མགོ་མ་ལེའུ་བཞི་པ།

 ཨ་དམ་རང་གི་བུད་མེད་འཚོ་བ་མཉམ་པོ་ལུས་འབྲེལ་བྱེད་ཟིན། མོ་རང་ལ་བུ་ཞིག་སྐྱེ་ཟིན། མོས་ཡ་ཝྰེས་ང་ལ་རོགས་བྱས་པས་བུ་ཞིག་སྐྱེ་ཟིན་སྨྲ་ཟིན། འོ་འདྲ་བྱས་ཏེ་མོས་འདི་བུའི་མིང་ལ་ཀ་ཡིན་འདོགས་ཟིན། ༼ཀ་ཡིན་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་བཀོད་པ་སྨྲས་པ་ཡིན་པ།༽  དེ་ན་ཀྱང་མོ་ལ་ཧ་བེལ་སྨྲ་མཁན་གྱི་བུ་ཞིག་སྐྱེ་ཟིན་ནུ། ཧ་བེལ་ལུག་རྫི་ཆགས་ཟིན། ཡིན་ནས་ཀ་ཡིན་ཞིང་པ་ཡིན་མཁན།  དུས་ཤིག་གི་རྗེས་ལ་ཀ་ཡིན་གྱིས་ཞིང་ལས་སྟོན་ཐོག་ཁྱེར་ཏེ་འོངས་ཏེ་ཡ་ཝྰེ་ལ་སྟེར་ཟིན།  དེ་ནས་ཧ་བེལ་གྱིས་རང་གི་ལུག་གི་ནང་ལས་སྔོན་སྐྱེས་དང་ཚིལ་འདི་ཁྱེར་ཏེ་འོང་ཟིན། ཡ་ཝྰེ་ཧ་བེལ་དང་ཁོའི་མཆོད་པ་ལ་སེམས་དགའ་ཟིན།  ཡིན་ནས་ཀ་ཡིན་དང་ཁོའི་མཆོད་པ་ལ་སེམས་མ་དགའ་པས། ཀ་ཡིན་ཚད་མེད་པ་གདོང་ནག་པོ་འགྲོ་ཟིན།  དེ་ནས་ཡ་ཝྰེས་ཀ་ཡིན་ལ་སྨྲ་ཟིན། ཁྱོད་ཅིའི་ཁྲོས་ཏེ་ཅི་ལས་གདོང་ནག་པོ་བཟོས་ཏེ།  ཁྱོད་ཀྱིས་བཟང་པོ་བྱེད་ན་ཁྱོད་ལ་དགའ་བ་འབྱོར་མཁན་ནམ། བཟང་པོ་མི་བྱེད་ན་ངོ་ལོག་ཁྱོད་ཀྱི་སྒོའི་འགྲམ་ལ་འོངས་ཏེ་བསྒུགས་ཡོད་མཁན། དེ་ནས་འོ་དེས་ཁྱོད་ལ་དབང་བྱེད་འདོད་ཡོད་མཁན། ཡིན་ནས་ཁྱོད་ཀྱིས་འོ་དེ་ལ་དབང་བྱེད་དགོས་མཁན།  དེ་ནས་ཀ་ཡིན་གྱིས་རང་གི་སྤུན་ཧ་བེལ་ལ་ཞིང་ལ་འགྲོ་སྨྲ་ཟིན། ཞིང་གི་དཀྱིལ་ལ་སླེབ་པ་གང་ལ་ཀ་ཡིན་གྱིས་རང་གི་སྤུན་ཧ་བེལ་ལ་འཁྲུག་པ་བརྒྱབ་སྟེ་གསོད་ཟིན།།

 ཡ་ཝྰེས་ཀ་ཡིན་ལ་སྨྲ་ཟིན། ཁྱོད་ཀྱི་སྤུན་ཧ་བེལ་ག་ན་ཡོད་སྨྲས་ཏེ་སྐད་ཆ་འདྲི་ཟིན། འོ་དེ་ལན་ལ་ཁོས་ངས་མི་ཤེས། ང་ངའི་སྤུན་གྱི་ལྟ་མཁན་ནམ་སྨྲས་ཏེ་ལན་རྒྱབ་ཟིན། ༡༠ དེ་ནས་ཨལ་ལོ་ཧིམ་གྱིས་ཁོ་ལ་སྨྲ་ཟིན། ཁྱོད་ཀྱིས་ཅི་བྱས་ཏེ། ཁྱོད་ཀྱི་སྤུན་གྱི་ཁྲག་གིས་ས་ལས་ང་ལ་སྐད་གཏོང་གོ་ནུ། ༡༡ ད་ཁྱོད་ལ་དམོད་མོ་བརྒྱབ་ཡོད་མཁན་དང་། ད་ལས་ཞིང་ལས་བྱེད་མི་ཁུག་མཁན། ཁྱོད་ཀྱིས་རང་གི་སྤུན་གསོད་པ་གང་ལ་ཞིང་རང་གི་ཁ་ཕྱེ་སྟེ་ཁྲག་འཐུང་ཟིན་དང་། རང་གི་སྤུན་གྱི་ཁྲག་གིས་ཞིང་ལ་སྦངས་ཏེ་ཡོད་མཁན། ༡༢ གལ་སྲིད་ཁྱོད་ཀྱིས་རྨོན་པ་བརྒྱབ་སྟེ་ཐབས་ཤེས་བྱེད་པ་ཡིན་ན་ཞིང་གིས་སྟོན་ཐོག་ཅི་ཡང་མི་སྟེར་མཁན། ཁྱོད་རང་ནི་ཁྱིམ་མེད་པ་འཛམ་བུ་གླིང་ནང་འཁྱམས་ཏེ་སྡོད་མཁན་གཅིག་ཆགས་འོང་སྨྲ་ཟིན། ༡༣ དེ་ནས་ཀ་ཡིན་གྱིས་ཡ་ཝྰེ་ལ་སྨྲ་ཟིན། ང་ལ་བསྟེར་བའི་ཉེས་པ་དཀའ་ལས་ཁག་པོ་འདི་ངས་བྱེད་མི་ཁུག ༡༤ །ཁྱོད་ཀྱིས་ང་ལ་ཞིང་དང་རང་གི་འགྲམ་ལས་བཏོན་པ་ཡིན་མཁན། ང་ནི་ཁྱིམ་མེད་པ་འཛམ་གླིང་ནང་འཁྱམས་ཏེ་བསྡད་ཡོད་མཁན། ང་ལ་སུ་ཐུག་ན་ཡང་སོད་ཤོག ༡༥ །ཡིན་ནས་ཡ་ཝྰེས་ཁོ་ལ། མིན་པ། ཀ་ཡིན་ལ་སུས་གསོད་ན་ཡང་འོ་དེ་ལ་ལན་བདུན་ལྡབ་ཉེས་པ་ཡོད་མཁན། དེ་ནས་ཀ་ཡིན་ལ་མི་གསོད་ཅེས་ལ་ཡ་ཝྰེས་ཀ་ཡིན་ལ་རྟགས་རྒྱབ་ཟིན།། 

༡༦ དེ་ནས་ཀ་ཡིན་ཡ་ཝྰེའི་གདོང་ལས་ཕྱིན་ཏེ་ཨེ་དེན་གྱི་ཤར་ཕྱོགས་ལ་ཡོད་པའི་ནོད་ཡུལ་ལ་སྡོད་ཟིན། ༡༧ དེ་ནས་ཀ་ཡིན་རང་གི་ཆུང་མ་མཉམ་པོ་ལུས་འབྲེལ་བྱེད་ཟིན། མོ་ལ་ཧ་ནོག་སྐྱེ་ཟིན། ཀ་ཡིན་གྱིས་རྒྱལ་ས་ཞིག་བཟོ་བ་གང་ལ་རང་གི་བུ་ཧ་ནོག་གི་མིང་ཅོག་འདྲ་འོ་རྒྱལ་ས་ལ་མིང་འདོགས་ཟིན། ༡༨ ཧ་ནོག་གི་བུ་ཨི་རད་དང་། ཨི་རད་ཀྱི་བུ་མ་ཧུ་ཡ་ཨལ་ཡིན་པ། མ་ཧུ་ཡ་ཨལ་གྱི་བུ་མ་ཐུ་ཤ་ཨལ་དང་། མ་ཐུ་ཤ་ཨལ་གྱི་བུ་ལ་མེག་ཡིན་མཁན།། 

༡༩ ལ་མེག་གིས་ཆུང་མ་གཉིས་ལེན་ཟིན། གཅིག་གི་མིང་ཨ་ད་དང་། གཅིག་གི་མིང་ཚི་ལ་ཡིན་མཁན། ༢༠ ཨ་ད་ལས་སྐྱེས་པའི་བུ་ཡ་བལ་ནི་གུར་ལ་བསྡད་དེ་དུད་འགྲོ་འཚོ་མཁན། ཁོ་གུར་ལ་སྡོད་མཁན་དང་། དུད་འགྲོ་འཚོ་མཁན་གང་པོའི་མགོ་པ་ཡིན་མཁན། ༢༡ ཁོའི་སྤུན་ཡུ་བལ་ནི་སྒྲ་སྙན་དང་གླིང་བུ་གཏོང་མཁན་ཡིན་པ། ཁོ་སྒྲ་སྙན་དང་གླིང་བུ་གཏོང་མཁན་གང་པོའི་མགོ་པ་ཡིན་མཁན། ༢༢ དེ་ནས་ཚི་ལ་ལ་ཐུ་བལ་ཀ་ཡིན་སྐྱེ་ཟིན། ཁོ་གྲི་རིགས་ཀྱི་ཁ་ཅན་གྱི་ལག་ཆ་རག་དང་ལྕགས་ལས་བཟོ་མཁན་ཡིན་པ། ཁོ་གྲི་རིགས་ཀྱི་ཁ་ཅན་གྱི་ལག་ཆ་རག་དང་ལྕགས་ལས་བཟོ་མཁན་གྱི་དགེ་རྒན་ཡིན་མཁན། ཐུ་བལ་ཀ་ཡིན་གྱི་སྲིང་མོ་ནི་ན་ཨ་མ་ཡིན་མཁན། ༢༣ དེ་ནས་ལ་མེག་གིས་རང་གི་ཆུང་མ་གཉིས་ལ་སྨྲ་ཟིན། ངའི་སྐད་ལ་ཉན་དོང་ཨ་ད་དང་ཚི་ལ། ང་ལ་རྨ་ཁ་བཟོ་མཁན་གྱི་མི་ཞིག་གསོད་ཟིན། ང་ལ་བརྒྱབ་སྟེ་སྐྲང་གི་ཆེད་དུ་ཤར་པ་ཞིག་གསོད་ཟིན། ༢༤ གལ་སྲིད་ཀ་ཡིན་གྱི་སྲོག་ལན་བདུན་འགྱུར་ལྡབ་འཕོག་ན། ལ་མེག་གི་ཆེད་དུ་བདུན་ཅུ་དང་བདུན་འཕོག་ཅེས་ཡོད། ༢༥ དེ་ནས་ཨ་དམ་རང་གི་ཆུང་མ་མཉམ་པོ་ཡང་ལུས་འབྲེལ་བྱེད་ཟིན། མོ་ལ་བུ་ཞིག་སྐྱེ་ཟིན། བུའི་མིང་ལ་ཤེད་འདོགས་ཟིན། ཅི་ལས་སྨྲ་ན། མོས། ཀ་ཡིན་གྱིས་བསད་པའི་ཧ་བེལ་གྱི་ཚབ་ལ་ཨལ་ལོ་ཧིམ་གྱིས་ང་ལ་བརྒྱུད་པ་གཞན་པ་འོང་འཇུག །སྨྲས་ཏེ་སྨྲ་ཟིན། ༼ཤེད་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་བསྐོས་དང་གུན་གསབ་སྨྲས་པ་ཡིན་པ།༽ ༢༦ ཤེད་ལ་ཡང་བུ་ཞིག་སྐྱེ་ཟིན། བུའི་མིང་ལ་ཨེ་ནོ་ཤ་འདོགས་ཟིན། འོ་ཙམ་གང་ལ་མི་ཡ་གིས་ཡ་ཝྰེའི་མིང་ལས་སྨྲ་ཅེས་འགོ་འཛུགས་ཟིན།། །།

Your encouragement is valuable to us

Your stories help make websites like this possible.