༄༅། །མགོ་མ།
༡ མགོ་མ་ཨལ་ལོ་ཧིམ་གྱིས་ནམ་མཁའ་དང་ས་གཞི་འགོད་ཟིན། ༢ ས་གཞི་ནི་སྟོང་པ། བཟོ་ལྟ་མེད་པ་དང་མཐོང་ཅེས་མེད་པ་ཡོད་མཁན། ཆུ་གཏིང་རིང་པོའི་ཁ་ལ་ནག་ཁུང་(ནག་ཚུབ་ཚུབ་ ། ནག་ཚུབ་པེ་)ཡོད་མཁན། ཨལ་ལོ་ཧིམ་གྱི་རྣམ་པར་དག་པའི་ཐུགས་ནི་ཆུ་ཡ་གི་ཁ་ལ་འགུལ་གཏོང་གོ་ཡོད་མཁན། ༣ དེ་ནས་ཨལ་ལོ་ཧིམ་གྱིས། འོད་(སྐྱ་སང་ངེ་)འོང་འཇུག སྨྲས་ཏེ། དེ་ནས་འོད་(སྐྱ་སང་ངེ་)འོང་ཟིན། ༤ ཨལ་ལོ་ཧིམ་གྱིས་མཐོང་བའི་འོད་དེ་ཡག་པོ་ནུག དེ་ནས་ཨལ་ལོ་ཧིམ་གྱིས་ནག་ཁུང་ལས་འོད་ལ་ཁ་འཕྲལ་ཟིན། ༥ ཨལ་ལོ་ཧིམ་གྱིས་འོད་ཀྱི་མིང་ལ་ཉིན་མོ་འདོགས་ཟིན། ནག་ཁུང་གི་མིང་ལ་དགོང་མོ་འདོགས་ཟིན། ནམ་སྲོས་ཏེ་ནམ་ལངས་ཏེ་ཉི་མ་དང་པོ་འགྲོ་ཟིན།། (རྒལ་ཟིན།།)
༦ དེ་ནས་ཨལ་ལོ་ཧིམ་གྱིས། ཆུ་ཡ་གི་དཀྱིལ་ལ་དབྱིངས་ཤིག་༼སྟོང་པའི་རྒྱ་ཞིག་༽རྒྱབ་འཇུག དེ་ནས་དབྱིངས་ཀྱིས་ཆུ་ཡ་ལས་ཆུ་ཡ་ལ་ཁ་འཕྲལ་འཇུག སྨྲས་ཏེ། ༧ དེ་ནས་ཨལ་ལོ་ཧིམ་གྱིས་དབྱིངས་བཟོ་ཟིན་པ་དང་། ཁོས་ཀྱིས་ཆུ་ཡ་དབྱིངས་ཀྱི་འོག་ལ་ཡོད་མཁན་དང་ཐོག་ལ་ཡོད་མཁན་གང་པོ་ཁ་འཕྲལ་ཟིན། དེ་ནས་འདི་འབྲལ་ཟིན། ༨ ཨལ་ལོ་ཧིམ་གྱིས་དབྱིངས་ཀྱི་མིང་ལ་གནམ་འདོགས་ཟིན། ནམ་སྲོས་ཏེ་ནམ་ལངས་ཏེ་ཉི་མ་གཉིས་པ་འགྲོ་ཟིན།།
༩ དེ་ནས་ཨལ་ལོ་ཧིམ་གྱིས། ཆུ་ཡ་གནམ་གྱི་འོག་ལ་ཡོད་པ་གང་པོ་ཁག་(རྒྱ་)གཅིག་ལ་མཉམ་པོ་འཛོམ་འཇུག དེ་ནས་སྐམ་ས་(ས་སྐམ་པོ་)ཆགས་འཇུག སྨྲས་ཏེ། དེ་ནས་འདི་ཆགས་ཟིན། ༡༠ ཨལ་ལོ་ཧིམ་གྱིས་སྐམ་ས་ལ་(ས་སྐམ་པོ་ལ་)ས་འདོགས་ཟིན། དེ་ནས་ཆུ་ཆེན་མོ་ཡ་ལ་(དེ་ནས་ཆུ་ཚོགས་པ་ལ་)རྒྱ་མཚོ་འདོགས་ཟིན། ཨལ་ལོ་ཧིམ་གྱིས་མཐོང་བའི་འདི་གང་པོ་ཡག་པོ་ནུག ༡༡ དེ་ནས་ཨལ་ལོ་ཧིམ་གྱིས། འོ་སས་ཀྱིས་རྩྭ་དང་། སོན་སྐྱེ་བའི་སྔོ་ཚོད་དང་། སོན་ཡོད་པའི་ཤིང་ཐོག་སྐྱེ་བའི་བཟའ་ཤིང་རང་རང་གི་རིགས་ཅོག་འདྲ་སྐྱེ་འཇུག སྨྲས་ཏེ། དེ་ནས་འདི་སྐྱེ་ཟིན། ༡༢ འོ་སས་ཀྱིས་རྩྭ་དང་། སོན་སྐྱེ་བའི་སྔོ་ཚོད་རང་རང་གི་རིགས་ཅོག་འདྲ་དང་། སོན་ཡོད་པའི་ཤིང་ཐོག་སྐྱེ་བའི་སྡོང་པོ་རང་རང་གི་རིགས་ཅོག་འདྲ་སྐྱེ་ཟིན། ཨལ་ལོ་ཧིམ་གྱིས་མཐོང་བའི་འདི་གང་པོ་ཡག་པོ་ནུག ༡༣ ནམ་སྲོས་ཏེ་ནམ་ལངས་ཏེ་ཉི་མ་གསུམ་པ་འགྲོ་ཟིན།།
༡༤ དེ་ནས་ཨལ་ལོ་ཧིམ་གྱིས། ནམ་མཁའི་དབྱིངས་ལ་འོད་ཡ་རྒྱབ་འཇུག ཉིན་མོ་དང་དགོང་མོ་ལ་ཁ་འཕྲལ་ཅེས་ལ། (ཁ་འཕྲལ་ཅེས་ཀྱི་ཆེད་དུ།) དེ་ནས་འོ་ཡ་རྟགས་ཡ་དང་། ནམ་དུས་ཡ། ཉི་མ་ཡ་དང་ལོ་ཡ་གི་དོན་དག་ལ་(ལོ་ཡ་གི་ཆེད་དུ་)རྒྱབ་འཇུག ༡༥ དེ་ནས་ནམ་མཁའི་དབྱིངས་ལ་འོད་ཡ་གིས་ས་གཞི་ལ་འོད་རྒྱབ་འཇུག (དེ་ནས་ས་གཞི་ལ་འོད་སྟེར་ཅེས་ཀྱི་ཆེད་དུ་ནམ་མཁའི་དབྱིངས་ལ་འོད་ཡ་རྒྱབ་འཇུག) སྨྲས་ཏེ། དེ་ནས་འདི་ཆགས་ཟིན། ༡༦ དེ་ནས་ཨལ་ལོ་ཧིམ་གྱིས་འོད་ཆེན་མོ་གཉིས་བཟོ་ཟིན། འོད་ཆེ་མས་ཉིན་མོའི་ཐོག་ལ་དབང་བྱེད་ཅེས། འོད་ཆུང་བས་དགོང་མོའི་ཐོག་ལ་དབང་བྱེད་ཅེས། ཁོས་ཀྱིས་སྐར་མ་ཡ་ཡང་བཟོ་ཟིན། ༡༧ དེ་ནས་ཨལ་ལོ་ཧིམ་གྱིས་ས་གཞི་ལ་འོད་འོང་འཇུག་ཅེས་ལ་(ས་གཞི་ལ་འོད་སྟེར་ཅེས་ཀྱི་ཆེད་དུ་)ནམ་མཁའི་དབྱིངས་ལ་འོད་ཡ་འཇོག་ཟིན། ༡༨ ཉིན་མོ་དང་དགོང་མོའི་ཐོག་ལ་དབང་བྱེད་ཅེས་ལ། དེ་ནས་འོད་ལས་ནག་ཁུང་ལ་ཁ་འཕྲལ་ཅེས་ལ་(ཁ་འཕྲལ་ཅེས་ཀྱི་ཆེད་དུ་)ནམ་མཁའི་དབྱིངས་ལ་འོད་ཡ་འཇོག་ཟིན། ཨལ་ལོ་ཧིམ་གྱིས་མཐོང་བའི་འདི་གང་པོ་ཡག་པོ་ནུག ༡༩ ནམ་སྲོས་ཏེ་ནམ་ལངས་ཏེ་ཉི་མ་བཞི་པ་འགྲོ་ཟིན། ༢༠ དེ་ནས་ཨལ་ལོ་ཧིམ་གྱིས། རྒྱ་མཚོའི་ཆུ་ལ་ལུས་ཅན་ཡ་གང་འཇུག གནམ་ལ་(ས་གཞིའི་ཐོག་ལ་ནམ་མཁའི་དབྱིངས་ལ་)བྱ་ཡ་འཕུར་འཇུག སྨྲས་ཏེ། དེ་ནས་འདི་ཆགས་ཟིན། ༢༡ ཨལ་ལོ་ཧིམ་གྱིས་རྒྱ་མཚོའི་ལུས་ཅན་ཆེན་མོ་ཡ། རྒྱ་མཚོའི་ནང་ལ་ལུས་ཅན་གང་པོ་རང་རང་གི་རིགས་ཅོག་འདྲ་དང་། བྱ་ཡ་རང་རང་གི་རིགས་ཅོག་འདྲ་འགོད་ཟིན། ཨལ་ལོ་ཧིམ་གྱིས་མཐོང་བའི་འདི་གང་པོ་ཡག་པོ་ནུག ༢༢ ཨལ་ལོ་ཧིམ་གྱིས་ཁོང་ལ་བྱིན་རླབས་སྟེར་ཟིན། དེ་ནས་ཁོང་ལ། མང་འགྲོ་མང་འགྲོ་ཆགས་པར་ཤོག རྒྱ་མཚོའི་ཆུ་ལ་གང་བར་ཤོག བྱ་ཡ་གནམ་ལ་གང་བར་ཤོག སྨྲས་ཏེ། ༢༣ ནམ་སྲོས་ཏེ་ནམ་ལངས་ཏེ་ཉི་མ་ལྔ་པ་འགྲོ་ཟིན།།
༢༤ དེ་ནས་ཨལ་ལོ་ཧིམ་གྱིས། འོ་སས་ཀྱིས་ལུས་ཅན་ཡ་རང་རང་གི་རིགས་ཅོག་འདྲ་སྐྱེ་འཇུག རི་དྭགས་ཡ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་ཡ། ལྟོ་འགྲོ་དང་འབུ་སྲིན་ཡ་རང་རང་གི་རིགས་ཅོག་འདྲ་སྐྱེ་འཇུག སྨྲས་ཏེ། དེ་ནས་འདི་ཆགས་ཟིན། ༢༥ དེ་ནས་ཨལ་ལོ་ཧིམ་གྱིས་རི་དྭགས་ཡ་རང་རང་གི་རིགས་ཅོག་འདྲ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་ཡ་རང་རང་གི་རིགས་ཅོག་འདྲ། ལྟོ་འགྲོ་དང་འབུ་སྲིན་ཡ་རང་རང་གི་རིགས་ཅོག་འདྲ་བཟོ་ཟིན། ཨལ་ལོ་ཧིམ་གྱིས་མཐོང་བའི་འདི་གང་པོ་ཡག་པོ་ནུག །
༢༦ དེ་ནས་ཨལ་ལོ་ཧིམ་གྱིས། ངེད་ཀྱིས་རང་གི་བཟུགས་བརྙན་(བཟོ་ལྟ་དང་པར་)ཅོག་འདྲ་ཡོད་པའི་མི་བཟོ་འཇུག དེ་ནས་ཁོང་གིས་རྒྱ་མཚོའི་ཉ་ཡ་དང་། གནམ་གྱི་བྱ་ཡ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ། ས་གཞི་གང་པོ། ལྟོ་འགྲོ་དང་འབུ་སྲིན་གང་པོའི་ཐོག་ལ་དབང་བྱེད་འཇུག སྨྲས་ཏེ། ༢༧ དེ་ནས་ཨལ་ལོ་ཧིམ་གྱིས་རང་གི་གཟུགས་བརྙན་ལ་(བཟོ་ལྟ་དང་པར་ལ་)མི་ནི་འགོད་ཟིན། ཨལ་ལོ་ཧིམ་གྱི་གཟུགས་བརྙན་ལ་མི་ནི་འགོད་ཟིན། སྐྱེས་པ་དང་སྐྱེས་མ་(ཁྱོ་བ་དང་ཁྱོ་མོ་ ། བུ་དང་བུ་མོ་)ཁོས་ཀྱིས་འགོད་ཟིན། ༢༨ ཨལ་ལོ་ཧིམ་གྱིས་ཁོང་ལ་བྱིན་རླབས་སྟེར་ཟིན། དེ་ནས་ཁོང་ལ། མང་འགྲོ་མང་འགྲོ་ཆགས་པར་ཤོག ས་གཞི་ལ་གང་བར་ཤོག ས་གཞིའི་དཔོན་པོ་བྱོས། རྒྱ་མཚོའི་ཉ་ཡ། གནམ་གྱི་བྱ་ཡ་དང་ས་གཞི་ལ་རྒྱུ་མཁན་གྱི་ལུས་ཅན་གང་པོའི་ཐོག་ལ་དབང་བྱེད་འཇུག སྨྲས་ཏེ།
༢༩ དེ་ནས་ཨལ་ལོ་ཧིམ་གྱིས། ལྟོས་དང་། ངས་ཀྱིས་ཁྱེད་ལ་ས་གཞི་ལ་ཡོད་པའི་སོན་སྐྱེ་བའི་སྔོ་ཚོད་གང་པོ་དང་སོན་ཡོད་པའི་ཤིང་ཐོག་སྐྱེ་བའི་སྡོང་པོ་གང་པོ་སྟེར་མཁན། འོ་ཡ་ཁྱེད་ལ་ལྟོ་ཡིན་མཁན། (འོ་ཡ་ཁྱེད་ཀྱིས་ཟ་ཅེས་ཀྱི་ཆེད་དུ་ཡིན་མཁན།) ༣༠ དེ་ནས་ངས་ཀྱིས་ས་ལ་འགྲོ་མཁན་གྱི་དུད་འགྲོ་གང་པོ་དང་། གནམ་གྱི་བྱ་གང་པོ། ལྟོ་འགྲོ་དང་འབུ་སྲིན་གང་པོ་ལ། ལྟོའི་ཆེད་དུ་(ཟ་ཅེས་ཀྱི་ཆེད་དུ་)སྔོ་ཚོད་སྔོན་པོ་གང་པོ་སྟེར་མཁན། སྨྲས་ཏེ། དེ་ནས་འདི་ཆགས་ཟིན། ༣༡ ཨལ་ལོ་ཧིམ་གྱིས་ཁོ་རང་གིས་བཟོས་པ་གང་པོ་ལ་མཐོང་ཟིན་ནུག འདི་ལྟ་བ་རང་ཡག་པོ་མཐོང་ཟིན་ནུག ཚད་མེད་པ་ཡག་པོ་ནུག ནམ་སྲོས་ཏེ་ནམ་ལངས་ཏེ་ཉི་མ་དྲུག་པ་འགྲོ་ཟིན།། །།