བག་མའི་མགྲོན་པོའི་དོན་དག་ལ་དཔེ།
༡ ཡེ་ཤུས་ཀྱིས་གཉིས་པར་ཁོང་ལ་གཏམ་དཔེ་གཅིག་བཞག་སྟེ་སྨྲ་ཟིན། ༢ ནམ་མཁའི་རྒྱལ་སྲིད་ལ་འཇུག་མཁན་དེ་འདི་ཅོག་འདྲ་ཡིན་པ། རྒྱལ་པོ་གཅིག་གིས་རང་གི་བུ་ལ་བག་མ་བྱས་སྟེར་མཁན་གང་ལ་(བག་མ་བྱས་སྟེར་བ་དང་)མགྲོན་པོ་ཆེན་པོ་ཞིག་སྟེར་ཅེས་སྨྲས་ཏེ་གྱུབ་ཆས་(དགའ་སྟོན་གྱི་ལྟོ་ཆས་)གྲ་སྒྲིག་བྱེད་ཟིན་ནུ་ལོ། ༣ གྱུབ་ཆས་གྲ་སྒྲིག་ཕྱིན་ཏེ་འགབ་ལས་(ཕྱིན་ཕྱིན་པ་ལ་)རང་གི་གཡོག་པོ་ཡ་ལ་འབོད་པའི་མགྲོན་པོ་ཡ་ལ་སྐད་རྒྱབ་གཏོང་མཁན་གང་ལ་(གཏོང་བ་དང་)མགྲོན་པོ་ཡ་གིས་འོང་ཅེས་མ་ཉན་ནུ་ལོ། ༤ དེ་ནས་རྒྱལ་པོས་གཡོག་པོ་གཞན་པ་ཡ་ལ་སྐད་བརྒྱབ་སྟེ། ཕྱིན་ཏེ་འོ་འབོད་པའི་མགྲོན་པོ་ཡ་ལ། མགྲོན་པོ་ཟ་ཅེས་ལ་གང་པོ་གྲ་སྒྲིག་འགྲོ་ཟིན། གླང་ཤ། ར་ཤ་དང་ལྟོ་ཆས་སྣ་གང་པོ་འཁྱོང་ཟིན། ད་ནི་བག་མའི་མགྲོན་པོ་ཟོ་ཤོག སྨྲས་ཏེ་སྨྲ་སོང་། སྨྲས་ཏེ་གཡོག་པོ་ཡ་ལ་གཉིས་པར་གཏོང་ཟིན་ནུ་ལོ། ༥ ཡིན་ནས་འབོད་པའི་མགྲོན་པོ་ཡ་གིས་ནི་བྱུས་གཏོགས་མ་བྱས་པ་བྱས་ཏེ་(དོ་སྣང་མ་བྱས་པ་བྱས་ཏེ་)ལས་ཀ་གཞན་པ་ལ་འགྲོ་ཟིན་ནུ་ལོ། རེ་འགའ་རང་གི་ཞིང་ལ་ཕར་འགྲོ་ཟིན་ནུ་ལོ། དེ་ནས་རེ་འགའ་དེ་རང་གི་ཚོང་རྒྱབ་ཅེས་ལ་འགྲོ་ཟིན་ནུ་ལོ། ༦ དེ་ནས་གཞན་པ་ཡ་གིས་ནི་རྒྱལ་པོའི་གཡོག་པོ་ཡ་ལ་བཟུང་སྟེ་ཞབས་འདྲེན་བསྐོན་ཏེ་བརྡུངས་ཏེ་གསོད་ཟིན་ནུ་ལོ། ༧ དེ་ནས་རྒྱལ་པོ་འཇིགས་པོར་ཞེ་སྡང་ལངས་ཏེ་རང་གི་དམག་མི་ཡ་ལ་བཏང་སྟེ་རང་གི་གཡོག་པོ་ཡ་ལ་གསོད་མཁན་གྱི་མི་ཡ་ལ་བསད་དེ་ཁོང་གི་ཡུལ་ཆེན་པོ་ཡང་སྲེག་འཇུག་ཟིན་ནུ་ལོ།།
༨ འོའི་འགབ་ལས་(འོའི་རྗེས་ལ་)རང་གི་གཡོག་པོ་ཡ་ལ། བག་མའི་མགྲོན་པོ་གྲ་སྒྲིག་བྱས་བཞག་སྟེ་ཡོད་པ། (བྱས་བཞག་ཡོད་པ།) ཡིན་ནས་ངས་འབོད་པའི་མི་ཡ་ནི་འདི་བག་མའི་མགྲོན་པོ་ཟ་ཅེས་ལ་གཤའ་མཁན་གྱི་མི་མིན་པ་ནུ། ༩ ད་ཁྱེད་ཡུལ་ཆེན་པོའི་ལམ་འཛོམ་སའི་ས་ཆ་ཡ་ལ་སོང་། དེ་ནས་མཇལ་ཟིན་མཁན་གྱི་མི་གང་པོ་ལ་བག་མའི་མགྲོན་པོ་ཟོ་ཤོག་སྨྲས་ཏེ་སྐད་རྒྱབ་ཏོང་། སྨྲས་ཏེ་རྒྱལ་པོས་སྐད་པ་གཏོང་ཟིན་ནུ་ལོ། ༡༠ དེ་ནས་གཡོག་པོ་ཡ་ལམ་འཛོམ་སའི་ས་ཆ་ཡ་ལ་ཕྱིན་ཏེ་མཇལ་ཟིན་མཁན་གྱི་མི་གང་པོ། མི་ཡག་པོ་བཙོག་པ་གང་པོ་ལ་བསྡུས་ཏེ་འཁྱོང་ཟིན་ནུ་ལོ། འདི་ཅོག་འདྲ་བྱས་ཏེ་བག་མའི་ཁང་པ་ལ་མགྲོན་པོ་ཡ་གིས་གང་ཟིན་ནུ་ལོ།།
༡༡ དེ་ནས་རྒྱལ་པོ་མགྲོན་པོ་ཡ་གི་ནང་ལ་བསྐོར་ཏེ་བསྐོར་ཏེ་འོང་མཁན་གང་ལ་(འོང་བ་དང་)བག་མ་ལ་གོན་མཁན་གྱི་བཀབ་ཆ་མ་གོན་པའི་མི་གཅིག་ལ་མཐོང་ཟིན་ནུ་ལོ། ༡༢ དེ་ནས་རྒྱལ་པོས་ཁོ་ལ། ཨེ་རོགས། ཁྱོད་བག་མ་ལ་གོན་མཁན་གྱི་བཀབ་ཆ་མ་གོན་པ་བྱས་ཏེ་ནང་ལ་ག་འདྲ་བྱས་ཏེ་ཞུགས་པ། སྨྲས་ཏེ་འདྲི་ཟིན་ལོ། ཡིན་ནས་འོ་མིས་ཅི་ཡང་ལན་རྒྱབ་མ་ཁུགས་ལོ། ༡༣ དེ་ནས་རྒྱལ་པོས་རང་གི་གཡོག་པོ་ཡ་ལ། འདི་མི་ལ་རྐང་པ་ལག་པ་བསྡམས་ཏེ་ཕྱི་ལོགས་ཀྱི་ནག་ཁུང་ལ་དབྱུག་རྫོང་། ཁོ་འོ་ལ་སོ་མུར་ཏེ་མུར་ཏེ་ངུས་ཏེ་སྡོད་ཆུག སྨྲས་ཏེ་སྐུལ་ཟིན་ནུ་ལོ། ༡༤ ཡེ་ཤུས་ཀྱིས་སྐད་ཆ་ཐག་བཅད་དེ། སྐད་བརྒྱབ་པ་ཡ་ནི་མང་པོ་རང་ཡོད། ཡིན་ནས་འདམས་པ་ཡ་དེ་ཉུང་བ་ཞིག་རང་ཡོད། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།)
ཁྲལ་འཇལ་མཁན་གྱི་དོན་དག་ལ་འདྲི་ཞིབ།
༡༥ ༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་གིས་ཡེ་ཤུ་ལ་སྐད་ཆ་འདྲི་མཁན་གང་ལ་(འདྲི་བ་དང་)ཅི་ཡང་གཏམ་གྱི་རྒྱུ་འབྱོར་མཁན་ནི་སྨྲས་ཏེ་གྲོས་རྒྱབ་ཟིན། (ཕར་རི་སི་ཡ་ཕྱིན་ཏེ་ཡེ་ཤུ་ཁོའི་སྐད་ཆ་ལ་ཅི་ཡང་སྐྱོན་འདོགས་ཅེས་སྨྲས་ཏེ་གྲོས་བྱེད་ཟིན།) ༡༦ དེ་ནས་ཁོང་གིས་རང་གི་ཉེ་གནས་ཡ་ལ་རྒྱལ་པོ་ཧེ་རོ་དྰེའི་མི་ཡ་མཉམ་པོ་ཡེ་ཤུའི་རྩར་ལ་གཏོང་ཟིན། དེ་ནས་ཁོང་གིས་ཕྱིན་ཏེ་ཡེ་ཤུ་ལ། དགེ་རྒན་ལགས། ཁྱོད་ཀྱིས་ནམ་སྨྲ་ན་(རྒྱུན་དུ་ ། རྟག་པར་)དོན་དམ་གྱི་སྐད་ཆ་གཅིག་རང་སྨྲ་མཁན། དེ་ནས་མི་ཡ་ལ་ཨལ་ལོ་ཧིམ་གྱི་ལམ་བདེན་པ་དེ་རང་སློབ་མཁན་སྨྲས་ཏེ་ངེད་ལ་རྒྱུས་ཡོད་པ། ཁྱོད་ཀྱིས་མི་ངོ་མ་བལྟས་པ་བྱས་ཏེ་ཆེན་པོ་ཆད་མ་གང་པོ་ལ་སྐད་ཆ་ཐད་ཀ་ཤར་རེ་རང་སྨྲ་འོ་ནུ། ༡༧ ད་ངེད་ལ་སྨྲ་དོང་། རོ་མ་པའི་རྒྱལ་པོ་ཀེ་སར་ལ་ཁྲལ་འཇལ་མཁན་དེ་གྲ་སྒྲིག་ཡིན་ནམ་ནི་མིན་ནམ། སྨྲས་ཏེ་འདྲི་ཟིན། ༡༨ ཁོང་གི་སེམས་ངན་པ་འཕྱངས་པ་དེ་ངོ་ཤེས་ཏེ་ཡེ་ཤུས་ཀྱིས། ཨེ་ཡིན་མདོག་སྟོན་མཁན་ཡ། ཁྱེད་ཀྱིས་ང་ལ་ཅི་ལས་ཁོག་པ་བསྐོར་ཏེ་གཏམ་གྱི་རྒྱུ་འཚོལ་མཁན། (ཁྱོད་ཀྱིས་ང་ལ་ཅི་ལས་ཉམས་དཔྱོད་མཁན།) ༡༩ ཁྲལ་འཇལ་མཁན་གྱི་ཊང་ཀ་གཅིག་ང་ལ་སྟོན་དོང་། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ཁོང་གིས་ཡེ་ཤུ་ལ་ཊང་ཀ་གཅིག་ཁྱོང་སྟེ་སྟོན་མཁན་གང་ལ་ནི་(ཁྱོང་སྟེ་སྟོན་པ་དང་ནི་) ༢༠ ཡེ་ཤུས་ཀྱིས་ཁོང་ལ། འདི་ལ་སུའི་མཚན་དང་པར་ནུ་བ། སྨྲས་ཏེ་འདྲི་ཟིན། ༢༡ རོ་མ་པ་རྒྱལ་པོ་ཀེ་སར་དེ་ནུ་བ། སྨྲས་ཏེ་ཁོང་གིས་སྨྲ་ཟིན། དེ་ནས་ཡེ་ཤུས་ཀྱིས། འོ་ན་རྒྱལ་པོ་དེ་རྒྱལ་པོ་ལ་རང་སྟེར་ཏོང་། དེ་ནས་ཨལ་ལོ་ཧིམ་དེ་ཨལ་ལོ་ཧིམ་ལ་རང་སྟེར་ཏོང་། སྨྲས་ཏེ་ལན་རྒྱབ་ཟིན། ༢༢ ཡེ་ཤུས་ཀྱིས་འདི་ཅོག་འདྲ་ལན་བརྒྱབ་པས་ཁོང་འཇིགས་པོར་ཧ་ལས་ཟིན། དེ་ནས་ཡེ་ཤུ་ལ་དབྱུགས་བཞག་སྟེ་རང་རང་གི་ལམ་འཇུག་ཟིན།།
ཤི་སྟེ་ལས་གསོན་པོར་ལང་མཁན་གྱི་དོན་དག་ལ་འདྲི་ཞིབ།
༢༣ ཤི་སྟེ་ལས་འགབ་ཤོས་དུས་ཚོད་ལ་(ཤི་སྟེ་ལས་རྗེས་ཤོས་དུས་ཚོད་ལ་)སུ་ཡང་གསོན་པོར་ལང་ཅེས་མེད་སྨྲ་མཁན་གྱི་སད་དུ་ཀི་པ་ཡ་འོ་ཉི་མ་རང་སྐད་ཆ་འདྲི་ཅེས་སྨྲས་ཏེ་ཡེ་ཤུའི་རྩར་ལ་འོང་ཟིན། ༢༤ སློབ་དཔོན་ལགས། མོ་ཤེས་བཀའ་ཁྲིམས་ལ་འདི་ཅོག་འདྲ་བྲིས་པ་ནུ་བ། སྐྱེས་པ་གཅིག་བུ་བུ་མོ་མ་སྐྱེས་པ་ལ་འཆི་ན། (སྐྱེས་པ་གཅིག་རང་གི་བུ་ཚ་མ་སྐྱེས་པ་བྱས་ཏེ་འཆི་ན།) ཁོའི་ཁང་པ་ལ་བུ་བུ་མོ་འོང་འཇུག་སྨྲས་ཏེ་(འོང་འཇུག་ཅེས་ལ་)ཁོའི་ཨ་པོ། འོག་མ། གང་དྲས་ཡིན་ན་ཡང་མནའ་མ་ལ་འཁྱོང་དགོས་མཁན་སྨྲས་ཏེ་མོ་ཤེས་བྲིས་པ་ནུ། ༢༥ ད་ངེད་ཀྱི་བར་དཀྱིལ་ལ་ཁང་པ་གཅིག་ལ་ཨ་པོ་འོག་མ་སྤུན་བདུན་ཡོད་མཁན། ཨ་པོ་ཆེ་ཤོས་དེ་བག་མ་བྱས་ཏེ་བུ་བུ་མོ་མ་སྐྱེས་པ་བྱས་ཏེ་ཡང་འཆི་ཟིན། ༢༦ དེ་ནས་གཉིས་པའི་བུ་དེ་གིས་མནའ་མ་ལ་ཁྱོང་སྟེ་བག་མ་བྱེད་ཟིན། དེ་ནས་ཁོ་ཡང་བུ་བུ་མོ་མ་སྐྱེས་པ་བྱས་ཏེ་འཆི་ཟིན། འོ་འདྲ་བྱས་ཏེ་ཁོང་སྤུན་བདུན་ཀ་རང་འོ་བུད་མེད་གཅིག་མཉམ་པོ་བག་མ་བྱས་ཏེ་བུ་ཚ་གཅིག་ཀྱང་མ་སྐྱེས་པ་བྱས་ཏེ་འཆི་ཟིན། ༢༧ དེ་ནས་འགབ་ཤོས་ལ་འོ་བུད་མེད་ཀྱང་ཤི་སྟེ་འགྲོ་ཟིན། ༢༨ ད་ནི་སྨྲ་དོང་ལགས། གསོན་པོར་ལང་མཁན་གྱི་དུས་ཚོད་ལ་འོ་བུ་སྤུན་བདུན་གྱི་ནང་ལ་འོ་བུད་མེད་སུའི་ཆུང་མ་འོང་མཁན། ཅི་ལས་སྨྲ་ན་འོ་བུད་མེད་ནི་འོ་སྤུན་བདུན་ཀའི་ཆུང་མ་འགྲོ་ཟིན་ཏེ་ཡོད་མཁན། སྨྲས་ཏེ་སད་དུ་ཀི་པ་ཡ་གིས་སྨྲ་ཟིན།
༢༩ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། ཁྱེད་ཀྱི་བསམ་བློ་གཏོང་ལུགས་དེ་འཛོལ་བ་ཡིན་པ། ཁྱེད་ཀྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་པའི་སྐད་ཆ་ཡང་མི་ཤེས་པས། ཨལ་ལོ་ཧིམ་གྱི་དབང་ག་ཚོད་ཆེན་པོ་ཡོད་པ་འོ་དེ་ཡང་ངོ་མི་ཤེས་པས། ༣༠ ཤི་བའི་མི་ཡ་གསོན་པོར་ལང་མཁན་གྱི་དུས་ཚོད་ལ་བག་མ་བྱེད་མཁན་གྱི་སྐད་ཆ་མི་འོང་མཁན། (ཤི་བའི་མི་ཡ་གསོན་པོར་ལངས་ཏེ་འགབ་ལས་(གསོན་པོར་ལངས་ལངས་པ་ལ་)ཁོང་གིས་བག་མ་བྱེད་མཁན་དང་བག་མ་བྱས་སྟེར་མཁན་གྱི་སྐད་ཆ་མི་འོང་མཁན།) ཁོང་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་ཡ་ཅོག་འདྲ་འོང་ཅེས་ཡོད། ༣༡ ཤི་སྟེ་གསོན་པོར་ལང་མཁན་གྱི་དོན་དག་ལ་ནི་ཨལ་ལོ་ཧིམ་གྱིས་སྨྲས་བཞག་པའི་འདི་སྐད་ཆ་ཁྱེད་ཀྱིས་ནམ་ཡང་མ་བཀླགས་སམ། ༣༢ ང་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་ཀྱི་ཨལ་ལོ་ཧིམ་ཡིན་པ། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲས་བཞག་པ། ཨལ་ལོ་ཧིམ་ནི་གཤིན་པོ་ཡ་དེ་མིན་པ། གསོན་པོ་ཡ་གི་ཨལ་ལོ་ཧིམ་རང་ཡིན་པ། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། ༣༣ ཡེ་ཤུའི་ཁྲིད་ལ་(ཡེ་ཤུའི་སློབ་ཆུང་ལ་)ཉན་ཏེ་མི་ཡ་འཇིགས་པོར་ཧ་ལས་ཟིན།།
བཀའ་ཆེ་ཤོས་ཀྱི་དོན་དག་ལ་དྲིས་པ།
༣༤ ཡེ་ཤུས་ཀྱིས་སད་དུ་ཀི་པ་ཡ་གི་སྨྲ་སྒོ་གཅོད་ཟིན་ནུ་སྨྲས་ཏེ་ཐོས་ཏེ་འགབ་ལས་(ཐོས་ཐོས་པ་ལ་)༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་འཛོམས་ཏེ་ཡེ་ཤུའི་རྩར་ལ་འོང་ཟིན། ༣༥ ཁོང་གི་ནང་ལ་བཀའ་ཁྲིམས་མང་པོ་ཤེས་མཁན་གྱི་དགེ་རྒན་གཅིག་གིས། ཡེ་ཤུ་ལ་ཁོག་པ་བསྐོར་ཏེ་གཏམ་གྱི་རྒྱུ་འབྱོར་མཁན་ནི་སྨྲ་མཁན་གྱི་སེམས་བྱས་ཏེ་འདྲི་ཟིན། (ཁོང་གི་ནང་ལ་བཀའ་ཁྲིམས་ཀྱི་མཁས་པ་གཅིག་གིས་ཡེ་ཤུ་ལ་ཁོག་པ་བསྐོར་ཏེ་(ཉམས་དཔྱད་དེ་)འདྲི་ཟིན།) ༣༦ སློབ་དཔོན་ལགས། བཀའ་ཁྲིམས་ཀྱི་གང་པོ་སྨྲས་ཏེ་(གང་པོ་ལས་)ཆེ་ཤོས་ཀྱི་བཀའ་གང་དྲ་ཡིན་པ། སྨྲས་ཏེ་འདྲི་ཟིན། ༣༧ དེ་ནས་ཡེ་ཤུས་ཀྱིས་ཁོ་ལ། ཁྱོད་ཀྱིས་ཡ་ཝྰེ་རང་གི་ཨལ་ལོ་ཧིམ་ལ་རང་གི་སེམས། ལུས་དང་ཁྱོད་མཉམ་པོ་གང་ཡོད་མཁན་དེ་བསྟེར་ཏེ་རང་གི་སེམས་ཡ་ཝྰེ་ཨལ་ལོ་ཧིམ་ངོས་འགྱུར་ཏོང་། ༣༨ གང་པོ་སྨྲས་ཏེ་(གང་པོ་ལས་)ཆེ་ཤོས་དང་ཆེན་པོའི་བཀའ་འདི་རང་ཡིན་པ། ༣༩ དེ་ནས་འོ་སྨྲས་ཏེ་འོག་ལ་(དེ་ནས་འོ་ལས་འོག་ལ་)བཀའ་ཆེན་པོ་གཅིག་ཡོད་པ། ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ལ་རང་ལ་ཅོག་འདྲ་སྙིང་བརྩེ་བྱེད་ཏོང་། འདི་བཀའ་གཉིས་ལ་ཁྱད་མེད། ༤༠ མོ་ཤེས་བསྟེར་བའི་བཀའ་ཁྲིམས་དང་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་བསྟེར་བའི་སློབ་ཆུང་གང་ཡོད་མཁན་འདི་བཀའ་གཉིས་ལ་གཏམ་ཚིག་གསུམ་ལ་འདུས་པ་ཡིན་པ། (གང་ཡོད་མཁན་གྱི་རྨང་འདི་བཀའ་གཉིས་རང་ཡིན་པ།) སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།།
དབང་སྐུར་ཐོབ་པའི་དོན་དག་ལ་འདྲི་ཞིབ།
༤༡ དེ་ནས་ཡེ་ཤུས་ཀྱིས་འཛོམས་ཏེ་འོངས་པའི་ཕ་རི་སི་ཡ་ལ། ༤༢ དབང་སྐུར་ཐོབ་པའི་དོན་དག་ལ་ཁྱེད་ཀྱིས་ཅི་བསམ་བློ་གཏོང་གོ་ཡོད་པ། ཁོ་སུའི་སྲས་པོ་ཡིན་པ། སྨྲས་ཏེ་ཡེ་ཤུས་ཀྱིས་འདྲི་ཟིན། ཕ་རི་སི་ཡ་གིས། ཁོ་ནི་ད་བིད་བརྒྱུད་པའི་སྲས་པོ་ཡིན། སྨྲས་ཏེ་ལན་རྒྱབ་ཟིན། ༤༣ ཡེ་ཤུས་ཀྱིས་ཁོང་ལ། འོ་འདྲ་ཡིན་ཟིན་སྨྲ་ན། (འོ་འདྲ་ཡིན་ན།) ད་བིད་ཀྱིས་རྣམ་པར་དག་པའི་ཐུགས་ལས་དབང་འབྱོར་ཏེ་ཁོ་ལ་ཅི་ལས་དཔོན་པོ་སྨྲས་ཏེ་སྨྲས་པ། ཅི་ལས་སྨྲ་ན་
༤༤ དགྲ་གང་པོ་རང་ཁྱོད་ཀྱི་རྐང་པའི་འོག་ལ་ཆུད་མ་བཅུག་ཐུག་
ངའི་གཡས་ངོས་ལ་(གཡས་ཕྱོགས་ལ་)སྡོད་ཤོག སྨྲས་ཏེ་
ཡ་ཝྰེས་ངའི་༼དབང་སྐུར་ཐོབ་པ་༽དཔོན་པོ་ལ་སྨྲ་འོ་ནུ།།
སྨྲས་ཏེ་ད་བིད་ཀྱིས་སྨྲ་ཟིན། ༤༥ ད་བིད་རང་གིས་རང་དབང་སྐུར་ཐོབ་པ་ལ། ངའི་དཔོན་པོ། སྨྲས་ཏེ་སྨྲས་ཏེ་འགབ་ལས་ནི་(སྨྲས་སྨྲས་པ་ལ་ནི་)ཁོ་ད་བིད་བརྒྱུད་པའི་སྲས་པོ་ག་འདྲ་བྱས་ཏེ་འོང་ཁུག་འགྲོ། སྨྲས་ཏེ་ཡེ་ཤུས་ཀྱིས་འདྲི་ཟིན། ༤༦ ཡིན་ནས་སུ་ཞིག་གིས་ཀྱང་ཡེ་ཤུ་ལ་ཅི་ཡང་ལན་རྒྱབ་མ་ཁུགས། དེ་ནས་འོ་ཉི་མ་ཡིན་འཇུག་ཁོང་གིས་ཡེ་ཤུ་ལ་སྐད་ཆ་ཅི་ཡང་འདྲི་མ་ཁུགས།། །།