གནམ་གྱི་སྐར་མ་ལྟ་མཁན་གྱི་མི་ཡ་ཡེ་ཤུ་ལ་མཇལ་འོངས་པ།
༡ ཡེ་ཤུ་ཡ་ཧུ་དྰའི་མངའ་སྡེའི་བེད་ལེ་ཧེམ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་སྐྱེ་ཟིན། འོ་ཙམ་གང་ལ་༼འོ་ལུང་པའི་རྒྱལ་ས་ཡ་རུ་ཤ་ལེམ་ལ་༽ ཧེ་རོ་དྰེ་སྨྲ་མཁན་གྱི་རྒྱལ་པོ་ཡོད་མཁན། ༼ཁོ་ཡིས་ར་ཨལ་གྱི་བརྒྱུད་པའི་མི་ཡིན་པ། ཡིན་ནས་ཁོ་རོ་མ་པ་རྒྱལ་པོ་ཀེ་སར་གྱི་དབང་གི་འོག་ལ་སྡོད་དགོས་འོ་ཡོད་མཁན།༽ དེ་ནས་ཡེ་ཤུ་སྐྱེས་ཏེ་འགབ་ལས་ཤར་ལས་གནམ་གྱི་སྐར་མ་ཡ་ཅི་ཅི་བྱེད་ཀོ་ནུ་སྨྲས་ཏེ་ལྟ་མཁན་གྱི་མི་ཡ་ཡ་རུ་ཤ་ལེམ་ལ་སླེབ་འོང་ཟིན། ༢ ཡ་རུ་ཤ་ལེམ་ལ་སླེབ་འོངས་ཏེ་ཁོང་གིས་མི་ཡ་ལ་འདྲི་ཟིན། འདི་ཐེངས་དེ་སྐྱེས་པའི་ཡ་ཧུ་དྰ་པ་ཡ་གི་རྒྱལ་པོ་ག་ན་བསྡད་དེ་ཡོད་དམ། ཤར་ལ་སྐར་མ་གཅིག་ཐོན་པ་མཐོང་བས་(མཐོང་བ་དང་ ། མཐོང་ཟིན། འོ་སོང་བས་)ཡ་ཧུ་དྰ་པ་ཡ་གི་རྒྱལ་པོ་སྐྱེས་ཏེ་ཡོད་སྨྲས་ཏེ་ངེད་ཀྱིས་རྒྱུས་འབྱོར་ཟིན། འོ་རྒྱལ་པོ་ལ་མཇལ་ཅེས་སྨྲས་ཏེ་འདི་ལ་སླེབ་འོང་ཟིན། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།)
༣ འདི་སྐད་ཆ་ཐོས་ཏེ་རྒྱལ་པོ་ཧེ་རོ་དྰེའི་སེམས་པ་ཚ་གི་ཚི་གི་འགྲོ་ཟིན། དེ་ནས་འདི་སྐད་ཆ་ཡ་རྒྱུས་འབྱོར་ཏེ་འགབ་ལས་ཡ་རུ་ཤ་ལེམ་གྱི་མི་ཡ་གི་སེམས་པ་ཡང་ཚ་གི་ཚི་གི་འགྲོ་ཟིན། ༤ དེ་ནས་རྒྱལ་པོ་ཧེ་རོ་དྰེས་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་ལ་སྐད་བརྒྱབ་སྟེ། དབང་སྐུར་ཐོབ་པ་སྨྲ་མཁན་གྱི་རྒྱལ་པོ་སྐྱེ་མཁན་གྱི་ས་ཆ་ག་ན་ཡིན་ནམ། སྨྲས་ཏེ་འདྲི་ཟིན། ༥ དེ་ནས་ཁོང་གིས་ཧེ་རོ་དྰེ་ལ་སྨྲ་ཟིན། ཡ་ཧུ་དྰའི་མངའ་སྡེའི་བེད་ལེ་ཧེམ་སྨྲ་མཁན་གྱི་ཡུལ་ཆད་མ་ལ། ཅི་ལས་སྨྲ་ན་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས་འདིའི་དོན་དག་ལ་འདི་ཅོག་འདྲ་བྲིས་བཞག་སྟེ་ཡོད་པ།
༦ ཡ་ཧུ་དྰའི་མངའ་སྡེའི་ཡུལ་ཆད་མ་ཡ་གི་བར་དཀྱིལ་ལ་བེད་ལེ་ཧེམ་སྨྲ་མཁན་གྱི་ཡུལ་ཆད་མ་དེ་ཆད་མ་ཡིན་རང་མིན་པ།།
ཅི་ལས་སྨྲ་ན་བེད་ལེ་ཧེམ་ལས་འགོ་པ་གཅིག་སྐྱེ་ཅེས་ཡོད།།
བ་གླང་རྫིས་བ་གླང་ལ་འཚོ་མཁན་ཅོག་འདྲ་ཁོས་ངའི་མི་ཡིས་ར་ཨལ་ལ་འཚོ་ཅེས་ཡོད།།
སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་བཞག་སྟེ་ཡོད་པ། སྨྲས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་གིས་སྨྲ་ཟིན། ༧ འོ་འདྲ་སྨྲ་མཁན་གྱི་དུས་ཚོད་ལ་རྒྱལ་པོ་ཧེ་རོ་དྰེས་ཤར་ལས་འོངས་པའི་མི་ཡ་ལ་མིས་མི་ཐོས་མཁན་གྱི་ས་ཆ་ལ་ཁྱེར་ཏེ། འོ་སྐར་མ་ནམ་ཐོན་པ། ང་ལ་རྟག་རྟག་ཉག་ཉག་བྱས་ཏེ་ཤོད་ཏོང་། (ང་ལ་རྟག་རྟག་ཤོད་ཏོང་།) སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༨ དེ་ནས་སྐད་ཆ་རྒྱུས་འབྱོར་ཏེ་རྒྱལ་པོ་ཧེ་རོ་དྰེས། ཁྱེད་ཕྱིན་ཏེ་འོ་བུ་ཚའི་སྐད་ཆ་གང་པོ་དྲིས་ཏེ་ང་ལ་བཤད་ཤོག དེ་ནས་ང་ཡང་མཇལ་འགྲོ་མཁན། སྨྲས་ཏེ་སྐར་མ་ལྟ་མཁན་གྱི་མི་ཡ་ལ་བེད་ལེ་ཧེམ་ལ་གཏོང་རྫོང་ཟིན། ༩ དེ་ནས་ཁོང་རྒྱལ་པོའི་སྐད་ཆ་ལ་ཉན་ཏེ་བེད་ལེ་ཧེམ་ངོས་ལས་འགྲོ་ཟིན།།
འགྲོ་འགྲོ་བ་གང་ལ་ཤར་ལ་ཐོན་པའི་སྐར་མ་གཉིས་པར་ཡང་མཐོང་ཟིན། འོ་སྐར་མ་ནི་གདོང་གདོང་ལམ་(གདོང་ལ་ལམ་)ཞུགས་ཏེ་སྲས་པོ་ཁྱེའུ་ཡོད་མཁན་གྱི་ས་ཆ་ཐད་ཀའི་ཐོག་ལ་སླེབས་ཏེ་སྒུག་ཟིན། ༡༠ འདི་མཐོང་སྟེ་ཁོང་འཇིགས་པོར་དགེ་བ་ལང་ཟིན། ༡༡ དེ་ནས་འོ་ཁང་པ་ལ་སླེབས་ཏེ་ནང་ལ་ཞུགས་ཏེ་ལྟ་མཁན་གང་ལ་ནི་བུ་ཚ་ཁྱེའུ་ལ་ཨ་མ་མིར་ཡམ་མཉམ་པོ་མཐོང་ཟིན། ཁོང་པུས་མོ་བཙུགས་ཏེ་བུ་ཚ་ཁྱེའུ་ལ་མཇལ་ཟིན། དེ་ནས་ཁོང་གིས་ཁྱེར་བའི་སྒམ་ཆུང་ཁ་ཕྱེ་སྟེ་བུ་ཚ་ཁྱེའུ་ལ་གསེར། ཤུག་པ་དང་སྤོས་དཀར་མཇལ་རྟེན་འབུལ་ཟིན།། ༼སྤོས་དཀར་སྨྲ་མཁན་དེ། རིན་གུས་པོ་འོང་མཁན། མེ་ལ་འཇུག་མཁན་གང་ལ་དྲི་མ་ཞིམ་པོ་ཁ་མཁན།༽
༡༢ དེ་ནས་སྐར་མ་ལྟ་མཁན་གྱི་མི་ཡ་གི་རྨི་ལམ་ལ་ཨལ་ལོ་ཧིམ་གྱིས། རྒྱལ་པོ་ཧེ་རོ་དྰེའི་རྩར་ལ་ལོག་སྟེ་མ་འགྲོ། སྨྲས་ཏེ་བཀའ་གནང་ཟིན། དེ་ནས་ཁོང་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཏེ་རྒྱལ་པོ་ཧེ་རོ་དྰེའི་རྩར་ལ་མ་ཕྱིན་པ་བྱས་ཏེ་ལམ་གཞན་པ་ལས་རང་གི་ལུང་པ་ལ་ལོག་འགྲོ་ཟིན།།
མི་སེར་ལུང་པ་ལ་བྲོས་པ།
༡༣ སྐར་མ་ལྟ་མཁན་གྱི་མི་ཡ་ཕྱིན་ཏེ་འགབ་ལས་ཡོ་སེབ་ཀྱིས་རྨི་ལམ་ལ་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་ལ་མཐོང་ཟིན། ལོན་སྐྱེལ་མཁན་གྱིས་ཁོ་ལ་འདི་ཅོག་འདྲ་སྨྲ་ཟིན། ལང་དོང་། བུ་དང་ཨ་མ་ལ་ཁྱེར་ཏེ་ད་ལྟ་མི་སེར་ལུང་པ་ལ་སོང་། ངས་ཤོག་མ་སྨྲས་ཐུག་འོ་ལ་སྡོད་ཏོང་། ཁྱེད་ཀྱི་བུ་ཚ་ཁྱེའུ་ལ་ཧེ་རོ་དྰེས་གསོད་ཅེས་འཚོལ་གོ་ནུ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༡༤ དེ་ནས་ཡོ་སེབ་ལངས་ཏེ་ཨ་མ་དང་བུ་ཚ་ཁྱེའུ་ལ་ཁྱེར་ཏེ་དགོང་མོ་རང་བེད་ལེ་ཧེམ་ལས་ཐོན་ཏེ་མི་སེར་ལུང་པ་ལ་འགྲོ་ཟིན། ༡༥ ཧེ་རོ་དྰེ་མ་ཤི་ཐུག་ཁོང་མི་སེར་ལུང་པ་ལ་སྡོད་ཟིན། སྐད་ཆ་ཤོད་མཁན་གྱིས་བྱས་ཏེ་ཡ་ཝྰེས་སྨྲས་པའི་སྐད་ཆ་འདི་ཅོག་འདྲ་བྱས་ཏེ་དོན་དག་འགྲུབ་ཟིན། ངས་རང་གི་བུ་ལ་མི་སེར་ལུང་པ་ལས་སྐད་བརྒྱབ་ཟིན།།
རྒྱལ་པོ་ཧེ་རོ་དྰེའི་ཞེ་སྡང་།
༡༦ དེ་ནས་ཧེ་རོ་དྰེས། སྐར་མ་ལྟ་མཁན་གྱི་མི་ཡ་གིས་གཡོ་སྒྱུ་བྱས་བཞག་པ་ནུ། སྨྲས་ཏེ་ཚོར་ཏེ་འགབ་ལས་ཁོ་ནི་ཞེ་སྡང་གིས་མིག་རང་མ་མཐོང་། (དེ་ནས་སྐར་མ་ལྟ་མཁན་གྱི་མི་ཡ་གིས་ཁོ་ལ་གཡོ་སྒྱུ་བྱས་པའི་སྐད་ཆ་ཧེ་རོ་དྰེས་རྒྱུས་འབྱོར་ཟིན། ཁོ་ནི་ཞེ་སྡང་གིས་མིག་རང་མ་མཐོང་།) འོ་བུ་ཚ་ནམ་སྐྱེས་པ་སྨྲས་ཏེ་ཁོས་སྐར་མ་ལྟ་མཁན་གྱི་མི་ཡ་ལ་དྲིས་ཏེ་དྲན་པ་སོས་ཏེ་ཡོད་མཁན། འོ་དུས་ཚོད་དྲན་པ་སོས་ཏེ་བེད་ལེ་ཧེམ་དང་འོའི་རྩར་ཟུར་གྱི་ཡུལ་ཡ་ལ་ལོ་གཉིས་ཡིན་འཇུག་མར་འདབས་ཀྱི་བུ་བུ་ཚ་གང་པོ་ལ་གསོད་འཇུག་ཟིན། ༡༧ འོ་ཙམ་གང་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་རེམ་ཡས་སྔོན་ནས་ཤེས་ཏེ་(གདོང་ལས་ཤེས་ཏེ་)སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།
༡༨ ར་མ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་སྐད་ཆེན་པོ་ཞིག་བཏོན་ཏེ་མྱ་ངན་བྱེད་མཁན་ཐོས་འོ་ནུ།།
ར་ཧེལ་རང་གི་བུ་ཚ་ཡ་གི་དོན་དག་ལ་ངུས་སྡོད་ཀོ་ནུ།།
བུ་ཚ་གང་པོ་མོ་ལས་ཕྲོགས་པ་སོང་བས་
སུས་ཀྱང་མོའི་སེམས་འཛིན་འཇུག་མི་ཁུག་པས།།
སྨྲས་ཏེ་ཡེ་རེམ་ཡས་སྨྲས་བཞག་སྟེ་ཡོད་མཁན།།
མི་སེར་ལུང་པ་ལས་ན་ཟ་རེ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་ལོག་འོངས་པ།
༡༩ ཧེ་རོ་དྰེ་ཤི་སྟེ་འགབ་ལས་ཡ་ཝྰེའི་ལོན་སྐྱེལ་མཁན་གྱིས་མི་ཟེར་ལུང་པ་ལ་ཡོ་སེབ་ཀྱི་རྨི་ལམ་ལ་འོངས་ཏེ་སྨྲ་ཟིན། ༢༠ ལང་དོང་། ད་ཨ་མ་དང་བུ་ལ་ཁྱེར་ཏེ་ཡིས་ར་ཨལ་གྱི་ལུང་པ་ལ་ལོག་སོང་། བུ་ཚ་ཁྱེའུ་ལ་གསོད་ཅེས་འཚོལ་མཁན་གྱི་མི་འཆི་ཟིན་ཟིན། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༢༡ དེ་ནས་ཡོ་སེབ་ཀྱིས་ཨ་མ་དང་བུ་ལ་ཁྱེར་ཏེ་ཡིས་ར་ཨལ་གྱི་ལུང་པ་ལ་ལོག་འགྲོ་ཟིན།།
༢༢ ཡིན་ནས་ཧེ་རོ་དྰེའི་བུ་ཨར་ཁེ་ལྰ་ཡ་ཧུ་དྰའི་མངའ་སྡེའི་རྒྱལ་པོ་ཕྱིན་ནུ་སྨྲ་མཁན་ཐོས་ཏེ་ཡོ་སེབ་འོ་ལུང་པ་ལ་འགྲོ་ཅེས་ལ་འཇིགས་ཟིན། དེ་ནས་གཉིས་པར་(ཡོད་པར་)ཡོ་སེབ་ཀྱི་རྨི་ལམ་ལ་ཨལ་ལོ་ཧིམ་གྱིས་བཀའ་གནང་ཟིན། འོ་བཀའ་ལ་ཉན་ཏེ་ཡོ་སེབ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགྲོ་ཟིན། ༢༣ འོ་ལ་ན་ཟ་རེ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་ཕྱིན་ཏེ་སྡོད་ཟིན། འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས། ཁོ་ལ་ན་ཟ་རེ་བ་སྨྲ་ཅེས་ཡོད། སྨྲས་ཏེ་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།། །།