བུ་སྟོར་བ།

༄༅།། །བུ་སྤུན་གཉིས་ལ་དཔེ་བཞག་སྟེ་ཁྲིད་བཏབ་པ། །

༡༡ གཉིས་པར་ཡེ་ཤུ་བས་འདི་གཏམ་དཔེ་ཤོད་ཟིན།

ཨ་ཕ་གཅིག་དེ་བུ་གཉིས་ནུ་ལོ། ༡༢ བུ་ཆུང་བ་དེ་གིས། ཨ་ཕ། ངའི་འབྱོར་དགོས་མཁན་གྱི་ཕ་གཞི་ང་ལ་བགོས་སློངས། སྨྲས་ཏེ་སྨྲ་ཟིན་ནུ་ལོ། འོ་ལས་ཨ་ཕ་དེ་གིས་རང་གི་བུ་གཉིས་ཀ་ལ་རང་ཕ་གཞི་བགོས་སྟེར་ཟིན་ནུ་ལོ། ༡༣ ཉི་མ་གཉིས་ཙམ་འགབ་ལས་བུ་ཆུང་བ་དེ་གིས་ཁང་ས་ཞིང་ས་བཙོངས་ཏེ་རྒྱུ་གང་པོ་ཁྱེར་ཏེ་ལུང་པ་གཞན་པ་ལ་འགྲོ་ཟིན་ནུ་ལོ། འོ་ལ་ཁོས་སེམས་ལ་གང་གནས་བྱས་ཏེ་རང་མཉམ་པོ་ཡོད་མཁན་གྱི་རྒྱུ་གང་པོ་དབྱུག་ཟིན་ནུ་ལོ། ༡༤ ཁོའི་རྒྱུ་གང་པོ་རྫོགས་ཏེ་འགབ་ལས་འོ་ལུང་པ་ལ་མུ་གེ་ཡང་རྒྱབ་ཟིན་ནུ་ལོ། ཁོ་སྡུག་པོ་འཇིགས་པོ་མྱོང་ཟིན་ནུ་ལོ། ༡༥ སྡུག་པོ་མྱངས་ཏེ་ཁོ་འོ་ལུང་པའི་མི་གཅིག་གི་རྩར་ལ་ལས་ཀ་འཚོལ་འགྲོ་ཟིན་ནུ་ལོ། འོ་མིས་ཁོ་ལ་སྤང་ཁ་ཡ་ལ་ཕག་པ་ཡ་འཚོ་མཁན་གྱི་ལས་ཀ་སྟེར་ཟིན་ནུ་ལོ། ༡༦ ཁོ་གྲོད་པ་ལྟོགས་པ་ཁྱེར་ཏེ་ཕག་པས་ཟ་མཁན་གྱི་ཉ་ར་ཉོག་རོ་ཡང་ཟ་ཅེས་ཀྱི་སེམས་ལ་སྐྱེ་ཟིན་ནུ་ལོ། ཡིན་ནས་འོ་དེ་ཡང་ཟ་མ་མྱངས་ནུ་ལོ། ༡༧ འོ་ཙམ་དུས་ཚོད་ལ་ཁོའི་སེམས་ཤར་ཏེ་འོང་ཟིན། ངའི་ཨ་ཕའི་ཁང་པ་ལ་ལས་ཀ་བྱེད་མཁན་གྱི་མི་ཡ་གིས་བཟས་ཏེ་བཏུངས་ཏེ་ཡང་ལྷག་མཁན་ཐུག་ཡོད་པ། ང་ནི་འདི་ལ་གྲོད་པ་ལྟོགས་ཏེ་འཆི་ཅེས་བྱེད་ཀོ་ནུ། ༡༨ ད་ང་ཨ་ཕའི་རྩར་ལ་ལོག་ཕྱིན་ཏེ་སྨྲ་མཁན། ཨ་ཕ། ངས་ཡ་ཝྰེ་དང་རང་གི་མདུན་ལ་ངོ་ལོག་བྱེད་ཟིན། ༡༩ ད་ང་ལ་རང་གི་བུ་སྨྲ་མཁན་དེ་མི་གཤའ་མཁན། ང་ལ་རང་གི་རྫི་བོ་བཟོས་ཏེ་འཇོག་དོང་། སྨྲས་ཏེ་ཨ་ཕ་ལ་སྨྲ་མཁན། སྨྲས་ཏེ་ཁོའི་སེམས་ལ་སེམས་ཟིན་ནུ་ལོ། ༢༠ འོ་ལས་ཁོ་ཨ་ཕའི་ཁང་པ་ལ་ལོག་འགྲོ་མཁན་སྨྲས་ཏེ་ལམ་ལ་འཇུག་ཟིན་ལོ།

ཨ་ཕ་དེ་གིས་ཁོ་ལ་རྒྱང་རིང་པོ་ལས་རང་འོང་མཁན་མཐོང་ཟིན་ནུ་ལོ། རྒྱང་ལས་འོང་མཁན་མཐོང་སྟེ་ཨ་ཕའི་སེམས་ཞུས་ཏེ་འོངས་ཏེ་རང་གི་བུ་ལ་ཐུག་ཅེས་ལ་མཆོངས་ཏེ་ཕྱིན་ཏེ་བུ་ལ་བྲང་ཁོག་བཏབ་སྟེ་བརྩེ་བའི་འོ་བྱེད་ཟིན་ནུ་ལོ། ༢༡ འོ་ལས་བུས། ཨ་ཕ། ངས་ཡ་ཝྰེ་དང་རང་གི་མདུན་ལ་ངོ་ལོག་བྱས་པས། ད་ཨ་ཕའི་བུ་སྨྲ་མཁན་དེ་ང་ལ་མི་གཤའ་མཁན། སྨྲས་ཏེ་སྨྲ་ཟིན། ༢༢ འོ་ཙམ་ལ་ཨ་ཕས་རང་གི་གཡོག་པོ་ཡ་ལ་སྐད་བརྒྱབ་སྟེ་སྨྲ་ཟིན། མགྱོགས་པར་ཕྱིན་ཏེ་གང་པོ་སྨྲས་ཏེ་བཀབ་ཆ་ཡག་པོ། སོར་གདུབ་དང་ལྷམ་ཁྱོང་སྟེ་འོག་མ་ལ་བསྐོན་སྟེར་ཏོང་། ༢༣ གསོས་ཏེ་བཞག་པའི་བ་གླང་བེའུ་དེ་བསད་དེ་མགྲོན་ཟ་ཅེས་ལ་གྲ་སྒྲིག་བྱེད་ཏོང་། དེ་རིང་འོ་རང་འཛོམས་ཏེ་ཁམས་བཟང་པོ་བྱས་ཏེ་སྡོད་མཁན། ༢༤ ཅི་སྨྲ་ན། འདི་ངའི་བུ་འཆི་ཟིན་པ་ཡིན་མཁན། ཡིན་ནས་ཐར་ཏེ་འོང་ཟིན་ནུ། ཁོ་སྟོར་ཟིན་པ་ཡིན་མཁན། ཡིན་ནས་ལོག་འོང་ཟིན་ནུ། སྨྲས་ཏེ་ཨ་ཕས་སྨྲ་ཟིན། འོ་ལས་ཁོང་གང་པོ་འཛོམས་ཏེ་ཁམས་བཟང་པོར་བྱེད་ཅེས་འཛུགས་ཟིན།།

༢༥ འོ་ཙམ་གང་ལ་བུ་ཆེ་བ་དེ་ཞིང་ལས་ལོག་འོང་ཟིན་ནུ་ལོ། ཁང་པའི་འགྲམ་ལ་སླེབས་ཏེ་ཁོས་གླུ་ལེན་མཁན་དང་ཞབས་བྲོ་རྒྱབ་མཁན་ཐོས་ཟིན་ནུ་ལོ། ༢༦ ཁོས་གཡོག་པོ་གཅིག་ལ་སྐད་བརྒྱབ་སྟེ། ཁྱིམ་ལ་ཅི་བྱེད་ཀོ་ཡོད་དམ། སྨྲས་ཏེ་འདྲི་ཟིན། ༢༧ གཡོག་པོས། རང་གི་འོག་མ་ལོག་འོང་ཟིན་ནུ་བ། འོག་མ་ལ་ཡག་པོ། ཐང་པོ་ཐུག་མྱངས་པ་སོང་བས་རང་གི་ཨ་ཕས་གསོས་ཏེ་བཞག་པའི་བ་གླང་བེའུ་དེ་བསད་དེ་མགྲོན་བསྟེར་ཏེ་ཁམས་བཟང་པོར་བྱེད་ཀོ་ཡོད་པ། སྨྲས་ཏེ་ཤོད་ཟིན། ༢༨ འདི་གཏམ་ཐོས་ཏེ་འགབ་ལས་བུ་ཆེ་བ་ཞེ་སྡང་ལངས་ཏེ་ཁང་པའི་ནང་ལ་འོངས་མ་བསྟེར། འོ་ལས་ཨ་ཕ་དེ་ཕྱི་ལོགས་འོངས་ཏེ་ཁོ་ལ་སེམས་གསོ་གཏོང་ཅེས་འཚོལ་ཟིན་ནུ་ལོ། ༢༩ ཡིན་ནས་བུས་ནི་ཨ་ཕ་ལ་འདི་ཅོག་འདྲ་སྨྲས་ཏེ་ཁ་ལོག་ཟིན། འདི་ཙམ་ལོ་ཐུག་ངས་ཨ་ཕའི་ཁང་པ་ལ་གཡོག་པོ་ཅོག་འདྲ་བྱས་ཏེ་ལས་ཀ་བྱེད་ཟིན། ཨ་ཕས་བཏང་བའི་སྐད་ཆ་གང་པོ་ལ་ངས་ཉན་ཟིན། ཡིན་ནས་ང་ལ་ནི་རོགས་ཡ་མཉམ་པོ་ཚོགས་ཏེ་ཟ་ཅེས་ལ་ཨ་ཕས་ར་གཅག་ཀྱང་མ་བསྟེར། ༣༠ ཁོས་ནི་ཨ་ཕའི་རྒྱུ་གང་པོ་ཁྱེར་ཏེ་འཕྱོན་མ་ཞིག་ལ་བཏང་སྟེ་འཁྱོར་ཏོང་བྱས་ཏེ་སྡོད་ཟིན། འོ་ལས་ཁོ་ལོག་འོང་མཁན་གང་ལ་ཨ་ཕས་འདི་ཅོག་འདྲ་མགྲོན་ཆེན་པོ་སྟེར་ཀོ་ནུ། སྨྲས་ཏེ་བུ་ཆེ་བ་དེ་གིས་སྨྲ་ཟིན། ༣༡ འོ་ཙམ་ལ་ཨ་ཕ་དེ་གིས་སྨྲ་ཟིན། བུ། ཁྱོད་ནི་རྟག་པར་ང་མཉམ་པོ་ཡོད། ང་མཉམ་པོ་གང་ཡོད་མཁན་དེ་ཡང་ཁྱོད་དེ་ཡིན་པ། ༣༢ འོ་སོང་བས་དེ་རིང་ནི་འོ་རང་གིས་མགྲོན་བསྟེར་ཏེ་ཁམས་བཟང་པོར་བྱེད་དགོས་མཁན་ཡིན་པ། ཁྱོད་ཀྱི་འོག་མ་ནི་འཆི་ཟིན་པ་ཡིན་མཁན། ཡིན་ནས་ཁོ་ཐར་ཏེ་འོང་ཟིན་ནུ། ཁོ་སྟོར་ཟིན་པ་ཡིན་མཁན། ཡིན་ནས་ལོག་སྟེ་འོང་ཟིན་ནུ། སྨྲས་ཏེ་འོ་ཨ་ཕ་དེ་གིས་སྨྲ་ཟིན་ནུ་ལོ། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.