན་པོ་ཞིག་བཏོན་ཏེ། འདི་མི་ནི་བདེན་པར་ཨལ་ལོ་ཧིམ་གྱི་སྲས་པོ་རང་ཡིན་པ་ནུ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།)

༥༥ བུད་མེད་བུ་ཚ་མང་པོས་(བུད་མེད་མང་པོས་)ཕར་ཙམ་ལ་ལངས་ཏེ་འོ་གང་པོ་བལྟས་བསྡད་དེ་ཡོད་མཁན། ཁོང་ག་ལིལ་ས་གནས་ལས་ཡེ་ཤུ་མཉམ་པོ་ཞབས་ཕྱི་ཞུས་ཏེ་འོངས་པ་ཡིན་མཁན། ༥༦ ཁོང་ནང་ལ་མིར་ཡམ་མག་དལ་མ་ནི། ཡ་ཀོ་བོས་དང་ཡོ་སེབ་ཀྱི་ཨ་མ་མིར་ཡམ་དང་ཟེ་བད་ཡྰའི་བུ་སྤུན་གཉིས་ཀྱི་ཨ་མ་ཡོད་མཁན།།

ཡེ་ཤུའི་རོ་བདོག་པ།

༥༧ དགོང་སྲོད་ལ་ཡོ་སེབ་མིང་འཐོགས་པའི་ཨ་རི་མ་ཐྰ་ཡྰ་ཡུལ་ཆད་མའི་མི་ཕྱུག་པོ་གཅིག་འོང་ཟིན། ཁོ་ཡང་ཡེ་ཤུའི་ཉེ་གནས་ཕྱིན་པ་ཡིན་མཁན། ༥༨ དེ་ནས་ཁོས་པི་ལ་ཏོའི་རྩར་ལ་ཕྱིན་ཏེ་ཡེ་ཤུའི་རོ་སློང་ཟིན། པི་ལ་ཏོས་རང་གི་དམག་མི་ཡ་ལ་སྐད་བརྒྱབ་སྟེ་བསྐུལ་ཏེ་ཡོ་སེབ་ལ་ཡེ་ཤུའི་རོ་འཁྱེར་འཇུག་ཟིན། ༥༩ ཡོ་སེབ་ཀྱིས་ཡེ་ཤུའི་རོ་ཁྱེར་ཏེ་གསར་པའི་རས་དཀར་པོ་གཅིག་གིས་འཐུམ་ཟིན། ༦༠ དེ་ནས་ཡེ་ཤུའི་རོ་ལ་ད་ལྟ་གཅིག་རང་རྡོ་བྲག་བྲུས་ཏེ་བཟོས་པའི་རང་དེ་རང་གསར་པའི་ཕུག་པ་ལ་བདོག་ཟིན། དེ་ནས་རྡོ་ཆེན་པོ་ཞིག་བསྒྲིལ་འོངས་ཏེ་ཕུག་པའི་སྒོ་བཀག་བཞག་སྟེ་ཡོ་སེབ་ལོག་འགྲོ་ཟིན། ༦༡ མིར་ཡམ་མག་དལ་མ་ནི་དང་མིར་ཡམ་གཞན་པ་དེ་ཕུག་པའི་འགྲམ་ལ་སྡོད་ཟིན།།

རོ་བཞག་པའི་ཕུག་པ་དམག་མི་ཡ་གིས་བསྲུངས་པ།

༦༢ ནངས་པར་ཅོག་འདྲའི་ཡ་ཧུ་དྰ་པའི་ངལ་གསོ་མཁན་གྱི་ཉི་མ་ལ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་ཕ་རི་སི་ཡ་འགྲིགས་ཏེ་རོ་མྰ་པའི་བཀའ་བློན་པི་ལ་ཏོའི་རྩར་ལ་ཕྱིན་ཏེ། ༦༣ ངེད་ཀྱིས་སྐད་ཆ་གཅིག་དྲན་པ་གསོ་ཟིན། འདི་མགོ་སྐོར་གཏོང་མཁན་གྱིས་གསོན་པོ་ཡོད་མཁན་གང་ལ། (གསོན་པོ་ཡོད་པ་དང་།) ང་ཤི་སྟེ་ལས་ཉི་མ་གསུམ་ལ་གསོན་པོར་ལང་ཅེས་ཡོད། སྨྲས་ཏེ་སྨྲས་པ་ཡོད་མཁན། ༦༤ འོ་སོང་བས་ཉི་མ་གསུམ་མ་ཕྱིན་ཐུག་ཁོའི་རོ་བཞག་པའི་ཕུག་པ་ཡག་པོ་བྱས་ཏེ་སྲུང་འཇུག་དོང་། ཁོའི་ཉེ་གནས་ཡ་དགོང་མོ་ལ་འོངས་ཏེ་རོ་རྐུན་མ་བརྒྱབ་སྟེ་འཁྱེར་མ་མྱོང་འཇུག  དེ་ནས། ཡེ་ཤུ་ནི་ཤི་སྟེ་ལས་གསོན་པོར་ལངས་པ་ཡིན་པ། སྨྲས་ཏེ་མི་ཡ་ལ་ཐོས་མ་མྱོང་འཇུག  གདོང་ལ་རྫུན་བརྒྱབ་པ་སྨྲས་ཏེ་ཡང་(ལས་ཀྱང་)ད་ལྟ་འདི་ཅོག་འདྲ་རྫུན་རྒྱབ་ཟིན་སྨྲ་ན་(རྫུན་རྒྱབ་ཟིན་ན་ ། རྫུན་རྒྱབ་ན་)ལྷག་བཙོག་པ་འོང་ཅེས་ཡོད། ༦༥ དེ་ནས་པི་ལ་ཏོས། དམག་མི་ཡ་ལ་ཁྱེར་ཏེ་གླགས་ཁ་ཚོད་ཡག་པོ་བྱས་ཏེ་ཕུག་པ་སྲུང་འཇུག་དོང་། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༦༦ དེ་ནས་ཁོང་གིས་ཕྱིན་ཏེ་ཕུག་པ་ཡག་པོ་བྱས་ཏེ་འཇོག་ཅེས་ལ་ཕུག་པའི་སྒོ་ལ་ཐེ་ཚེ་རྒྱབ་ཟིན། དེ་ནས་དམག་མི་ཡ་ལ་སྲུང་འཇུག་ཟིན།། །།

Your encouragement is valuable to us

Your stories help make websites like this possible.