༡ འོའི་དུས་ཚོད་ལ་ཨལ་ལོ་ཧིམ་གྱིས་ནོ་ཨ། ཁོ་མཉམ་པོ་གྲུ་གཟིངས་ཀྱི་ནང་ལ་ཡོད་པའི་ལུས་ཅན་གང་པོ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་གང་པོ་དང་རི་དྭགས་གང་པོ་ལ་དྲན་པ་གསོ་ཟིན། ཨལ་ལོ་ཧིམ་གྱིས་ས་གཞིའི་ཁ་ལ་ལྷག་པ་རླུང་བསེབ་གཏོང་ཟིན། དེ་ནས་ཆུ་ཉུང་འགྲོ་འགྲོ་ཅེས་འཛུགས་ཟིན། (ཆུ་འབྲི་ཅེས་འཛུགས་ཟིན།) ༢ གཏིང་རིང་པོའི་ཆུ་མིག་དང་གནམ་གྱི་སྒེ་ཁུང་ཡང་གཅོད་ཟིན། (བརྒྱབ་སྟེར་ཟིན།) གནམ་ལས་འབབ་མཁན་གྱི་དྲག་ཆར་ཡང་འཆད་ཟིན། ༣ སའི་ངོས་ལས་ཆུ་ཉུང་འགྲོ་ཉུང་འགྲོ་ཕྱིན་ཏེ། (ཆུ་རྒྱུན་དུ་ཕྱིན་ཏེ།) ཉི་མ་བརྒྱ་དང་ལྔ་བཅུའི་འགབ་ལས་(རྗེས་ལ་)ཆུ་ཉུང་འགྲོ་འགྲོ་ཟིན། ༤ ཟླ་བ་བདུན་པའི་ཚེས་བཅུ་བདུན་པའི་ཉི་མ་ལ་(ཟླ་བ་བདུན་པའི་ཉི་མ་བཅུ་བདུན་ལ་)ཨ་ར་རེད་སྨྲ་མཁན་གྱི་ཡུལ་གྱི་རི་ཁ་ལ་གྲུ་གཟིངས་འཁོད་ཟིན། ༥ དེ་ནས་ཟླ་བ་བཅུ་པ་ཐུག་ཆུ་ཉུང་འགྲོ་ཉུང་འགྲོ་འགྲོ་ཟིན། ཟླ་བ་བཅུ་པའི་ཚེས་དང་པོའི་ཉི་མ་ལ་(ཟླ་བ་བཅུ་པའི་ཉི་མ་དང་པོ་ལ་)རི་རྩེ་ཡ་འཐོན་ཟིན།།
༦ དེ་ནས་ཉི་མ་བཞི་བཅུའི་འགབ་ལས་(རྗེས་ལ་)ནོ་ཨས་ཀྱིས་གྲུ་གཟིངས་ལ་བྱས་པའི་དཀར་ཁུང་ཞིག་ཁ་ཕྱེ་སྟེ། ༧ བྱ་རོག་ཅིག་ལ་ཕྱི་ལ་གཏོང་ཟིན། དེ་ནས་ས་ལ་ཆུ་གང་པོ་མ་བསྐམས་པར་ཐུག་(ས་ལ་ཆུ་བསྐམས་པའི་བར་དུ་)འོ་བྱ་རོག་དེ་ཕར་ཚུར་ཕུར་ཏེ་སྡོད་ཟིན། ༨ དེ་ནས་ནོ་ཨས་ཀྱིས་ས་ལ་ཆུ་བསྐམས་པ་ནི་མ་བསྐམས་པ་སྨྲས་ཏེ་ལྟ་ཅེས་ལ་(ལྟ་ཅེས་ཀྱི་ཆེད་དུ་)འང་གུ་ཞིག་ལ་གཏོང་ཟིན། ༩ ཡིན་ནས་ས་གང་པོ་ལ་ད་རུང་ཆུ་ཡོད་པས་འོ་འང་གུ་དེ་ལ་རྐང་པ་འཛུགས་མཁན་གྱི་ས་ཆ་མ་ཐོབ་སྟེ་གྲུ་གཟིངས་ལ་ལོག་འོང་ཟིན། དེ་ནས་ནོ་ཨས་ཀྱིས་ཁོ་རང་གི་ལག་པ་བརྐྱངས་ཏེ་འོ་འང་གུ་དེ་ལ་བཟུང་སྟེ་གྲུ་གཟིངས་ཀྱི་ནང་ལ་ཡང་འཇོག་ཟིན། ༡༠ དེ་ནས་ཉི་མ་བདུན་ཐུག་བསྒུགས་ཏེ་ནོ་ཨས་ཀྱིས་འོ་འང་གུ་དེ་ལ་གཉིས་པར་གྲུ་གཟིངས་ལས་ཕྱི་ལོགས་ལ་གཏོང་ཟིན། ༡༡ འང་གུ་དེ་དགོང་མོའི་དུས་ལ་ནོ་ཨའི་རྩར་ལ་ལོག་སྟེ་འོང་ཟིན། ཁ་སྐྱུར་པོའི་ཤིང་གི་ལོ་མ་རློན་པ་ཞིག་མཆུ་ལ་འཐོགས་པ་མཐོང་བས་ནོ་ཨས་ཀྱིས་ས་ལ་ཆུ་སྐེམ་ཟིན་ནུག་སྨྲས་ཏེ་ཤེས་ཟིན། ༡༢ དེ་ནས་ཀྱང་ཉི་མ་བདུན་ཐུག་བསྒུགས་ཏེ་ནོ་ཨས་ཀྱིས་འང་གུ་དེ་ལ་གཏོང་ཟིན། ཡིན་ནས་ད་ལན་འོ་འང་གུ་དེ་ཁོའི་འགྲམ་ལ་མ་ལོག་ཟིན།།
༡༣ ནོ་ཨ་ལོ་དྲུག་བརྒྱ་དང་གཅིག་སླེབས་སོང་། འོ་ལོའི་ཟླ་བ་དང་པོའི་ཉི་མ་དང་པོ་ལ་ཆུ་ས་གཞིའི་ཁ་ལ་སྐེམ་ཟིན། དེ་ནས་ནོ་ཨས་ཀྱིས་གྲུ་གཟིངས་ཀྱི་ཁེབས་གཅོད་ཕུད་དེ་ཕར་ལ་ཚུར་ལ་ལྟ་བ་དང་ས་བསྐམས་ཏེ་ཕྱིན་པ་མཐོང་ཟིན། ༡༤ ཟླ་བ་གཉིས་པའི་ཉི་མ་ཉི་ཤུ་རྩ་བདུན་ལ་ས་གང་པོ་སྐེམ་ཟིན།། ༡༥ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ། ༡༦ ད་ཁྱོད། ཁྱོད་ཀྱི་ཆུང་མ། ཁྱོད་ཀྱི་བུ་ཡ་དང་ཁྱོད་ཀྱི་བུའི་ཆུང་མ་ཡ་ཁྱོད་མཉམ་པོ་གྲུ་གཟིངས་ལས་སོང་། (གྲུ་གཟིངས་ལས་འཐོན་དོང་།) ༡༧ ཁྱོད་མཉམ་པོ་ཡོད་པའི་ལུས་ཅན་གང་པོ། ལུས་ཅན་གང་པོའི་རིགས། བྱ་བྱིའུ། ཁྱིམ་ལ་འཚོ་མཁན་གྱི་དོད་འགྲོ་ཡ། རི་དྭགས་ཡ་དང་ས་ལ་རྒྱུ་མཁན་གྱི་ལྟོ་འགྲོ་སྲིན་འབུ་གང་པོ་ལ་ཁྱོད་མཉམ་པོ་ཕྱི་ལོགས་ལ་ཁྲིད། དེ་ནས་ཁོང་ས་ལ་འགྲུལ་ཆུག མང་འགྲོ་མང་འགྲོ་ཆགས་པར་ཤོག ས་གཞི་ལ་གང་བར་ཤོག སྨྲས་ཏེ། ཨལ་ལོ་ཧིམ་གྱིས། ༡༨ དེ་ནས་ནོ་ཨ། རང་གི་བུ་ཡ། ཆུང་མ་དང་བུའི་ཆུང་མ་ཡ་ཕྱི་ལོགས་ལ་འཐོན་ཟིན། ༡༩ རི་དྭགས་གང་པོ། ལྟོ་འགྲོ་སྲིན་བུ་གང་པོ། བྱ་བྱིའུ་གང་པོ་དང་ས་ལ་འགྲོ་མཁན་གང་པོ་རང་རང་གི་རིགས་ཅོག་འདྲ་གྲུ་གཟིངས་ཀྱི་ཕྱི་ལོགས་ལ་འཐོན་ཟིན།།
༢༠ ནོ་ཨས་ཀྱིས་ཡ་ཝྰེ་ལ་(ཡ་ཝྰེའི་ཆེད་དུ་)མཆོད་ཁྲི་ཞིག་བཟོས་ཏེ་རི་དྭགས་གཙང་མ་གང་པོ་དང་བྱ་བྱིའུ་གཙང་མ་གང་པོ་ལས་བླངས་ཏེ་མཆོད་ཁྲིའི་ཁ་ལ་སྦྱིན་སྲེག་ལ་འབུལ་ཟིན། ༢༡ ཡ་ཝྰེས་འོ་དེ་གི་དྲི་མ་ཞིམ་པོ་ཁ་ཟིན། དེ་ནས་ཁོའི་སེམས་ལ། མི་ཆད་མ་ཡོད་མཁན་ཡིན་འཇུག་རང་ཁོའི་སེམས་ཀྱི་བསམ་བློ་ནི་ངན་པ་འོང་མཁན། ཡིན་ནས་མིའི་ཆེད་དུ་ངས་ཀྱིས་ས་གཞི་ལ་གཉིས་པར་དམོད་མོ་མི་རྒྱབ་མཁན། ད་ལྟ་ཅོག་འདྲ་བྱས་ཏེ་ངས་ཀྱིས་ད་ནས་ཀྱང་ལུས་ཅན་གང་པོའི་རྒྱུན་མི་གཅོད་མཁན། ༢༢ ས་གཞི་ལུས་མཁན་ཐུག་སོན་འདེབས་མཁན་གྱི་དུས་དང་སྟོན་ཐོག འཁྱག་པོ་དང་ཚད་པ། དབྱར་ཀ་དང་དགུན་དང་། ཉིན་མོ་དང་གདོང་མོ་མི་གཅོད་མཁན། སྨྲས་ཏེ་ཡ་ཝྰེའི་སེམས་ལ་སྨྲ་ཟིན།། །།