མགོ་མ་ལེའུ་ལྔ་པ།

༡ ཨ་དམ་གྱི་རིགས་བརྒྱུད་ཀྱི་མིང་ཐོ་འདི་ཅོག་འདྲ་ཡོད་པ། ཨལ་ལོ་ཧིམ་གྱིས་མི་ནི་བཀོད་པའི་ཉི་མ་ལ་ཁོས་ཀྱིས་རང་གི་གཟུགས་བརྙན་ཅོག་འདྲ་མི་ལ་འགོད་ཟིན། ༢ ཨལ་ལོ་ཧིམ་གྱིས་ཁོང་ལ་སྐྱེས་པ་དང་སྐྱེས་མ་(ཁྱོ་བོ་དང་ཁྱོ་མོ་ ། བུ་དང་བུ་མོ་)འགོད་ཟིན་པ་དང་བྱིན་གྱིས་སློབ་ཟིན། འོ་བཀོད་པའི་ཉི་མ་ལ་ཨལ་ལོ་ཧིམ་གྱིས་ཁོང་གི་མིང་མི་འདོགས་ཟིན།། (ཁོང་གི་མིང་ལ་མི་སྨྲས་ཏེ་འདོགས་ཟིན།།) 

༣ ཨ་དམ་གྱི་ལོ་བརྒྱ་དང་སུམ་ཅུ་སླེབ་པའི་གང་ནས་(སླེབས་པའི་དུས་ལ་)རང་གི་གཟུགས་བརྙན་ཅོག་འདྲ་བུ་ཞིག་སྐྱེ་ཟིན། ཁོས་ཀྱིས་བུའི་མིང་ཤེད་འདོགས་ཟིན། (ཁོས་ཀྱིས་བུའི་མིང་ལ་ཤེད་སྨྲས་ཏེ་འདོགས་ཟིན།) ༤ ཤེད་སྐྱེས་ཏེ་འགབ་ལས་(ཤེད་སྐྱེས་སྐྱེས་པ་ལ་)ཨ་དམ་ལོ་བརྒྱད་བརྒྱ་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ཤེད་སྐྱེས་ཏེ་འགབ་ལས་ཨ་དམ་ལོ་བརྒྱད་བརྒྱ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༥ འོ་འདྲ་བྱས་ཏེ་ཨ་དམ་གྱི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་སུམ་ཅུ་ལ་ཕྱིན་ཏེ་འཆི་ཟིན། (ཨ་དམ་གྱི་ལོ་དགུ་བརྒྱ་དང་སུམ་ཅུ་ལ་ཕྱིན་ཏེ་ཡོད་མཁན། དེ་ནས་ཁོ་འཆི་ཟིན། ། འོ་འདྲ་བྱས་ཏེ་ཨ་དམ་གསོན་པོར་བསྡད་དེ་ལོ་དགོ་བརྒྱ་དང་སུམ་ཅུ་ལ་འཆི་ཟིན། ། འོ་འདྲ་བྱས་ཏེ་ཨ་དམ་ལོ་དགུ་བརྒྱ་དང་སུམ་ཅུ་བསྡད་དེ་འཆི་ཟིན།) 

༦ ཤེད་ཀྱི་ལོ་བརྒྱ་དང་ལྔ་སླེབ་པའི་གང་ནས་(སླེབས་པའི་དུས་ལ་)ཨེ་ནོ་ཤྰ་སྐྱེ་ཟིན། ༧ ཨེ་ནོ་ཤྰ་སྐྱེས་ཏེ་འགབ་ལས་(ཨེ་ནོ་ཤྰ་སྐྱེས་སྐྱེས་པ་ལ་)ཤེད་ལོ་བརྒྱད་བརྒྱ་དང་བདུན་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ཨེ་ནོ་ཤྰ་སྐྱེས་ཏེ་འགབ་ལས་ཤེད་ལོ་བརྒྱད་བརྒྱ་དང་བདུན་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༨ འོ་འདྲ་བྱས་ཏེ་ཤེད་ཀྱི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་བཅུ་གཉིས་ལ་ཕྱིན་ཏེ་འཆི་ཟིན།། (ཤེད་ཀྱི་ལོ་དགུ་བརྒྱ་དང་བཅུ་གཉིས་ལ་སླེབས་ཏེ་(སླེབས་པ་)ཡོད་མཁན། དེ་ནས་ཁོ་འཆི་ཟིན།། ། འོ་འདྲ་བྱས་ཏེ་ཤེད་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་བཅུ་གཉིས་ལ་འཆི་ཟིན།།) 

༩ ཨེ་ནོ་ཤྰའི་ལོ་དགུ་བཅུ་སླེབ་པའི་གང་ནས་ཀེ་ནན་སྐྱེ་ཟིན། ༡༠ ཀེ་ནན་སྐྱེས་ཏེ་འགབ་ལས་ཨེ་ནོ་ཤྰ་ལོ་བརྒྱད་བརྒྱ་དང་བཅོ་ལྔ་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ཀེ་ནན་སྐྱས་ཏེ་འགབ་ལས་ཨེ་ནོ་ཤྰ་ལོ་བརྒྱད་བརྒྱ་དང་བཅོ་ལྔ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༡༡ འོ་འདྲ་བྱས་ཏེ་ཨེ་ནོ་ཤྰའི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་ལྔ་ལ་ཕྱིན་ཏེ་འཆི་ཟིན།། (ཨེ་ནོ་ཤྰའི་ལོ་དགུ་བརྒྱ་དང་ལྔ་ལ་སླེབས་ཏེ་(སླེབས་པ་)ཡོད་མཁན། དེ་ནས་ཁོ་འཆི་ཟིན།། ། འོ་འདྲ་བྱས་ཏེ་ཨེ་ནོ་ཤྰ་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་ལྔ་ལ་འཆི་ཟིན།།) 

༡༢ ཀེ་ནན་གྱི་ལོ་བདུན་ཅུ་སླེབ་པའི་གང་ནས་མྰ་ཧ་ལ་ཨལ་སྐྱེ་ཟིན། ༡༣ མྰ་ཧ་ལ་ཨལ་སྐྱེས་ཏེ་འགབ་ལས་ཀེ་ནན་ལོ་བརྒྱད་བརྒྱ་དང་བཞི་བཅུ་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (མྰ་ཧ་ལ་ཨལ་སྐྱེས་ཏེ་འགབ་ལས་ཀེ་ནན་ལོ་བརྒྱད་བརྒྱ་དང་བཞི་བཅུ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༡༤ འོ་འདྲ་བྱས་ཏེ་ཀེ་ནན་གྱི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་བཅུ་ལ་ཕྱིན་ཏེ་འཆི་ཟིན།། (ཀེ་ནན་གྱི་ལོ་དགུ་བརྒྱ་དང་བཅུ་ལ་སླེབས་ཏེ་(སླེབས་པ་)ཡོད་མཁན། དེ་ནས་ཁོ་འཆི་ཟིན།། ། འོ་འདྲ་བྱས་ཏེ་ཀེ་ནན་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་བཅུ་ལ་འཆི་ཟིན།།) 

༡༥ མྰ་ཧ་ལ་ཨལ་གྱི་ལོ་དྲུག་ཅུ་རེ་ལྔ་སླེབ་པའི་གང་ནས་ཡེ་རེད་སྐྱེ་ཟིན། ༡༦ ཡེ་རེད་སྐྱེས་ཏེ་འགབ་ལས་མྰ་ཧ་ལ་ཨལ་ལོ་བརྒྱད་བརྒྱ་དང་སུམ་ཅུ་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ཡེ་རེད་སྐྱེས་ཏེ་འགབ་ལས་མྰ་ཧ་ལ་ཨལ་ལོ་བརྒྱད་བརྒྱ་དང་སུམ་ཅུ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༡༧ འོ་འདྲ་བྱས་ཏེ་མྰ་ཧ་ལ་ཨལ་གྱི་གསོན་པོར་བསྡད་པའི་ཚེ་ཚད་ལོ་བརྒྱད་བརྒྱ་དང་དགུ་བཅུ་གོ་ལྔ་ལ་ཕྱིན་ཏེ་འཆི་ཟིན།། (མྰ་ཧ་ལ་ཨལ་གྱི་ལོ་བརྒྱད་བརྒྱ་དང་དགུ་བཅུ་གོ་ལྔ་ལ་སླེབས་ཏེ་(སླེབས་པ་)ཡོད་མཁན། དེ་ནས་ཁོ་འཆི་ཟིན།། ། འོ་འདྲ་བྱས་ཏེ་མྰ་ཧ་ལ་ཨལ་གསོན་པོར་བསྡད་དེ་ལོ་བརྒྱད་བརྒྱ་དང་དགུ་བཅུ་གོ་ལྔ་ལ་འཆི་ཟིན།།)

༡༨ ཡེ་རེད་ཀྱི་ལོ་བརྒྱ་དང་དྲུག་ཅུ་རེ་གཉིས་སླེབ་པའི་གང་ནས་ཧ་ནོག་སྐྱེ་ཟིན། ༡༩ ཧ་ནོག་སྐྱེས་ཏེ་འགབ་ལས་ཡེ་རེད་ལོ་བརྒྱད་བརྒྱ་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ཧ་ནོག་སྐྱེས་ཏེ་འགབ་ལས་ཡེ་རེད་ལོ་བརྒྱད་བརྒྱ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༢༠ འོ་འདྲ་བྱས་ཏེ་ཡེ་རེད་གྱི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་གཉིས་ལ་ཕྱིན་ཏེ་འཆི་ཟིན།། (ཡེ་རེད་ཀྱི་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་གཉིས་ལ་སླེབས་ཏེ་(སླེབས་པ་)ཡོད་མཁན། དེ་ནས་ཁོ་འཆི་ཟིན།། ། འོ་འདྲ་བྱས་ཏེ་ཡེ་རེད་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་གཉིས་ལ་འཆི་ཟིན།།)

༢༡ ཧ་ནོག་གི་ལོ་དྲུག་ཅུ་རེ་ལྔ་སླེབ་པའི་གང་ནས་མྰ་ཐུ་ཤ་ལྰ་སྐྱེ་ཟིན། ༢༢ མྰ་ཐུ་ཤ་ལྰ་སྐྱེས་ཏེ་འགབ་ལས་ཧ་ནོག་གིས་ལོ་སུམ་བརྒྱ་ཐུག་ཨལ་ལོ་ཧིམ་མཉམ་པོ་འགྲོགས་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (མྰ་ཐུ་ཤ་ལྰ་སྐྱེས་ཏེ་འགབ་ལས་ཧ་ནོག་ལོ་སུམ་བརྒྱ་ཐུག་ཨལ་ལོ་ཧིམ་མཉམ་པོ་འགྲོ་ལུགས་སྡོད་ལུགས་བྱས་ཏེ་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༢༣ འོ་འདྲ་བྱས་ཏེ་ཧ་ནོག་གི་གསོན་པོར་བསྡད་པའི་ཚེ་ཚད་ལོ་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ལ་འགྲོ་ཟིན། (ཧ་ནོག་གི་ལོ་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ལ་སླེབས་པ་ཡོད་མཁན། ། འོ་འདྲ་བྱས་ཏེ་ཧ་ནོག་གསོན་པོར་བསྡད་དེ་ལོ་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ལ་འགྲོ་ཟིན།) ༢༤ ཧ་ནོག་གིས་ཨལ་ལོ་ཧིམ་མཉམ་པོ་འགྲོགས་པ་དང་། ཨལ་ལོ་ཧིམ་གྱིས་ཁོ་ལ་ས་ལས་འཁྱེར་འོངས་པས་ཁོ་ལ་མཐོང་ཅེས་མེད་པ་འགྲོ་ཟིན། 

༢༥ མྰ་ཐུ་ཤ་ལྰའི་ལོ་བརྒྱ་དང་བརྒྱད་ཅུ་གྱ་བདུན་སླེབ་པའི་གང་ནས་ལྰ་མེག་སྐྱེ་ཟིན། ༢༦ མྰ་ཐུ་ཤ་ལྰ་སྐྱས་ཏེ་འགབ་ལས་ལྰ་མེག་ལོ་བདུན་བརྒྱ་དང་བརྒྱད་ཅུ་གྱ་གཉིས་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ལྰ་མེག་སྐྱེས་ཏེ་འགབ་ལས་མྰ་ཐུ་ཤ་ལྰ་ལོ་བདུན་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༢༧ འོ་འདྲ་བྱས་ཏེ་མྰ་ཐུ་ཤ་ལྰའི་གསོན་པོར་བསྡད་པའི་ཚེ་ཚད་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་དགུ་ལ་ཕྱིན་ཏེ་འཆི་ཟིན།། (མྰ་ཐུ་ཤ་ལྰའི་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་དགུ་ལ་སླེབས་པ་ཡོད་མཁན། དེ་ནས་ཁོ་འཆི་ཟིན།། ། འོ་འདྲ་བྱས་ཏེ་མྰ་ཐུ་ཤ་ལྰ་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་དགུ་ལ་འཆི་ཟིན།།)

༢༨ ལྰ་མེག་གི་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་སླེབ་པའི་གང་ནས་བུ་ཞིག་སྐྱེ་ཟིན། ༢༩ འདི་བུའི་མིང་ལ་ནོ་ཨ་སྨྲས་ཏེ་འདོགས་ཟིན། ༼ནོ་ཨ་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་ངལ་འཚོ་སྨྲས་པ་ཡིན་པ།༽ ཡ་ཝྰེས་དམོད་མོ་བརྒྱབ་པའི་སས་ཀྱིས་འོ་རང་གི་ལག་པ་ལ་ལས་ཀ་དང་སྡུག་བསྔལ་བྱུང་བས། འོ་དེ་གིས་འོ་རང་ལ་ངལ་འཚོ་འཇུག་ཅེས་ཡོད། ༣༠ ནོ་ཨ་སྐྱེས་ཏེ་འགབ་ལས་ལྰ་མེག་ལོ་ལྔ་བརྒྱ་དང་དགུ་ཅུ་གོ་ལྔ་གསོན་པོར་སྡོད་པ་དང་བུ་བུ་མོ་གཞན་པ་ཡ་སྐྱེ་ཟིན། (ནོ་ཨ་སྐྱེས་ཏེ་འགབ་ལས་ལྰ་མེག་ལོ་ལྔ་བརྒྱ་དང་དགུ་ཅུ་གོ་ལྔ་ཐུག་སྡོད་ཟིན། ཁོ་དེ་བུ་བུ་མོ་གཞན་པ་ཡ་ཡང་སྐྱེ་ཟིན།) ༣༡ འོ་འདྲ་བྱས་ཏེ་ལྰ་མེག་གི་གསོན་པོར་བསྡད་པའི་ཚེ་ཚད་ལོ་བདུན་བརྒྱ་དང་བདུན་བཅུ་རྩ་བདུན་ལ་ཕྱིན་ཏེ་འཆི་ཟིན། (ལྰ་མེག་གི་ལོ་བདུན་བརྒྱ་དང་བདུན་བཅུ་རྩ་བདུན་ལ་སླེབས་པ་ཡོད་མཁན། དེ་ནས་ཁོ་འཆི་ཟིན། ། འོ་འདྲ་བྱས་ཏེ་ལྰ་མེག་གསོན་པོར་བསྡད་དེ་ལོ་བདུན་བརྒྱ་དང་བདུན་བཅུ་རྩ་བདུན་ལ་འཆི་ཟིན། ། དེ་ནས་ལྰ་མེག་ལོ་བདུན་བརྒྱ་དང་བདུན་བཅུ་རྩ་བདུན་བསྡད་དེ་འཆི་ཟིན།) ༣༢ ནོ་ཨ་ལོ་ལྔ་བརྒྱ་སླེབ་པའི་གང་ནས་ཤེམ། ཧམ་དང་ཡ་ཕེད་སྐྱེ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.