ཡེ་ཤུ་ལ་གསོད་ཅེས་སྨྲས་ཏེ་དྲ་བ་བྱས་པ།
༡ འོ་སྐད་ཆ་གང་པོ་སྨྲས་ཚར་ཏེ་འགབ་ལས་(སྨྲས་ཚར་ཚར་བ་ལ་)ཡེ་ཤུས་ཀྱིས་རང་གི་ཉེ་གནས་ཡ་ལ། ༢ གནངས་ཡིན་འཇུག་སྐྱོབ་མཁན་གྱི་དུས་ཆེན་འོང་མཁན་ཡིན་སྨྲས་ཏེ་ཁྱེད་ལ་རྒྱུས་ཡོད་རང་ཡོད། འོ་ཉི་མ་ཡ་ལ་མི་ཡ་གིས་མིའི་བུ་ལ་བཟུང་སྟེ་རྒྱངས་ཤིང་ལ་དཔྱངས་ཏེ་གསོད་ཅེས་ཡོད། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།)
༣ འོ་དུས་ཚོད་ལ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ།༼མཆོད་དཔོན་ཆེན་པོ།༽བཀའ་ཁྲིམས་ཀྱི་སློབ་དཔོན་དང་མིའི་འགོ་པ་ཆེན་པོ་ཡ་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བ་༼མཆོད་དཔོན་ཆེ་བ་༽ཀ་ཡ་ཕྰའི་ཕོ་བྲང་ལ་འཛོམ་ཟིན། ༤ དེ་ནས་ཁོང་གིས་ཡེ་ཤུ་ལ་མི་ཡ་གིས་མ་ཚོར་བ་བྱས་ཏེ་བཟུང་སྟེ་གསོད་ཅེས་སྨྲས་ཏེ་གྲོས་རྒྱབ་ཟིན། ཡིན་ནས་ཁོང་གིས་འདི་ཅོག་འདྲ་བསམ་བློ་གཅིག་གཏོང་ཟིན། ༥ དུས་ཆེན་གྱི་དུས་ཚོད་ལ་དེ་འོ་རང་གིས་འདི་ལས་ཀ་བྱེད་ཅེས་མི་འོང་མཁན། མིན་ན་ནི་མི་ཡ་གི་བར་དཀྱིལ་ལ་འཁྲུགས་ཤིག་ཟིང་ཆ་འོང་ཅེས་ཡོད།།
བུད་མེད་གཅིག་གིས་ཡེ་ཤུ་ལ་རྩིས་བྱས་ཏེ་དྲི་མ་ཞིམ་པོ་ཁ་མཁན་གྱི་སྣུམ་བསྐུས་པ།
༦ ཡེ་ཤུ་བེ་ཐན་ཡྰ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་མཛེ་ཐོན་ཏེ་དྲག་པའི་སི་མོན་གྱི་ཁང་པ་ལ་མགྲོན་པོ་ལ་འགྲོ་ཟིན། ༧ ས་ལ་སྙེ་འབོལ་ལ་བསྙེས་ཏེ་ལྟོ་ཟ་ཅེས་ལ་བསྡད་དེ་ཡོད་མཁན་གང་ལ་(ལྟོ་ཟ་ཅེས་ལ་བསྡད་དེ་ཡོད་པ་དང་)བུད་མེད་གཅིག་ཤེལ་རྡོའི་སྣོད་ལ་རིན་མང་པོ་འགྲོ་མཁན་དང་དྲི་མ་ཞིམ་པོ་ཁ་མཁན་གྱི་སྣུམ་བསྐྱས་ཏེ་(ཁྱོང་སྟེ་)ཡེ་ཤུའི་འགྲམ་ལ་འོངས་ཏེ་འོ་སྣུམ་འབོས་ཏེ་ཡེ་ཤུའི་མགོ་ལ་སྐུད་ཟིན། ༨ འདི་མཐོང་སྟེ་ཡེ་ཤུའི་ཉེ་གནས་ཡ་གིས་བློ་ལ་མ་ཕྱིན་པས། འདི་སྣུམ་ཅི་ལས་འཕྲོག་བརླག་བཏང་བ། ༩ འདི་སྣུམ་བཙོངས་པ་ཡོད་ན་ནི་དངུལ་མང་པོ་འོང་ཅེས་ཡོད་མཁན། དེ་ནས་འོ་ཊང་ཀ་དེ་སྤྲང་པོ་ཡ་ལ་བགོས་སྟེར་ཅེས་འོང་ཅེས་ཡོད་མཁན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།)
༡༠ ཉེ་གནས་ཡ་གི་བློ་ལ་མ་ཕྱིན་པ་དེ་མཐོང་སྟེ་ཡེ་ཤུས་ཀྱིས། ཁྱེད་ཀྱིས་འདི་བུད་མེད་ལ་ཅི་ལས་སྡུག་པོ་སྟེར་མཁན། མོས་ནི་ངའི་དོན་དག་ལ་ཡག་པོ་བྱས་པ་ཡིན་པ། ༡༡ མི་སྤྲང་པོ་ཡ་ནི་ནམ་བྱེད་ན་ཡང་(རྒྱུན་དུ་ཡང་)ཁྱེད་མཉམ་པོ་འོང་ཅེས་ཡོད། ད་ང་ནི་ཁྱེད་མཉམ་པོ་མང་པོ་སྡོད་ཅེས་མེད། ༡༢ ང་ལ་འདི་སྣུམ་བསྐུས་པ་དེ་མོས་ངའི་གཟུགས་པོ་རོ་འཇོག་སའི་ཕུག་པ་ལ་འཇོག་ཅེས་ལ་གྲ་སྒྲིག་བྱས་པ་ཡིན་པ། ༡༣ ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག འཛམ་བུ་གླིང་ག་ན་ག་ན་ངའི་དོན་དག་ལ་ལོན་བཟང་ཤོད་མཁན་གང་ལ་(ཤོད་པ་དང་)མོས་བྱས་པའི་འདི་ལས་ཀ་ཡང་དྲན་པ་སོས་ཏེ་ཤོད་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ། ཡེ་ཤུས་ཀྱིས།།)
ཀར་ཡོད་པ་ཡུ་དྰས་ཡེ་ཤུ་ལ་དགྲ་ཡ་གི་ལག་པ་ལ་ཆུད་འཇུག་ཅེས་ལ་ཊང་ཀ་བླངས་པ།
༡༤ དེ་ནས་ཉེ་གནས་བཅུ་གཉིས་ཀྱི་ནང་ལ་ཀར་ཡོད་པ་ཡུ་དྰ་སྨྲ་མཁན་དེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོའི་རྩར་ལ་༼མཆོད་དཔོན་ཆེན་པོའི་རྩར་ལ་༽ཕྱིན་ཏེ། ༡༥ ཡེ་ཤུ་ལ་ཁྱེད་ཀྱི་ལག་པ་ལ་ཆུད་འཇུག་ཟིན་སྨྲ་ན་(ཆུད་འཇུག་ཟིན་ན་ ། ཆུད་འཇུག་ན་)ང་ལ་ཅི་སྟེར་མཁན། སྨྲས་ཏེ་ཡུ་དྰས་འདྲི་ཟིན་ནུ། དེ་ནས་ཁོང་གིས་གྲོས་བརྒྱབ་སྟེ་དངུལ་ཊང་སྒོར་མོ་སུམ་བཅུ་༼ཁལ་གཅིག་བཅུ་༽བགྲངས་ཏེ་ཁོ་ལ་སྟེར་ཟིན་ནུ། ༡༦ འོ་དུས་ཚོད་ཡིན་འཇུག་ཡུ་དྰས་ཡེ་ཤུ་ལ་འཛིན་འཇུག་ཅེས་སྨྲས་ཏེ་ལམ་འཚོལ་ཟིན།།
ཡེ་ཤུས་ཀྱིས་རང་གི་ཉེ་གནས་ཡ་མཉམ་པོ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་བཟས་པ། (འགབ་ཤོས་ཀྱི་དགོང་ཟས།)
༡༧ གཟའ་འཁོར་གཅིག་ཐུག་འཕར་མཁན་གྱི་རྫས་མ་བླུགས་པའི་འཁུར་བ་(ཕབས་མ་བླུགས་པའི་འཁུར་བ་)ཟ་མཁན་གྱི་དུས་ཆེན་གྱི་གདོང་ཤོས་ཀྱི་ཉི་མ་ལ་(ཉི་མ་དང་པོ་ལ་)ཉེ་གནས་ཡ་ཡེ་ཤུའི་རྩར་ལ་འོངས་ཏེ། ཁྱོད་ཀྱི་དོན་དག་ལ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་ཟ་ཅེས་ལ་ག་ན་གྲ་སྒྲིག་བཟོ་དོང་། སྨྲས་ཏེ་འདྲི་ཟིན། (སྨྲས་ཏེ།) ༡༨ ཡེ་ཤུས་ཀྱིས་མི་གཅིག་གི་མིང་བཏོན་ཏེ། རྒྱལ་ས་ལ་འོ་མིའི་ཁང་པ་ལ་ཕྱིན་ཏེ། (ཡེ་ཤུས་ཀྱིས་ཁོང་ལ། རྒྱལ་ས་ལ་སོང་། ཁྱེད་ཀྱིས་འོ་ལ་མི་སྣ་གཅིག་མཟལ་ཟིན་ཅེས་ཡོད། དེ་ནས་ཁོ་ལ།) སློབ་དཔོན་གྱིས། ང་འགྲོ་མཁན་གྱི་དུས་ཚོད་སླེབ་ཟིན། སྨྲས་ཏེ་སྨྲ་འོ་ནུ། (སྨྲ་འོ་ནུ།) ཁྱོད་ཀྱི་ཁང་པ་ལ་རང་གི་ཉེ་གནས་ཡ་མཉམ་པོ་བསྡད་དེ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་ཟ་དགོས་མཁན་སྲིད་ལོ་སྨྲ་དོང་། སྨྲས་ཏེ་ཡེ་ཤུས་ཀྱིས་ཉེ་གནས་ཡ་ལ་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས་ཉེ་གནས་ཡ་ལ།) ༡༩ དེ་ནས་ཉེ་གནས་ཡ་ཕྱིན་ཏེ་ཡེ་ཤུས་ཀྱིས་སྨྲ་མཁན་ཅོག་འདྲ་བྱེད་ཟིན། དེ་ནས་འོ་ལ་དགོང་ཟས་གྲ་སྒྲིག་བཟོ་ཟིན།།
༢༠ ནམ་སྲོད་རུབ་ཕྱིན་ཏེ་འགབ་ལས་(ནམ་སྲོད་རུབ་ཕྱིན་ཕྱིན་པ་ལ་)ཡེ་ཤུ་ཉེ་གནས་བཅུ་གཉིས་མཉམ་པོ་དགོང་ཟས་ཟ་ཅེས་ལ་འཛོམ་ཟིན། ༢༡ དགོང་ཟས་ཟ་མཁན་རང་བྱེད་མཁན་གང་ལ་(དགོང་ཟས་ཟ་མཁན་རང་བྱེད་པ་དང་)ཡེ་ཤུས་ཀྱིས། བདེན་པར་ངས་ཁྱེད་ལ་སྨྲ་མཁན། ཁྱེད་ཀྱི་ཁྱུའི་ནང་ལས་མི་གཅིག་གིས་ང་ལ་འཛིན་འཇུག་ཅེས་ཡོད་(ང་ལ་ངོ་ལོག་བྱེད་ཅེས་ཡོད་)སྨྲས་ཏེ་ང་ལ་རྒྱུས་ཡོད་པ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༢༢ འདི་སྐད་ཆ་ཐོས་ཏེ་ཉེ་གནས་ཡ་གི་ཁྱུའི་སེམས་འཇིགས་པོར་ཞི་མ་བདེ། དེ་ནས་ཁོང་གིས་རེ་རེ་བྱས་ཏེ། དཔོན་པོ། བདེན་པར་ཁྱོད་ཀྱིས་ང་ལ་རང་སྨྲས་པ་ནི་མིན་འགྲོ། སྨྲས་ཏེ་འདྲི་ཟིན། (སྨྲས་ཏེ།) ༢༣ དེ་ནས་ཡེ་ཤུས་ཀྱིས། ད་ལྟ་སྡེར་མ་ལ་ང་མཉམ་པོ་འཁུར་བ་སྤག་པ་དེ་གིས་ང་ལ་འཛིན་འཇུག་ཅེས་ཡོད། (ང་ལ་ངོ་ལོག་བྱེད་ཅེས་ཡོད།) ༢༤ ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་པ་ཅོག་འདྲ་བྱས་ཏེ་མིའི་བུ་ནི་འགྲོ་རང་དགོས་ཅེས་ཡོད། ཡིན་ནས་འཛིན་འཇུག་མཁན་དེ་གིས་(ཡིན་ནས་ངོ་ལོག་བྱེད་མཁན་དེ་གིས་)སྡུག་པོ་འཇིགས་པོ་འཁུར་དགོས་ཅེས་ཡོད་པ། ཁོ་སྐྱེ་རང་མ་སྐྱེས་པ་ཡོད་ན་ཡག་པོ་འོང་ཅེས་སྲིད། (ཡག་པོ་འོང་ཅེས་ཡོད་མཁན།) སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས།) ༢༥ དེ་ནས་འཛིན་འཇུག་མཁན་གྱི་ཡུ་དྰས་ཀྱང་། (དེ་ནས་ངོ་ལོག་བྱེད་མཁན་གྱི་ཡུ་དྰས་ཀྱང་།) བདེན་པར་སློབ་དཔོན་གྱིས་ང་ལ་རང་སྨྲས་པ་ནི་མིན་ནམ། སྨྲས་ཏེ་འདྲི་ཟིན། (སྨྲས་ཏེ།) དེ་ནས་ཡེ་ཤུས་ཀྱིས། འོ་དེ་ནི་ཁྱོད་ཀྱིས་རང་སྨྲ་མཁན་རང་ཡོད། སྨྲས་ཏེ།།
༢༦ ཁོང་ཟ་མཁན་གང་ལ་(ཁོང་ཟ་བ་དང་)ཡེ་ཤུས་ཀྱིས་འཁུར་བ་བླངས་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་ཕུལ་ཏེ་ཧྲལ་ཟིན། དེ་ནས། འདི་འཁུར་བ་བླངས་ཏེ་ཟོ། འདི་ངའི་གཟུགས་པོ་ཡིན་པ། སྨྲས་ཏེ་ཉེ་གནས་ཡ་ལ་བགོད་ཟིན།
༢༧ དེ་ནས་རྒུན་ཆང་བླུགས་པའི་ཇ་ཕོར་བླངས་ཏེ་ཨལ་ལོ་ཧིམ་ལ་འུར་ཆེ་ཕུལ་ཏེ་ཉེ་གནས་ཡ་ལ་སྟེར་མཁན་རང་། འདི་རྒུན་ཆང་ཁྱེད་གང་པོས་འཐུང་དོང་། ༢༨ འདི་དེ་ངའི་ཁྲག་ཡིན་པ། ངའི་ཁྲག་མི་མང་པོའི་ངོ་ལོག་འདག་འཇུག་ཅེས་ལ་(ངའི་ཁྲག་ངོ་ལོག་པ་ཡ་ལ་གློད་གཏོང་ཅེས་ལ་)གཞོལ་ཏེ་འགྲོ་ཅེས་ཡོད། དེ་ནས་ངའི་ཁྲག་གཞོལ་ཏེ་ཕྱིན་ཏེ་འགབ་ལས་(གཞོལ་ཏེ་ཕྱིན་ཕྱིན་པ་ལ་)ཨལ་ལོ་ཧིམ་གྱིས་བཞག་པའི་དམ་བཅའ་དོན་དག་འགྲུབ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས།) ༢༩ ཉན་དོང་རོགས་ཡ། འོ་རང་ངའི་ཨ་ཕའི་རྒྱལ་སྲིད་ལ་མ་འཛོམས་ཐུག་ངས་རྒུན་ཆང་འཐུང་ཅེས་མེད། ཨ་ཕའི་རྒྱལ་སྲིད་ལ་འཛོམས་ཏེ་འགབ་ལས་ནི་(ཨ་ཕའི་རྒྱལ་སྲིད་ལ་འཛོམས་འཛོམས་པ་ལ་ནི་)འོ་རང་གིས་སྤྱོད་གཤིས་གསར་པ་ཞིག་བྱས་ཏེ་མཉམ་པོ་འཐུང་མཁན། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ། ཡེ་ཤུས་ཀྱིས།།)
༣༠ དེ་ནས་ཁོང་གིས་ཨལ་ལོ་ཧིམ་ལ་བསྟོད་སྒྲ་ཕུལ་ཏེ་ཁ་སྐྱུར་པོའི་ཤིང་གི་རི་ངོས་ལ་འགྲོ་ཟིན།། (ཁ་སྐྱུར་པོའི་ཤིང་གི་རི་ལ་ཕར་འགྲོ་ཟིན།།)
ཡེ་ཤུས་ཀྱིས་པེ་ཏྲོ་ལ་མངོན་ཤེས་མཁྱེན་ཏེ་(མངོན་ཤེས་བཤད་དེ་)སྐད་ཆ་སྨྲས་པ།
༣༡ དེ་ནས་ལམ་ལ་འགྲོ་མཁན་གང་ལ་(འགྲོ་བ་དང་)ཡེ་ཤུས་ཀྱིས། དེ་རིང་དགོང་མོ་ཁྱེད་གང་པོས་ང་ལ་དད་པ་ལོག་ཅེས་ཡོད། འོ་ཙམ་ལ་གསུང་རབ་ལ་བྲིས་པའི་འདི་སྐད་ཆ་དོན་དག་འགྲུབ་ཅེས་ཡོད།
ངས་ལུག་གི་བདག་པོ་ལ་ཚད་མེད་པའི་སྡུག་པོ་འབབ་འཇུག་ཅེས་ཡོད།།
ལུག་ཡ་འདྲོག་སྟེ་རྦད་འཐོར་ཁ་འཐོར་འགྲོ་ཅེས་ཡོད།།
སྨྲས་ཏེ་བྲིས་ཏེ་ཡོད་པ། ༣༢ ཡིན་ནས་ཤི་བ་ལས་གསོན་པོར་ལངས་ཏེ་འགབ་ལས་(ཡིན་ནས་ཤི་བ་ལས་གསོན་པོར་ལངས་ལངས་པ་ལ་)ང་ཁྱེད་སྨྲས་ཏེ་གདོང་ལ་(ང་ཁྱེད་ཀྱི་གདོང་ལ་ ། ང་ཁྱེད་ཀྱི་སྔོན་ལ་)ག་ལིལ་ས་གནས་ལ་འགྲོ་ཅེས་ཡོད། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།)
༣༣ དེ་ནས་པེ་ཏྲོས་ཡེ་ཤུ་ལ། གང་པོས་ཁྱོད་ལ་དད་པ་ལོག་ན་ཡང་ངས་ནི་ནམ་ཡང་དད་པ་མི་ལོག སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༣༤ ཡེ་ཤུས་ཀྱིས། ངའི་སྐད་ཆ་ལ་ཉོན་པེ་ཏྲོ། ནངས་པར་སྔ་དྲོ་བྱ་ཕོ་འབོད་མཁན་སྨྲས་ཏེ་གདོང་ལ་(བྱ་ཕོ་འབོད་མཁན་གྱི་གདོང་ལ་ ། བྱ་ཕོ་མ་བོས་པའི་སྔོན་ལ་)ཁྱོད་ཀྱིས་ལན་གསུམ་ཐུག་ང་ལ་ངོ་མི་ཤེས་སྨྲས་ཏེ་སྨྲ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས།) ༣༥ འོ་ཙམ་ལ་པེ་ཏྲོས་བློ་ཁོག་ཆེན་པོ་བྱས་ཏེ། མིན་པ་སློབ་དཔོན། ང་ཁྱོད་མཉམ་པོ་འཆི་དགོས་ན་ཡང་ང་ཁྱོད་ལ་ནམ་ཡང་ངོ་མི་ཤེས་མཁན་སྨྲས་ཏེ་སྨྲ་ཅེས་མེད། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) དེ་ནས་ཉེ་གནས་ཡ་གིས་ཀྱང་པེ་ཏྲོས་སྨྲས་པ་ཅོག་འདྲ་སྨྲ་ཟིན།།
ཡེ་ཤུས་ཀྱིས་གསོལ་བ་བཏབ་པ།
༣༦ དེ་ནས་ཡེ་ཤུ་རང་གི་ཉེ་གནས་ཡ་མཉམ་པོ་ཁ་སྐྱུར་པོའི་ཤིང་གི་རི་ལ་འགྲོ་ཟིན་པ་དང་གེད་སེམ་མྰ་ནེ་སྨྲ་མཁན་གྱི་སྡུམ་ར་ལ་འགྲོ་ཟིན། འོ་ལ་ཡེ་ཤུས་ཀྱིས་ཉེ་གནས་ཡ་ལ། ང་ཏོག་ཙམ་ཕར་ཙམ་ལ་ཕྱིན་ཏེ་གསོལ་བ་འདེབས་འགྲོ་མཁན། ཁྱེད་འདི་ལ་སྡོད་ཏོང་། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༣༧ པེ་ཏྲོ་དང་ཟེ་བད་ཡྰའི་བུ་གཉིས་ལ་༼ཡ་ཀོ་བོས་དང་ཡུ་ཧ་ནན་ལ་༽ཡེ་ཤུས་ཀྱིས་རང་མཉམ་པོ་བླངས་ཏེ་འགྲོ་ཟིན། དེ་ནས་འཇིགས་པོར་སེམས་ན་སྟེ་ཚ་གི་ཚི་གི་བྱས་ཏེ། ༣༨ ངའི་སེམས་སྡུག་བསྔལ་གྱིས་གང་སྟེ་སྙིང་ཕོང་ཅེས་ཅོག་འདྲ་འགྲོ་ཟིན། ཁྱེད་འདི་ལ་གཉིད་མ་ལོག་པ་བྱས་ཏེ་བསྡད་དེ་ང་ལ་རོགས་བྱས་སློངས། སྨྲས་ཏེ་ཡེ་ཤུས་ཀྱིས་ཉེ་གནས་གསུམ་ལ་སྨྲ་ཟིན།། (སྨྲས་ཏེ། ཡེ་ཤུས་ཀྱིས་ཉེ་གནས་གསུམ་ལ།།)
༣༩ དེ་ནས་ཡེ་ཤུ་ཏོག་ཙམ་ཕར་ཙམ་ལ་ཕར་ཕྱིན་ཏེ་ས་ལ་ཁེབས་བཙུགས་བརྒྱབ་སྟེ་འདི་ཅོག་འདྲ་སྨྲས་ཏེ་གསོལ་བ་འདེབས་ཟིན། ངའི་ཨ་ཕ། འོང་མཁན་སྨྲ་ན་འདི་སྡུག་པོའི་ལས་ཀ་ང་ལས་འཁྱེར་ཏོང་། ཡིན་ནས་འདི་ངའི་སེམས་ལ་གནས་པ་ཅོག་འདྲ་མིན་པ། (ཡིན་ནས་འདི་ངའི་བསམ་བློ་ཅོག་འདྲ་མིན་པ།) ཁྱོད་ཀྱི་སེམས་ལ་སྐྱེས་པ་ཅོག་འདྲ་དོན་དག་འགྲུབ་འཇུག (ཁྱོད་ཀྱི་བསམ་བློ་ཅོག་འདྲ་དོན་དག་འགྲུབ་འཇུག) སྨྲས་ཏེ། ཡེ་ཤུས་ཀྱིས། ༤༠ ཡེ་ཤུ་ལངས་ཏེ་ཉེ་གནས་གསུམ་ཡོད་མཁན་གྱི་ས་ཆ་ལ་ལོག་སྟེ་འོང་མཁན་གང་ལ་(ལོག་སྟེ་འོང་བ་དང་)ཁོང་གསུམ་གཉིད་ལོག་སྟེ་བསྡད་པ་མཐོང་ཟིན། དེ་ནས་ཡེ་ཤུས་ཀྱིས་པེ་ཏྲོ་ལ། ང་མཉམ་པོ་ཁྱེད་ཆུ་ཚོད་གཅིག་ཀྱང་ལངས་ཏེ་སྡོད་མི་ཁུག་མཁན་ནམ། ༤༡ གཉིད་མ་ལོག་པ་བྱས་ཏེ་སྡོད། གསོལ་བ་འདེབས་ཏོང་། དེ་ནས་ཉམས་ཚོད་ལ་མ་ཆུད་འཇུག བདེན་པར་ཁྱེད་ཀྱི་སེམས་ནི་སྡུག་པོ་བྱེད་ཅེས་ལ་ཡང་གྲ་སྒྲིག་ཡོད། ཡིན་ནས་གཟུགས་པོས་གླགས་མི་འཁེལ་བས། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།)
༤༢ གཉིས་པར་ཕར་ཙམ་ལ་ཕྱིན་ཏེ་ལན་གཉིས་པ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཟིན། ངའི་ཨ་ཕ། འདི་སྡུག་པོའི་ལས་ཀ་ངས་བྱེད་རང་དགོས་མཁན་ཡིན་ན་ཁྱོད་ཀྱི་སེམས་ལ་སྐྱེས་པ་ཅོག་འདྲ་(ཁྱོད་ཀྱི་བསམ་བློ་ཅོག་འདྲ་)དོན་དག་འགྲུབ་འཇུག སྨྲས་ཏེ། ༤༣ དེ་ནས་གཉིས་པར་ཉེ་གནས་གསུམ་ཡོད་མཁན་གྱི་ས་ཆ་ལ་འོངས་ཏེ་ལྟ་མཁན་གང་ལ་(ལྟ་བ་དང་)ཁོང་གསུམ་གཉིས་པར་གཉིད་ལོག་སྟེ་བསྡད་པ་ཡེ་ཤུས་ཀྱིས་མཐོང་ཟིན། ཁོང་གིས་མིག་ཁ་འབྱེད་མ་ཁུགས། ༤༤ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ་མ་བསླངས་པ་བྱས་ཏེ་གཉིས་པར་ཕར་ཙམ་ལ་ཕྱིན་ཏེ་གདོང་ལ་(སྔོན་ལ་)བཏབ་པའི་གསོལ་བ་གཉིས་པར་ལན་གསུམ་པ་ཐུག་འདེབས་ཟིན། ༤༥ དེ་ནས་ཉེ་གནས་ཡ་གི་རྩར་ལ་འོངས་ཏེ། ཁྱེད་ད་རུང་ཡང་ཉལ་ཏེ་ངལ་སོས་སྡོད་ཀོ་ཡོད་དམ། ལྟོས། ངའི་དུས་ཚོད་སླེབ་ཟིན་ཟིན་ད་ནི། ད་ནི་མིའི་བུ་ངོ་ལོག་པའི་ལག་པ་ལ་ཆུད་ཅེས་བྱེད་ཟིན། ༤༦ ད་ལངས་ཏེ་འགྲོ། ང་ལ་འཛིན་འཇུག་མཁན་གྱི་མི་ཡང་འོང་རང་འོང་གོ་ནུ། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ། ཡེ་ཤུས་ཀྱིས།།)
ཡེ་ཤུ་ལ་བཟུང་བ།
༤༧ ཡེ་ཤུས་ཀྱིས་འདི་སྐད་ཆ་སྨྲ་མཁན་སྨྲ་མཁན་གང་ལ་(ཡེ་ཤུས་ཀྱིས་འདི་སྐད་ཆ་སྨྲ་མཁན་སྨྲ་བ་དང་)ཉེ་གནས་བཅུ་གཉིས་ཀྱི་ནང་ལ་ཡུ་དྰ་སྨྲ་མཁན་དེ་སླེབ་འོང་ཟིན། བེར་ཀ་དང་དཔའ་དམ་འཐོགས་ཏེ་མི་ཁྱུ་ཆེན་པོ་ཞིག་ཁོ་མཉམ་པོ་འོང་ཟིན། མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔུན་ཆེན་པོ་༽དང་མིའི་འགོ་པ་ཆེན་པོ་ཡ་གིས་ཁོང་ལ་བཏང་བ་ཡིན་མཁན། (བཏང་བ་ཡོད་མཁན།) ༤༨ འཛིན་འཇུག་མཁན་གྱི་ཡུ་དྰས་འོ་མི་ཡ་ལ། གང་དྲ་ལ་ངས་མཆུ་བྱེད་མཁན། (གང་དྲ་ལ་ངས་འོ་བྱེད་མཁན།) འོ་དེ་རང་ཡེ་ཤུ་ཡིན་པ། ཁོ་ལ་རང་འཛིན་དོང་། སྨྲས་ཏེ་ཡུ་དྰས་གདོང་ལ་སྨྲས་པ་ཡོད་མཁན། (སྔོན་ལ་སྨྲས་པ་ཡོད་མཁན།) ༤༩ དེ་ནས་ཡེ་ཤུ་ལ་ཐུག་ལོང་མེད་པ་རང་ཡུ་དྰས། བཀྲ་ཤིས་བདེ་ལེགས་སློབ་དཔོན་ལགས། སྨྲས་ཏེ་ཡེ་ཤུ་ལ་མཆུ་བྱེད་ཟིན། (སྨྲས་ཏེ་ཡེ་ཤུ་ལ་འོ་བྱེད་ཟིན།) ༥༠ ཡེ་ཤུས་ཀྱིས་ཁོ་ལ། ཅི་བྱེད་ཅེས་བྱས་པ། མགྱོགས་པར་བྱེད་ཏོང་རོགས། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) འོ་ཙམ་ལ་མི་ཁྱུས་ཡེ་ཤུ་ལ་འཛིན་ཟིན།
༥༡ དེ་ནས་ཡེ་ཤུའི་ཉེ་གནས་གཅིག་གིས་རང་གི་དཔའ་དམ་བཏོན་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བའི་༼མཆོད་དཔོན་ཆེ་བའི་༽གཡོག་པོའི་རྣ་མཆོག་རེབ་བཅད་སྟེར་ཟིན། ༥༢ དེ་ནས་ཡེ་ཤུས་ཀྱིས་ཁོ་ལ། ཁྱོད་ཀྱི་དཔའ་དམ་ཤུབས་ལ་ཞོག དཔའ་དམ་འཐོགས་མཁན་གང་པོ་དཔའ་དམ་གྱིས་བྱས་ཏེ་འཆི་ཅེས་ཡོད། ༥༣ ངས་བསླངས་པ་ཡིན་ན་ནི་ངའི་ཨ་ཕས་ནམ་མཁའི་ལོན་སྐྱེལ་མཁན་གྱི་དམག་ཚོགས་བཅུ་གཉིས་སྨྲས་ཏེ་ཡང་ལྷག་པ་(ལས་ཀྱང་ལྷག་པ་)གཏོང་ཅེས་ཡོད་མཁན་སྨྲས་ཏེ་ཁྱོད་ལ་རྒྱུས་མེད་དམ། ༥༤ ཡིན་ནས། སློང་ཟིན་སྨྲ་ན་(སློང་ཟིན་ན་ ། སློང་ན་)གསུང་རབ་ལ་འདི་ཅོག་འདྲ་འོང་དགོས་མཁན་སྨྲས་ཏེ་བྲིས་པའི་སྐད་ཆ་ག་འདྲ་བྱས་ཏེ་དོན་དག་འགྲུབ་ཁུག་མཁན། ཨལ་ལོ་ཧིམ་གྱིས་སྨྲས་པའི་སྐད་ཆ་དོན་དག་འགྲུབ་རང་དགོས་མཁན། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས།)
༥༥ དེ་ནས་འཛིན་མཁན་གྱི་མི་ཁྱུ་ལ། ང་ཇག་པ་ཡིན་པ་སྨྲས་ཏེ་གནས་(སྐྱ་)འོ་ནུ་འམ། ང་ལ་འཛིན་ཅེས་ལ་ཁྱེད་ཀྱིས་བེར་ཀ་དང་དཔའ་དམ་འཐོགས་ཏེ་འོང་དགོས་མཁན་ནམ། ཉི་མ་རེ་རེ་མཆོད་ཁང་ལ་བསྡད་དེ་སློབ་མཁན་གང་ལ་ནི་(སློབ་པ་དང་ནི་)ཁྱེད་ཀྱིས་ང་ལ་མི་འཛིན་པས། ༥༦ ངས་ཁྱེད་ལ་ཤོད་མཁན། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་མངོན་ཤེས་མཁྱེན་ཏེ་(མངོན་ཤེས་བཤད་དེ་)བྲིས་པའི་སྐད་ཆ་དོན་དག་འགྲུབ་འཇུག་སྨྲས་ཏེ་(དོན་དག་འགྲུབ་འཇུག་ཅེས་ལ་)འདི་ཅོག་འདྲ་འོངས་པ་ཡིན་པ། (འདི་གང་པོ་ཕྱིན་པ་ཡིན་པ།) སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས།) འོ་ཙམ་ལ་ཉེ་གནས་གང་པོས་ཡེ་ཤུ་ལ་དབྱུགས་བཞག་སྟེ་འབྲོས་ཟིན།།
འགོ་པ་ཡ་ཚོགས་པའི་ས་ཆ་ལ་ཡེ་ཤུ།
༥༧ དེ་ནས་ཡེ་ཤུ་ལ་བཟུང་མཁན་ཡ་གིས་ཡེ་ཤུ་ལ་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བ་༼མཆོད་དཔོན་ཆེ་བ་༽ཀ་ཡ་ཕྰའི་མདུན་ལ་འཁྲིད་ཟིན། འོ་ལ་བཀའ་ཁྲིམས་ཀྱི་སློབ་དཔོན་དང་འགོ་པ་ཆེན་པོ་ཡ་འཛོམས་ཏེ་ཡོད་མཁན། (འཛོམས་ཡོད་མཁན།) ༥༨ པེ་ཏྲོ་དེ་རྒྱང་མ་རྒྱང་མ་བྱས་ཏེ་ཡེ་ཤུའི་རྗེས་བསྙེགས་ཏེ་ལེ་ཝི་འགོ་ཆེ་བའི་ར་བ་ལ་སླེབ་ཟིན། ད་ཅི་འོང་མཁན་ཡིན་པ་ནི་སྨྲས་ཏེ་ལྟ་ཅེས་ལ་ཁོ་ནང་ལ་ཞུགས་ཏེ་སྒོ་སྲུང་མཁན་གྱི་མི་ཡ་མཉམ་པོ་སྡོད་ཟིན།
༥༩ ལེ་ཝི་ཆེན་པོ་ཡ། ༼མཆོད་དཔོན་ཆེན་པོ་ཡ།༽ མིའི་འགོ་པ་ཆེན་པོ་ཡ་དང་གྲོས་མི་གང་པོས་ཡེ་ཤུ་ལ་གསོད་ཅེས་སྨྲས་ཏེ་ཤོབ་རྒྱབ་མཁན་གྱི་མི་ཡ་བསྐྱས་སྟེ། འོ་ཡེ་ཤུ་ལ་སྙད་འཛུགས་དོང་། སྨྲས་ཏེ་སྐུལ་ཟིན། ༦༠ ག་ཚོད་སྙད་འཛུགས་ན་ཡང་ཁོང་གིས་སྨྲས་པའི་སྐད་ཆ་གཅིག་ཀྱང་མ་འགྲིགས། འགབ་ལས་(རྗེས་ལ་)མི་གཉིས་ཚོགས་པའི་མདུན་ལ་འོངས་ཏེ། ༦༡ འདི་མིས་ནི། ངས་ཨལ་ལོ་ཧིམ་གྱི་མཆོད་ཁང་ཧྲུམ་སྟེ་ཉི་མ་གསུམ་ལ་བཟོ་ཁུག་མཁན། སྨྲས་ཏེ་སྨྲས་པ། སྨྲས་ཏེ་འོ་མི་གཉིས་ཀྱིས་སྨྲ་ཟིན། (སྨྲས་ཏེ། འོ་མི་གཉིས་ཀྱིས།)
༦༢ དེ་ནས་ལེ་ཝི་འགོ་ཆེ་བ་༼མཆོད་དཔོན་ཆེ་བ་༽ལངས་ཏེ་ཡེ་ཤུ་ལ། ཨེ། ད་ལྟ་ཅི་ལས་ཁ་འཛུམ་སྡོད་མཁན། འདི་མི་ཡ་གིས་ཁྱོད་ཀྱི་དོན་དག་ལ་སྨྲས་པའི་སྐད་ཆ་ཡ་ཅི་ཡིན་པ། སྨྲས་ཏེ་འདྲི་ཟིན། (སྨྲས་ཏེ།) ༦༣ ཡེ་ཤུ་ནི་ཁ་འཛུམ་རང་སྡོད་ཟིན། གཉིས་པར་ལེ་ཝི་འགོ་ཆེ་བས།༼མཆོད་དཔོན་ཆེ་བས།༽ གསོན་པོར་སྡོད་མཁན་གྱི་ཨལ་ལོ་ཧིམ་ལ་དཔང་པོ་བཞག་སྟེ་མནའ་བསྐྱེལ་ཏེ་སྨྲ་དོང་། ཁྱོད་ཨལ་ལོ་ཧིམ་གྱི་སྲས་དབང་སྐུར་ཐོབ་པ་དེ་(བསྐུས་པ་དེ་)ཡིན་ནམ། ༦༤ དེ་ནས་ཡེ་ཤུས་ཀྱིས། འོ་དེ་ནི་རང་གིས་རང་སྨྲ་འོ་ནུ། ངས་ཁྱེད་ལ་སྨྲ་མཁན། ད་ཡིན་འཇུག་ཁྱེད་ཀྱིས་མིའི་བུ་ལ་ཀུན་དབང་གི་གཡས་ངོས་ལ་(གཡས་ཕྱོགས་ལ་)བསྡད་པ་དང་ནམ་མཁའ་ལས་མར་རྨུགས་པ་ལ་འོང་མཁན་མཐོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། (སྨྲས་ཏེ། ཡེ་ཤུས་ཀྱིས།)
༦༥ འདི་ཐོས་ཏེ་ལེ་ཝི་འགོ་ཆེ་བའི་ཞེ་སྡང་གིས་རང་གི་བཀབ་ཆ་ཧྲལ་ཏེ། ལོ་ལྟ་དོང་། འདི་མིས་ཨལ་ལོ་ཧིམ་ལ་སྐུར་པ་བཏབ་པ་དེ་ཁྱེད་ཀྱིས་ཐོས་ཟིན། ད་ནི་འོ་རང་ལ་སྐད་ཆ་གཞན་པ་མི་དགོས་མཁན། ༦༦ ཁྱེད་ལ་ཅི་གནས་འོ་ནུ་བ། (ཁྱེད་ཀྱིས་ཅི་སྐྱེ་འོ་ནུ་བ། ། ཁྱེད་ཀྱི་ཅི་བསམ་བློ་ཡོད་པ།) སྨྲ་དོང་། དེ་ནས་ཁོང་གིས། འདི་མི་ནི་མ་དག་པ་ཡིན། ཁོ་ལ་གསོད་རང་དགོས་མཁན། སྨྲས་ཏེ་ ༦༧ ཡེ་ཤུའི་གདོང་པ་ལ་ཐུ་ལུད་བརྒྱབ་སྟེ་ཨོ་རྡུང་རྒྱབ་ཟིན། ༦༨ རེ་འགའས་འགྲམ་ལྕག་བརྒྱབ་སྟེ། ཁྱོད་ཨལ་ལོ་ཧིམ་གྱི་མཁྱེན་པ་བདག་པོ་རང་ཡིན་ན་(ཁྱོད་དབང་སྐུར་ཐོབ་པ་དང་ཨལ་གྱི་སྐད་ཆ་ཤོད་མཁན་ཡིན་ན་)ད་གཟོད་སྨྲ་དོང་། སུས་བརྡུངས་པ་ཁྱོད་ལ། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།)
པེ་ཏྲོས་ཡེ་ཤུ་ལ་ངོ་མི་ཤེས་སྨྲས་ཏེ་སྨྲས་པ།
༦༩ འོ་ཙམ་ཐུག་ཀྱང་པེ་ཏྲོ་ཕྱི་ལ་ར་བ་ལ་སྡོད་ཟིན། དེ་ནས་གཡོག་མོ་གཅིག་འོངས་ཏེ་ཁོ་ལ། ཁྱོད་ཀྱང་འོ་ག་ལིལ་སྨྲ་མཁན་གྱི་ས་གནས་ཀྱི་ཡེ་ཤུ་མཉམ་པོ་འགྲོ་འོ་ཡོད་མཁན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༧༠ ཡིན་ནས་པེ་ཏྲོས་མི་གང་པོའི་མདུན་ལ། མིན་པ། ཁྱོད་ཀྱིས་སྨྲས་པའི་འདི་སྐད་ཆ་ངས་ངོ་མེ་ཤེས། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།)
༧༡ དེ་ནས་པེ་ཏྲོ་ར་བའི་རྒྱལ་སྒོ་ལ་ཕར་ཕྱིན་ཏེ་འགབ་ལས་(ཕྱིན་ཕྱིན་པ་ལ་)གཡོག་མོ་གཞན་པ་གཅིག་གིས་འོ་ལ་ལངས་ཏེ་སྡོད་མཁན་གྱི་མི་ཡ་ལ། འདི་མི་ནི་ན་ཙ་རེད་ཀྱི་ཡེ་ཤུ་མཉམ་པོ་འགྲོ་འོ་ཡོད་མཁན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༧༢ གཉིས་པར་པེ་ཏྲོས་མནའ་བསྐྱེལ་ཏེ། མིན་པ། འོ་མི་ལ་ནི་ངས་ངོ་མི་ཤེས། སྨྲས་ཏེ།
༧༣ ཏོག་ཙམ་ཞིག་གི་འགབ་ལས་(ཏོག་ཙམ་ཞིག་གི་རྗེས་ལ་)འོ་ལ་ལངས་ཏེ་བསྡད་པའི་མི་ཡ་གིས་ཀྱང་པེ་ཏྲོ་ལ། ཁྱོད་བདེན་པར་འོ་མི་ཁྱུའི་ནང་གི་མི་རང་ཡིན་པ་ནུ་བ། ཁྱོད་ཀྱི་གཏམ་སྨྲ་ལུགས་བལྟས་ཏེ་ངེད་ཀྱིས་ངོ་ཤེས་ཟིན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༧༤ དེ་ནས་གཉིས་པར་པེ་ཏྲོས་མནའ་བསྐྱེལ་ཏེ། ངས་རྫུན་བརྒྱབ་པ་ཡིན་ཟིན་སྨྲ་ན་(ཡིན་ཟིན་ན་ ། ཡིན་ན་)ཨལ་ལོ་ཧིམ་གྱིས་ང་ལ་ཉེས་པ་འགེལ་ཆུག འོ་མི་ལ་ངས་ནི་ངོ་རང་མི་ཤེས། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) འོ་སྨྲ་ལོང་མེད་པ་རང་བྱ་ཕོ་འབོད་ཟིན། ༧༥ དེ་ནས། བྱ་ཕོ་འབོད་མཁན་སྨྲས་ཏེ་གདོང་ལ་(བྱ་ཕོ་འབོད་མཁན་གྱི་གདོང་ལ་ ། བྱ་ཕོ་མ་བོས་པའི་སྔོན་ལ་)ཁྱོད་ཀྱིས་ལན་གསུམ་ཐུག་ང་ལ་ངོ་མི་ཤེས་སྨྲས་ཏེ་སྨྲ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲས་པའི་སྐད་ཆ་དྲན་པ་གསོ་ཟིན་པ་དང་པེ་ཏྲོ་ར་བ་ལས་ཐོན་ཏེ་ཕྱིན་ཏེ་གཞུག་ཅིག་གཞུག་ངུ་ཟིན།། །།